བོད་ཀྱི་ན་གཞོན་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གཉིས་པ་སྦེལ་ཀོབ་གཞིས་ཆགས་ལ་ཚོགས་བཞིན་པ།

5 hours ago

བོད་ཀྱི་ན་གཞོན་ཞིབ་འཇུག་པའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་དེ་རིང་ཕྱི་ལོ་༢༠༢༦ ཟླ་༡༡ ཚེས་༢ ཉིན་ཀར་ན་ཀ་མངའ་སྡེའི་བྷེ་ལ་ཀུ་པེ་རུ་འཚོག་འགོ་ཚུགས་ཡོད། ཚོགས་ཆེན་འདི་ནི་བོད་ཀྱི་སྲིད་ཇུས་ཞིབ་འཇུག་ཁང་གིས་གོ་སྒྲིག་བྱས་པ་ཞིག་ཡིན་ཞིང་། ཚེས་༤ བར་ཉིན་གསུམ་རིང་འཚོག་རྒྱུ་རེད། ཚོགས་ཆེན་འདིའི་ནང་གཞོན་ནུ་ཞིབ་འཇུག་པ་ཚོས་བོད་ཀྱི་ལོ་རྒྱུས། རིག་གཞུང་། སྐད་ཡིག ཤེས་ཡོན། སྲིད་དོན་དང་སྤྱི་ཚོགས་སོགས་ཀྱི་ཞིབ་འཇུག་དཔྱད་རྩོམ་སྤེལ་རེས་དང་། ཤེས་ཡོན་གྱི་ཉམས་མྱོང་བརྗེ་རེས། མ་འོངས་པའི་ཞིབ་འཇུག་ལས་དོན་ལ་བགྲོ་གླེང་བྱེད་ཀྱི་ཡོད།
Watch on YouTube