བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གསུམ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།

2 hours ago

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ། བོད་ཀྱི་ཟློས་གར་ཚོགས་པ་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བལ་ཡུལ་བོད་ཀྱི་ལྷ་མོའི་ཚོགས་པ་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སང་ཉིན་ཕྱི་ཟླ་ ༡༠ ཚེས་ ༢༡ ལྷག་དཀར་ཉིན་མོར། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་ལྟར། འདི་གའི་བོད་ཀྱི་རླུང་འཕྲིན་ཁང་ནས་བརྟན་བཞུགས་དང་འབྲེལ་བའི་མཛད་རིམ་གཞན་ཁག་གི་སྐོར་ལ་ བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་ཡོད།
Watch on YouTube