རྒྱ་ནག་གི་མི་རིགས་མཐུན་སྒྲིལ་བཅའ་ཁྲིམས་ཞེས་པར་ངོ་རྒོལ་གྱི་གོམ་བགྲོད་ལས་འགུལ།

5 hours ago

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༣༠ ཉིན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་གིས། རྒྱ་ནག་གཞུང་གི་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ ཟེར་བར་ངོ་རྒོལ་ཆེད། བཞུགས་སྒར་རྡ་རམ་ས་ལ་ནས་ཧ་རི་ཡ་ན་མངའ་སྡེའི་ལོ་རྒྱུས་ལྡན་པའི་གྲོང་ཁྱེར་ཀུ་རུག་ཤེ་ཏ་རཱ་ (Kurukshetra) བར་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་དབུ་འཛུགས་གནང་སོང་ཞིང་། ལས་འགུལ་དེ་ཡད་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོང་གི་རྒྱལ་སྒོའི་མདུན་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དབུ་འབྱེད་བསྐྱངས་གནང་སོང་། །
Watch on YouTube