བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༦།༡༠།༢༣ 𝗧𝗶𝗯𝗲𝘁 𝗧𝗵𝗶𝘀 𝗪𝗲𝗲𝗸(𝗧𝗶𝗯𝗲𝘁𝗮𝗻) Oct. 23, 2026

3 hours ago

◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ། ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ལ་མཇལ་ཁ་སྩལ་བ། ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་མ་དང་བཙུན་མ་རྣམས་ལ་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་གསོལ་འདེབས་ལྗགས་ལུང་སྩལ་བ། ◆ རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་གྱི་བོད་པའི་སྐད་ཡིག་གཙོ་གཉེར་གྱི་སློབ་གྲྭ་གསུམ་བཙན་དབང་གིས་སྒོ་བརྒྱབ་པ། ◆ རྒྱ་ནག་གཞུང་གིས་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་ལགས་སུ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ། ◆ བོད་ཀྱི་སྦྲ་ཆེན་རྫོང་ཁོངས་སུ་ས་ཡོམ་གྱི་གོད་ཆག་བྱུང་བར་བོད་མིའི་སྒྲིག་འཛུགས་ནས་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་བ། ◆ བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཕེབས་ཞུགས་གནང་བ། ◆ དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཨོ་གླིང་སྐུ་ཚབ་དོན་གཅོད་དང་། བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཐའེ་ཝན་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བ། #dalailama#TibetansforTibet #centraltibetanadministration #dailynews #tibettv#weeklynews #TibetMatters#TibetanIdentity
Watch on YouTube