Ancient Tibetan Court Dance Garlu Takes Centre Stage at TIPA's Yarkyi

3 weeks ago

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་གཏན་འབེབས་གཅིག་འགྱུར་མཛད་པའི་བོད་ཀྱི་གར་གླུའི་སྒྱུ་རྩལ་བསྐྱར་གསོ་དང་དབྱར་སྐྱིད་འགྲན་བསྡུར་གནང་བ། Ancient Tibetan Court Dance Garlu Takes Centre Stage at TIPA's Yarkyi དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༡༡ ཉིན། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༧ འཁོར་བའི་མཛད་སྒོ་དང་བསྟུན། ཟློས་གར་སྒྱུ་རྩལ་བ་ནང་ཁུལ་རྔོན་པ་དང་རྒྱ་ལུ་རུ་ཁག་གཉིས་བར་དབྱར་སྐྱིད་ཀྱི་རིག་གཞུང་འགྲན་བསྡུར་གནང་སོང་ཞིང་། ད་ལོའི་འགྲན་བསྡུར་གྱི་དམིགས་བསལ་ཁྱད་ཆོས་གཙོ་བོ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་གཅིག་འགྱུར་གཏན་འབེབས་མཛད་པའི་གཞུང་འབྲེལ་མཛད་སྒོའི་གར་གླུ་བསྐྱར་གསོ་དང་འབྲེལ། དབྱར་སྐྱིད་ནང་གར་གླུའི་འགྲན་བསྡུར་ཐོག་མར་གནང་བ་དེ་ཆགས་ཡོད་པ་རེད་འདུག་ལ། དེ་མཚུངས་རུ་ཁག་སོ་སོས་ཟློས་གར་སྒྱུ་རྩལ་གཞན་གོ་སྟོན་བསྟོད་དབྱངས་དང་ཁམས་བྲོ་སོགས་སྒྱུ་རྩལ་རྣམ་གྲངས་མི་འདྲ་བ་བཞི་རེའི་ཐོག་འགྲན་བསྡུར་གནང་མཐར། རྒྱ་ལུ་རུ་ཁག་ལ་བརྒྱ་ཆ་ ༣༩༠.༨༦ ཐོབ་སྟེ་མཐའ་མའི་རྒྱལ་ཁ་ཐོབ་སོང་། ཕྱོགས་མཚུངས་ཉེ་ལམ་བོད་དོན་ཆེད་རང་ལུས་མེར་སྲེག་གནང་མཁན་བློ་དགའ་ལགས་ཀྱིས་གཙོས་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་གནང་མཁན་ཡོངས་དང་། བྲེ་བྲག་ཏུ་བོད་ཀྱི་ཟློས་གར་རིག་གནས་ལ་བྱས་རྗེས་ཅན་ཟློས་ཟུར་རྒན་བློ་བཟང་བསམ་གཏན་ལགས་སྐུ་ཚེ་མ་ཟིན་བཅས་ལ་མྱ་ངན་གུས་འདུད་མཚོན་ཆེད། ལོ་ལྟར་གླིང་ག་གཏོང་སྲོལ་ཡོད་པའི་གླིང་ག་དང་དགའ་དགའ་སྤྲོ་སྤྲོའི་དུས་སྟོན་དེ་ཕྱིར་བསྡུ་ཡིས་རིག་གཞུང་འགྲན་བསྡུར་རང་གི་རྣམ་པའི་ཐོག་ནས་མཛད་སྒོ་སྲུང་བརྩི་ཞུས་གནང་སོང་། ། The Tibetan Institute of Performing Arts (TIPA) marked its 67th founding anniversary on August 11 with Yarkyi, its annual cultural performance competition between the Ngonpa and Gyalu houses. Both houses presented their performances, with Gyalu House once again emerging as this year’s winner. A major highlight of the event was the return of Garlu, an ancient Tibetan court dance and song tradition, to the TIPA stage after many years. Speaking about this year’s Yarkyi, the TIPA Director said the institute had decided to skip the entertainment segment as a gesture of solidarity with the late Tibetan independence activist Lobga Rangzen. As a result, this year’s Yarkyi focused entirely on cultural preservation and the promotion of traditional Tibetan performing arts.
Watch on YouTube