རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཡུ་རོབ་གྲོས་ཚོགས་ཀྱི་སྙན་ཐོ།

2 hours ago

ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ ༤༥༤ ཡི་རྒྱབ་སྐྱོར་ཐོག་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་གཏན་འབེབས་བྱས་པའི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་ནང་མི་རིགས་བཙན་སྒྱུར་གྱི་སྲིད་བྱུས་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ནན་པོ་བྱས་ཡོད་འདུག་ལ། སྙན་ཐོ་དེའི་ནང་བོད་ཕྲུག་ས་ཡ་གཅིག་ཙམ་ཧན་མི་རིགས་ཀྱི་རིག་གཞུང་ནང་བཙན་སྒྱུར་བྱེད་པའི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། བོད་མིའི་ཆོས་དད་རང་དབང་ལ་བརྩི་བཀུར་གྱིས་༧སྐུའི་ཡང་སྲིད་ལ་ཐེ་བྱུས་མི་ཆོག་པ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་མེད་པར་གློད་བཀྲོལ་གཏོང་དགོས་པ། དེ་བཞིན་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་རང་དབང་ཐོག་བོད་ནང་འགྲོ་སྐྱོད་ཆོག་པ་བཟོ་དགོས་པའི་དགོས་འདུན་སོགས་བཏོན་གནང་འདུག དུས་མཚུངས། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་བྱེད་སྐབས་བོད་ཀྱི་ཛ་དྲག་གནས་སྟངས་གླེང་སློང་བྱེད་དགོས་པ་དང་སྦྲགས། ཡུ་རོབ་མཐུན་ཚོགས་ཀྱི་ས་ཁོངས་སུ་ཡོད་པའི་རྒྱ་ནག་གི་ཁྲིམས་འགལ་ཉེན་རྟོག་ས་ཚིགས་ཡོངས་རྫོགས་འཕྲལ་དུ་སྒོ་བརྒྱག་དགོས་པའི་ནན་སྐུལ་ཡང་བྱས་ཡོད་འདུག །
Watch on YouTube