བོད་ཀྱི་དུས་བབ། - Tibet Tribune

བོད་ཀྱི་དུས་བབ།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས། ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༡ ཉིན་སྔ་དྲོར་བཞུགས་སྒར་དྷ་རམ་ས་ལ་ནས་རྒྱལ་ས་ལྡི་ལིར་ཆིབས་ཐོན་མཛད་དེ། ཕྱི་ལོ་༢༠༢༦ ཟླ་ ༢ ཚེས་ ༩ བར་དུ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དང་། གདན་ས་འབྲས་སྤུངས། དགའ་ལྡན་བཅས་ཀྱི་ནང་ཆོས་འབྲེལ་རྒྱ་ཆེན་བསྐྱངས་ཡོད་པ་རེད། ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཧུབ་ལི་ (Hubli) གནམ་ཐང་དུ་ཆིབས་བསྒྱུར་དང་། དེ་ནས་མོན་གྷོ་འདོད་རྒུ་གླིང་དུ་ཡོད་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད་དེ། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་ཤོག་ཅེས་སྨོན་ལམ་བརྒྱབ་པ་གཅིག་པུ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ལུང་རྟོགས་ཀྱི་རྒྱལ་བའི་བསྟན་པ་འདི་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཡོང་ཐུབ་པར་སེམས་ཤུགས་བསྐྱེད་དགོས་པའི་བཀའ་སློབ་བསྩལ། ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༤ ཉིན་ཏེ་དགའ་ལྡན་ལྔ་མཆོད་ཀྱི་ཉིན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ། ༸རྒྱལ་བའི་གོ་སྟོན་གྱི་བྱམས་བརྩེའི་དམིགས་བསལ་ལོ་དུས་དང་། ཕྱི་ལོ་...

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༢ ཉིན་གྱི་སྔ་དྲོར་བཞུགས་སྒར་དྷ་རམ་ས་ལ་ནས་ཆིབས་ཐོན་གནང་སྟེ། མཁའ་ལམ་བརྒྱུད་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ཉེ་འཁྲིས་ཞི་བའི་ཚལ་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་དེ། ༧མགོན་པོ་གང་ཉིད་མཆོག་ནས་ཧི་མ་ལ་ཡའི་རི་རྒྱུད་དུ་བོད་ཀྱི་ནང་ཆོས་ལ་དད་པ་དང་དོ་སྣང་ཡོད་པས་དཔེ་ཆ་ལྟ་རྒྱུ་གལ་ཆེན་པོ་རེད། ཆོས་ཀློག་སྡོད་པ་དང་ཞབས་བརྟན་སྒྲུབ་སྡོད་པ་གཅིག་པུ་མ་ཡིན་པར་ཚད་མ་རིག་པའི་ཐོག་ནས་བརྟག་དཔྱད་ཀྱིས་རྟགས་བསལ་བཏང་ནས་སྦྱོང་བརྡར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  ངོས་རང་ཆུང་ཆུང་སྐབས་ནས་ཚད་མ་རིག་པ་སྦྱངས་ནས་སྨོན་ལམ་སྐབས་སོགས་སུ་རྟགས་བསལ་གཏོང་བ་ལ་ཉན་བཞིན་ཡོད། ཚད་མ་རིག་པ་སྦྱང་པ་དེས་རྟགས་བསལ་གཏོང་དུས་སྤུས་དག་པོ་དང་། གུང་འགྲིགས་པོ་ཧ་ཅང་ཡག་པོ་འདུག བོད་དུ་ཚད་མ་རིག་པའི་འགྲོ་སྟངས་སྦྱོང་ཚུལ་ཧ་ཅང་སྤུས་དག་པོ་རེད། གལ་ཆེན་པོ་དང་། ཕན་ཐོགས་ཀྱང་ཆེན་པོ་ཡོད་པ་ཞིག་རེད། བོད་དུ་དབུ་ཚད་ཟུང་འབྲེལ་ཞེས་དབུ་མ་དང་ཚད་མ་རིག་པ་ཟུང་འབྲེལ་བྱས་ཏེ་འགྲོ་བ་ནི་མིག་དཔེ་ཧ་ཅང་ཡག་པོ་ཞིག་རེད། ངོས་ཀྱིས་དབུ་ཚད་ཟུང་འབྲེལ་ལ་འབད་བརྩོན་ཤུགས་ཆེན་པོ་བྱས་ཡོད། ཧི་མ་ལ་ཡའི་རི་རྒྱུད་ལ་བོད་གངས་ཅན་གྱི་བསླབ་པ་སློབ་གཉེར་གྱི་འགྲོ་སྟངས་གང་ལ་གང་འཚམ་ཞིག་ཡོད་པ་དང་། ད་དུང་དོ་སྣང་ཤུགས་ཆེ་ཙམ་བྱས་ཏེ་ཧི་མ་ལ་ཡའི་རི་རྒྱུད་དུ་དབུ་ཚད་ཀྱི་གཞུང་རྣམས་སློབ་ཁྲིད་ཡག་པོ་བྱས་ཏེ་རྟགས་བསལ་བཏང་ནས་སྒྲོ་འདོགས་ཆོད་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་གསུངས། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༡ ཉིན་གྱི་ཞོགས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་གླེ་ནས་ཐད་འཕུར་གནམ་གྲུའི་ནང་ལ་དྭགས་ཟངས་དཀར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་དེ། དཀར་ཤ་ཕོ་བྲང་དང་ནཱ་ལེནྡྲ་རིག་གཞུང་སློབ་གཉེར་ཁང་དབུ་འབྱེད་དང་རབ་གནས་བཀའ་དྲིན་བསྐྱངས། ཚོགས་ཆེན་འདུ་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། དཀར་དགོན་དབུ་ཆོས་ལགས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། སྐབས་དེར་མགོན་པོ་གང་ཉིད་མཆོག་ནས། བོད་ལ་ཉམས་ཉེས་ཆེན་པོ་བྱུང་སྟེ་བསྟན་པའི་མེ་རོ་རྒྱ་གར་དུ་བཟུང་བ་དང་། འདིར་སངས་རྒྱས་ཀྱི་བསྟན་པའི་འགྲོ་སྟངས་ལ་ཡུལ་བ་ཚོས་ཀྱང་དོ་སྣང་ཡག་པོ་བྱེད་ཀྱི་འདུག...

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༸གོང་ས་མཆོག་ནས་སྐྱེས་རབས་དང་སེམས་བསྐྱེད་ཀྱི་བཀའ་ཆོས་བསྩལ། ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༤ བོད་ཟླ་ ༡ ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆོ་འཕྲུལ་དུས་ཆེན་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ། དད་ལྡན་དོན་གཉེར་ཅན་བརྒྱ་ཕྲག་མང་པོར་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་བསྐྱངས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་ནས། ངོས་རང་ལ་སྤྱན་སྟོང་མེད་ཀྱང་ལྷག་བསམ་རྣམ་དག་གིས་གདུལ་བྱའི་ཁམས་དང་མོས་པ་དང་འཚམ་པ་ཞིག་གིས་བསྟན་པ་དང་འགྲོ་བའི་དོན་བྱེད་བཞིན་ཡོད། ད་ལྟའི་བར་དུ་འགྲོ་དོན་ཡག་ཐག་ཆོད་བྱུང་བ་རེད།ད་དུང་ཡིན་ནའང་རྨི་ལམ་ལ་བརྟག་དུས་ཕལ་ཆེར་ལོ་བརྒྱ་དང་བཅུ་གྲངས་རིང་སྡོད་པ་ཞིག་འདུག ཅེས་གསུངས་འདུག གཞུང་འབྲེལ་ཐོག་༧སྐུའི་འཁྲུངས་སྐར་སྲུང་གཙི་ཞུས། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་འཁྲུངས་སྐར་གཞུང་འབྲེལ་ཐོག་སྲུང་གཙི་ཟབ་རྒྱས་ཞུས་སོང་བ་དང་། མཛད་སྒོའི་ཐོག་༧གོང་ས་མཆོག་ནས་ངོས་ནས་སྤྱོད་འཇུག་གི་བསམ་བློ་ཤུགས་ཆེན་པོ་གཏོང་གི་ཡོད། འགྲོ་བ་སེམས་ཅན་ཐམས་ཅད་རང་གི་གཉེན་དུ་བལྟས་ནས་སྒོ་གསུམ་གྱི་ནུས་པ་ཅི་ཡོད་པ་དེ་གཞན་དོན་ལ་ཕན་པར་ཤོག་ཅེས་ངོས་ནས་སྨོན་ལམ་རྒྱག་བཞིན་ཡོད། ཅེས་དང་། ཁྱོད་ཚོ་ཅི་ཙམ་གྱིས་ངོས་ལ་བརྩེ་བ་ཡོད་པ་དེའི་ཚོད་ཀྱིས་ཁྱོད་ཚོས་བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ལེན་གནང་རོགས་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་འདུག ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་མཛད། ཐའེ་ཝན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་...

