ཁ་མཆུ་ཨང་ ༢༣ པ་དང་འབྲེལ་བའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མཐའ་མའི་ཐག་གཅོད་དང་བཅད་ཁྲ།

2 hours ago

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༡ ཉིན། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་གྱི་ཁྲིམས་ཡིག་དོན་ཚན་ ༥༠ པའི་དགོངས་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་ཐག་གཅོད་དང་བཅད་ཁྲ་ཁྱབ་བསྒྲགས་གནང་སོང་ཞིང་། བཅད་ཁྲའི་ནང་། ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ལགས་ནི་ཁེ་ན་ཊའི་མི་སེར་ཡིན་པ་དང་། ཁོང་སྦེལ་ཀོབ་ས་གནས་སུ་གནས་སྐབས་བསྡད་པ་ཙམ་ལས་ཁྲིམས་སྒྲིག་ནང་གསལ་བའི་གཏན་འཇགས་གནས་སྡོད་ཀྱི་ཆ་རྐྱེན་ཚང་མེད་པར་བརྟེན། ཁོང་རྒྱ་བལ་འབྲུག་གསུམ་གྱི་ཁོངས་ནས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་འོས་གཞིར་ཞུགས་མི་ཆོག་པ་དང་། འོས་ཤོག་འཕེན་མི་ཆོག་པའི་མཐའ་མའི་བཅད་ཁྲ་བཏང་གནང་སོང་། །
Watch on YouTube