མི་ལོ་བརྒྱའི་སྔོན་གྱི་བོད་ཀྱི་གནས་བབ་མཚོན་པའི་དེབ་བོད་འགྱུར་མ་དབུ་འབྱེད།
མི་ལོ་བརྒྱའི་གོང་དུ་ནུབ་ཕྱོགས་སུ་མནའ་མར་ཕེབས་མཁན་བོད་ཀྱི་བུད་མེད་ཅིག་གིས་དབྱིན་ཡིག་ཏུ་ལྗགས་རྩོམ་གནང་ཞིང་། དེ་སྔ་ནུབ་ཕྱོགས་པས་བོད་ཀྱི་སྐོར་ལ་དངོས་ཡོད་དང་མི་མཐུན་པའི་འགྲེལ་བཤད་བརྒྱབ་པ་རྣམས་ལ་ལན་འདེབས་ར་སྤྲོད་དང་། ལྷག་པར་དུ་བོད་ས་མ་ཤོར་གོང་གི་བོད་རང་དབང་གི་གནས་བབ་ངོ་མ་དང་། དངོས་ཡོད་སྤྱི་ཚོགས་ཀྱི་རྣམ་པ་འཛམ་གླིང་ལ་ཐོག་མར་ངོ་སྤྲོད་གནང་མཁན་གྱི་དཔེ་དེབ་ We Tibetans ཞེས་པ་བརྩམས་ནས་མི་ལོ་ཧྲིལ་པོ་བརྒྱ་འཁོར་བའི་དུས་མཚམས་དང་བསྟུན། དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཟུར་པ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་ཞིབ་འཇུག་གི་རང་བཞིན་ལྡན་པའི་སྒོ་ནས་བོད་སྒྱུར་གནང་བའི་དཔེ་དེབ། ང་ཚོ་བོད་པ། ཞེས་པ་དེ་བོད་ཀྱི་དཔེ་མཛོད་ཁང་དུ་དབུ་འབྱེད་གནང་སོང་། །