ཆོས་བརྒྱུད་ཁག་གི་དབུ་བླ་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་སེར་སྐྱ་མཆོག་དམན་ཡོངས་ལ་ཞུ་རྒྱུ། བོད་རྒྱལ་ལོ་རབ་གནས་མེ་རྟ་ལོའི་གནམ་ལོ་གསར་པ་ཚེས་ལ་ཉེ་དུས། ཚང་མ་ལ་ལོ་གསར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད། ལོ་གསར་པ་འདིའི་ནང་ཚང་མའི་སྐུ་ཚེ་རིང་ཞིང་སྐུ་གཟུགས་བདེ་ཐང་། ཁྱིམ་ཚང་འཆམ་མཐུན། འགྲོ་ཀུན་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་ལམ་ཞུ་ཡི་ཡོད། ང་ཚོ་ནང་པ་སངས་རྒྱས་པའི་ལུགས་ལ་དེ་ཚོ་ཚང་མ་རང་རང་གི་ལས་ལས་བྱུང་བ་མ་གཏོགས། འཇིག་རྟེན་བཀོད་པ་པོ་ལ་སོགས་པས་བཀོད་པ་བཤད་ཀྱི་མེད་སྟབས། ཡག་པོ་ཡོང་བར་ང་ཚོ་ཚང་མས་ལས་བཟང་པོ་གསོག་དགོས། སྒོ་གསུམ་དགེ་བའི་ལས་ལ་ཞུགས་པ་ཡིན་ན། རང་བཞིན་གྱིས་དེའི་འབྲས་བུ་བཟང་པོ་ཡོང་གི་ཡོད་པ་སྨྲོ་མ་དགོས་པ་རེད། དེར་བརྟེན། ལོ་གསར་པ་འདིའི་ནང་ཚང་མས་མི་དགེ་བའི་ལས་མཐའ་དག་སྤངས་ནས་དགེ་པའི་ལས་གང་ཐུབ་ཐུབ་ཀྱིས་བསྒྲུབ་ཐུབ་བྱུང་ན། བདེ་སྐྱིད་ཀྱི་རྩ་བ་དེ་ནས་ཚུགས་ཐུབ་པ་ཞིག་ཡོང་གི་ཡོད། ཚང་མས་དེ་བཞིན་ཐུགས་ལ་བཞག་རོགས་གནང་ཞུ་རྒྱུ་ཡིན། ད་ལོའི་ལོ་འདིར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་བྱམས་བརྩེའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་དུས། ང་ཚོས་དུས་ཆེན་བྱས་པ་ཙམ་མ་ཡིན་པར་ཉིན་ཞག་རེ་རེའི་ནང་སོ་སོའི་ཁྱིམ་ཚང་དང་ཁྱིམ་མཚེས། རྒྱ་ཆེ་ས་ནས་བཤད་ན་ལུང་པ་ཡོངས་རྫོགས་ལ་བྱམས་བརྩེའི་བློ་ཡང་ནས་ཡང་དུ་སྐྱེ་དགོས་པ་གལ་ཆེན་པོ་རེད། བདེ་སྐྱིད་ཀྱི་རྩ་བ་དེ་བྱམས་བརྩེ་ནས་ཡོང་གི་ཡོད། དེ་བས། སྲོག་ཆགས་གྲོ་འབུ་ཚུན་ཆད་ནས་མིའི་བར་ཚང་མར་བྱམས་པ་དང་བརྩེ་བ་བྱས་པ་ཡིན་ན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་ཐུགས་ཀྱི་བཞེད་དོན་འགྲུབ་པར་ཞབས་རིམ་ཡང་དེ་ལས་ལྷག་མེད་པ་རེད། དེ་བརྟེན། ཚང་མས་དེ་དོན་གནང་ཐུབ་པ་གནང་རོགས་ཞུ་རྒྱུ་ཡིན་ལ། ང་རང་གི་ངོས་ནས་ཚང་མའི་རྐྱེན་ངན་བར་ཆད་ཐམས་ཆད་ཞི་བ་དང་མཐུན་རྐྱེན་ལེགས་ཚོགས་གོང་འཕེལ། བསམ་པའི་དོན་ཐམས་ཆད་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས། དགའ་ལྡན་ཁྲི་ཐོག་ ༡༠༥ བ་ ༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གིས། ༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༧སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་གཙོས་བོད་གངས་ཅན་གྱི་ཆོས་བརྒྱུད་རིས་སུ་མ་མཆིས་པའི་སྐྱེས་ཆེན་དམ་པ་རྣམས་དང་། བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་...

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

དགའ་ལྡན་ཕོ་བྲང་དང་། རྣམ་རྒྱལ་གྲྭ་ཚང་། རྣམ་ཟུར་གསུམ་གྱིས་བརྟན་བཞུགས་བསྟར་འབུལ་ཞུས། ཕྱི་ལོ ༢༠༢༥ ཟླ་ ༣ ཚེས་ ༥ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ།  དགའ་ལྡན་ཕོ་བྲང་དང་། རྣམ་རྒྱལ་གྲྭ་ཚང་། རྣམ་ཟུར་བཅས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་མཁའ་འགྲོའི་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས།  ངོས་ཀྱི་བསམ་ཚུལ་དང་མཐོང་ཚུལ་བཤད་པ་དེ་ཆོས་དད་མེད་མཁན་ཚོས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ཧམ་པ་ལྟ་བུ་བཤད་ན་འཛམ་བུ་གླིང་དུ་མི་གྲངས་དུང་ཕྱུར་ཁ་ཤས་ཡོད་པ་ཚང་མས་ངོས་རང་ལ་ཕལ་ཆེར་དགའ་བོ་བྱེད་ཀྱི་འདུག ངོས་རང་གིས་བསམ་པ་རྣམ་དག་བྱས་ཏེ་འཛམ་བུ་གླིང་ཐོག་གི་མི་ཡོད་ཚད་ལ་ཕན་ཐོགས་ཀྱི་ཡོད། དམིགས་བསལ་ཆོས་དང་འབྲེལ་བའི་སྐད་ཆ་མེད་པར་ཡ་རབས་སྤྱོད་བཟང་ཐོག་ནས་མི་ཚེ་བསྐྱལ་ཚེ། སོ་སོའི་མི་ཚེ་སྐྱིད་པོ་ཡོང་བ་དང་། སོ་སོའི་ཉེ་འཁོར་གྱི་མི་རྣམས་སྐྱིད་པོ་ཡོང་བ། མཐར་འཛམ་བུ་གླིང་ཐོག་དོན་དམ་པའི་ཞི་བདེ་ཡོང་བར་ག་ས་གང་དུ་བཤད་བསྡད་ཀྱི་ཡོད། དེར་ཚང་མས་དགའ་བོ་བྱེད་ཀྱི་འདུག ཅེས་སོགས་གསུངས། གནས་ཆུང་གྲྭ་ཚང་གིས་རྒྱལ་པོ་ཚེ་ལྷ་དཀར་པོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༤ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་འདུས་སྤྱི་ཡིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚེ་ལྷ་དཀར་པོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས།  