བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པའི་མི་ལོ་ ༥༠ ཡི་བྱུང་རབས་ལ་ཕྱིར་མིག་ལྟ་བ།

4 hours ago

ལས་རིམ་འདི་ནི། བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་སྟོན་ཁྱད་པར་ཅན་དང་བསྟུན། གཙོ་བོ་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ་འདི་གསར་འཛུགས་ཀྱི་དམིགས་ཡུལ་དང་སྔ་དུས་ཀྱི་དཀའ་ངལ། རིག་གཞུང་རྒྱུན་འཛིན་དང་ན་གཞོན་སྒྱུ་རྩལ་བ་གསོ་སྐྱོང་གི་གལ་གནད། གར་སྟེགས་རྒྱབ་ཀྱི་སྒྱུ་རྩལ་བ་ཚོའི་དངོས་ཡོད་ཀྱི་དཀའ་ངལ་དང་སྒེར་གྱི་བློས་བཏང་། དེ་བཞིན་ཚོགས་པའི་དཔལ་འབྱོར་རྒྱུན་གནས་ཀྱི་དཀའ་ངལ་དང་བལ་ཡུལ་གྱི་ཆབ་སྲིད་ཁོར་ཡུག་གི་གནོན་ཤུགས། འདས་པའི་ལོ་ངོ་ལྔ་བཅུའི་ནང་གི་གྲུབ་འབྲས་དང་མ་འོངས་པར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པའི་འཆར་སྣང་སོགས་དང་འབྲེལ་བའི་གནད་དོན་མང་དག་ཅིག་གི་སྐོར་ལ། ཚོགས་པ་འདིའི་སྔ་ཕྱིའི་བྱུང་རབས་དང་རྒྱུད་རིམ་ལ་རྒྱུས་མངའ་ཅན་ཚོགས་གཙོ་ཟུར་པ་དང་། ད་ལྟའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཁང་དཀར་དབང་ཕྱུག་ལགས་དང་ལྷན་དུ་གླེང་མོལ་ཞུས་པ་ཞིག་ཡིན། །
Watch on YouTube