མཆོད་འཇོར་མི་མང་གི་འོས་བསྡུའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་གཏུག

3 days ago

བལ་ཡུལ་མཆོད་འཇོར་མི་མང་གི་སྐུ་ཚས་ནས་དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་བྱེ་བཞིན་འདུག ཉེ་ལམ་བཙན་བྱོལ་བོད་མིའི་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་བྱེད་ཕྱོགས་དང་འབྲེལ། བལ་ཡུལ་ནང་འོས་བསྡུ་བྱེད་སྐབས་མཆོད་འཇོར་ས་གནས་ཀྱིས་འོས་བསྡུའི་སྒྲིག་གཞི་དང་འགལ་འཛོལ་བྱུང་བའི་རྒྱུ་མཚན་དྲངས་ཏེ། མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་བཀག་དཀྱིལ་བྱས་ཡོད་ཅིང་། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༥ ཉིན། བལ་ཡུལ་མཆོད་འཇོར་མི་མང་གི་སྐུ་ཚབ་རྡ་རམ་ས་ལར་ཆེད་བཅར་གྱིས། དབུས་འོས་བསྡུ་ལས་ཁང་གིས་བལ་ཡུལ་མཆོད་འཇོར་མི་མང་གི་འོས་བསྡུའི་ཐོབ་ཐང་བཀག་དཀྱིལ་བྱས་པ་ནི་འགྲིག་མིན་གྱིས། དབུས་འོས་བསྡུ་ལས་ཁང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་བྱེད་འགོ་བཙུགས་སོང་།
Watch on YouTube