མི་རབས་གསར་པའི་ཞི་རྒོལ་ལས་འགུལ་སྤེལ་ནས་ལོ་ངོ་༤༠འཁོར་བ།
མི་རབས་གསར་པའི་ཞི་རྒོལ་ལས་འགུལ་ཞེས་པ་འདི་ད་ནས་རྩིས་པའི་ལོ་ངོ་༤༠སྔོན་ལ་བོད་ནང་གི་མི་རབས་གསར་པ་ཚོས་རྒྱ་ནག་གཞུང་གི་བཙན་འཛུལ་ལ་ངོ་རྒོལ་འགོ་འཛུགས་བྱས་པའི་ཐོག་མར་ཕྱི་ལོ་༡༩༨༧ ཕྱི་ཟླ་ ༩ ཚེས་ ༢༧ རེས་གཟའ་ཉི་མའི་ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་༢༡ གིས་སྣེ་འཁྲིད་ནས་འགོ་འཛུགས་བྱས་ཡོད་པ་དང་། སྐབས་དེར་ལས་འགུལ་སྣེ་འཁྲིད་གནང་མཁན་གྱི་གྲས་སུ་ཡོད་པ་འབྲས་སྤུངས་དགོན་པའི་དགེ་མདུན་པ་ངག་དབང་འོད་འབར་ལགས་ཀྱིས་༡༩༨༩ ཕྱི་ཟླ་ ༣ ནང་རྒྱ་ནག་གཞུང་གིས་བོད་མི་༤༦༩དམར་བསོད་བཏང་ཡོད་པ་གསུངས་སོང་།
གཞི་རྩའི་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པའི་རྗེས་སུ་ཕྱི་ལོ་ ༡༩༨༧ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་མི་རབས་གསར་པའི་ཞི་བའི་ལས་འགུལ་གོ་སྒྲིག་བྱས་ནས་འདི་ལོ་ལོ་ངོ་ ༤༠ འཁོར་གྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ཁ་སང་ཕྱི་ཟླ་ ༩ ཚེས་ ༡༥ ཉིན་"མི་རབས་གསར་པའི་ཞི་རྒོལ་ལས་འགུལ་" ཞེས་པའི་བརྗོད་གཞིའི་ཐོག་དུས་ཐུང་འགྲེམས་སྟོན་ཞིག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་སོང་།





