ཕྱི་ལོ་༢༠༢༦ཟླ་༨ཚེས་༦ཉིན།མེའོ་ཆོས་འཕེལ་གླིང་བོད་མི་གཞིས་ཆགས་སུ་གནས་སྡོད་བསྟན་འཛིན་དབང་འདུས་དང་ཁོང་གི་བཟའ་ཟླ་ཟླ་བ་ཆོས་སྒྲོན་རྣམ་གཉིས་ཀྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེ་བཞུགས་སྒར་དྷ་སར་མཇུག་སྒྲིལ་གནང་སོང་། ཁོང་གཉིས་ཀྱིས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ལ་རྗེས་དྲན་དང་། བོད་རང་བཙན་འཐབ་རྩོད་ཆེད། ཕྱི་ལོ་༢༠༢༦ཟླ་༧ཚེས་༢༣ཉིན། མེའོ་ཆོས་འཕེལ་གླིང་བོད་མི་གཞིས་ཆགས་ནས་བཞུགས་སྒར་དྷ་སར་བར་གྱི་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་འགོ་འཛུགས་གནང་ཡོད་པ་རེད། ཁོང་གཉིས་བཞུགས་སྒར་དྷ་སར་འབྱོར་སྐབས།གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་ཉུང་ཤས་ཤིག་གིས་ཕེབས་བསུ་ཞུས་སོང་། ལྷག་པར་དུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་གཅེས་དཔའ་བོའི་མངོན་འདོད་རྒྱུན་མཐུད་ཟས་བཅད་ངོ་རྒོལ་གྱི་ཉིན་༡༩པར་མཉམ་ཞུགས་གནང་མཁན་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་དང་དབང་འདུས་རྡོ་རྗེ་དང་། ག་རྒྱ་རྒྱལ་མཚན་ཆོས་སྐྱིད་བཅས་ཀྱིས་ཁ་བཏགས་གཡོགས་ནས་ཕེབས་བསུ་ཞུས་སོང་། ཁོང་གཉིས་ཀྱིས་ལས་འགུལ་ཁྲོད་མི་མང་རྣམས་ལ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་སྐོར་དང་།
The post བཟའ་ཚང་གཉིས་ཀྱིས་རྒྱ་གར་གྱི་མངའ་སྡེ་བརྒྱད་ནང་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ། appeared first on བོད་ཀྱི་བང་ཆེན།.




