མོན་གྷོ་ནོར་བུ་རིར་ལྷག་དཀར་ཞལ་ལག་རིན་མེད་ཞབས་ཞུ།

3 hours ago

རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ནོར་བུ་རིར། ཕྱི་ལོ་ ༢༠༢༣ ལོ་ནས་བཟུང་གཟའ་ལྷག་པ་རེ་བཞིན་མི་གྲངས་ ༣༥༠ ལྷག་ལ་རིན་མེད་ཞོགས་ཟས་དང་ཉིན་གུང་ཞལ་ལག་འབུལ་བའི་བཟང་སྤྱོད་ཀྱི་ལས་རིམ་ཞིག་སྤེལ་བཞིན་ཡོད། དེ་ནི་བྲག་ཡབ་ཆུང་ཚང་རིན་པོ་ཆེ་མཆོག་གིས་དབུ་འཛུགས་གནང་ཞིང་། ཁོང་གི་ཡབ་ཚེ་རིང་དབང་འདུས་ལགས་ཀྱིས་འཛིན་སྐྱོང་ཕྱག་རོགས་གནང་བཞིན་པའི་ལས་གཞི་འདིས། བོད་རྒྱ་གཉིས་ཀྱི་མཐུན་ལམ་དང་སྤྱི་ཚོགས་ལ་ཕན་བདེ་ཆེན་པོ་བསྐྲུན་བཞིན་ཡོད། འདིའི་སྐོར་ས་གནས་མང་ཚོགས་དང་རྒྱ་གར་ཡུལ་མི་སོགས་ཀྱིས་བསམ་ཚུལ་ག་རེ་བརྗོད་ཡོད་མེད། གསར་འགོད་པ་་རྒྱལ་མཚན་ཆོས་གྲགས་ཀྱིས་བཏང་བའི་གསར་འགྱུར་ལ་གསན་རོགས།
Watch on YouTube