བོད་ནག་ཆུའི་ས་ཡོམ་གོད་ཆག་དང་གཞུང་འབྲེལ་མཆོད་འབུལ་སྨོན་ལམ།

3 hours ago

ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༢ མཚན་མོར་བོད་ནག་ཆུ་སྦྲ་ཆེན་རྫོང་དུ་འགུལ་ཚད་རིམ་པ་ ༧ ཅན་གྱི་ས་ཡོམ་ཤུགས་ཆེན་ཞིག་བརྒྱབ་སྟེ། ད་ལྟའི་ཆར་ཉུང་མཐར་མི་ ༢༠ རྐྱེན་འདས་དང་ ༦༤ ལྷག་ལ་རྨས་སྐྱོན། དེ་བཞིན་མི་མང་ཁྲི་ལྷག་ཉེན་གཡོལ་དུ་གནས་དགོས་བྱུང་བ་མ་ཟད། ས་གནས་སུ་འགྲིམ་འགྲུལ་དང་བརྡ་འཕྲིན་ཆད་པ། རྒྱ་ནག་གཞུང་གིས་བོད་མི་དང་བླངས་མྱུར་སྐྱོབ་པར་བཀག་འགོག་དང་དངོས་ཡོད་གནས་ཚུལ་སྦས་གསང་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་ཅིང་། གོད་ཆག་དེ་དང་འབྲེལ་ནས་དེ་རིང་ཕྱི་ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ནས་ལས་མཚམས་བཞག་སྟེ། སྲིད་སྐྱོང་མཆོག་གིས་དབུས་པའི་སེར་སྐྱ་མང་ཚོགས་ལྷན་འཛོམས་ཀྱིས་བཞུགས་སྒར་དུ་གདུང་སེམས་མཉམ་སྐྱེད་ཀྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་གནང་ཡོད་ལ། སྐབས་དེར་སྲིད་སྐྱོང་མཆོག་གིས་མྱུར་སྐྱོབ་དུས་ཐོག་མི་འབྱོར་བ་དང་ཆུ་མཛོད་སྐྱོན་ཆགས་ཉེན་ཁ། རྒྱ་ནག་གཞུང་གིས་གནས་ཚུལ་དམ་དྲག་དང་སྦས་གསང་བྱེད་པར་ཐུགས་འཚབ་ཆེན་པོ་གནང་བ་དང་སྦྲགས། ༧གོང་ས་མཆོག་ལའང་སྙན་སྒྲོན་ཞུས་ཟིན་ཏེ་མགོན་པོ་གང་ཉིད་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཐུགས་སྨོན་མཚམས་སྦྱོར་གནང་བཞིན་ཡོད་པ་ཡང་གསུངས་གནང་སོང་། །
Watch on YouTube