ད་བར་དུ་ངོས་རང་གིས་ཆོལ་ཁ་གསུམ་གྱི་མི་རིགས་ཚང་མར་སངས་རྒྱས་ཀྱི་བསྟན་པ་ཉམས་པར་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་སླད་སྨོན་ལམ་རྒྱག་གིན་ཡོད་ལ་འབད་བརྩོན་བྱེད་ཀྱིན་ཡོད། དེང་སང་འཛམ་གླིང་ནུབ་ཕྱོགས་སུ་ནང་ཆོས་ལ་དོ་སྣང་གསར་པ་སླེབ་མཁན་དེ་དག་གིས་ཀྱང་ང་རང་ཚེ་རིང་པོ་ཡོང་རྒྱུར་རེ་འདུན་དང་མོས་པ་ཆེན་པོ་བྱེད་ཀྱི་འདུག དེ་འདྲ་ཡིན་དུས་ངོས་རང་གིས་བསྟན་པ་དང་འགྲོ་བའི་དོན་ད་བར་ཧུར་ཐག་བྱས་པ་ཡིན། ངོས་རང་གིས་ད་དུང་ཡང་ཧུར་ཐག་འབད་ཐག་བྱེད་ཀྱི་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་དེ་རིང་གནས་ཆུང་གྲྭ་ཚང་གིས་བརྟན་བཞུགས་གནང་བ་རེད།...

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག ཁེ་ན་ཊའི་སྲིད་བློན་མར་ཁི་ཁར་ནི་མཆོག་ལ་འཚམས་འདྲི་མཛད། ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༢༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁེ་ན་ཊའི་སྲིད་བློན་གྱི་འོས་བསྡུ་ལས་རྒྱལ་ཁ་ཐོབ་པའི་ཁེ་ན་ཊའི་གུ་ཡངས་སྲིད་དོན་ཚོགས་པའི་མགོ་ཁྲིད་མར་ཁི་ཁར་ནི་ (Mark Carney) མཆོག་ལ་རྒ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ། ངོས་རང་གིས་ཁྱེད་ཀྱི་གོང་མ་རྣམས་ལ་ཞུས་པ་བཞིན་ཁྱེད་ཅག་གིས་བོད་མི་རྣམས་ལ་རྒྱུན་མཐུད་ནས་རྒྱབ་སྐྱོར་དང་རོགས་རམ་གནང་བར། ཁེ་ན་ཊའི་གཞུང་དང་མི་མང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཅག་གིས་ཁེ་ན་ཊ་མི་མང་གི་རེ་བ་དང་སྨོན་འདུན་ཡོངས་སུ་སྐོང་ཐུབ་པ་དང་། འཛམ་གླིང་ཞི་བདེ་དང་བརྟན་ལྷིང་གི་ཐད་ལ་ནུས་པ་གང་མང་འདོན་ཐུབ་པའི་སྨོན་འདུན་ཞུ། ཞེས་སོགས་གསུངས། ཨོ་གླིང་སྲིད་བློན་ཨིན་ཐོ་ནི་ཨལ་བྷེ་ནི་སི་མཆོག་ལ་འཚམས་འདྲི་མཛད། ཕྱི་ལོ་ ༢༠༢༥ ཟླ་༥ ཚེས་ ༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨོ་གླིང་སྲིད་བློན་ཨིན་ཐོ་ནི་ཨལ་བྷེ་ནི་སི་ (Anthony Albanese)  མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ།  ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པར་ཨོ་གླིང་གྲོས་ཚོགས་འོས་བསྡུ་ལས་ཐེངས་གཉིས་པར་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་ཡོད་པ་དང་།ཨོ་གླིང་གཞུང་མང་གཉིས་ཀྱིས་བོད་མི་རིགས་ཀྱི་རང་དབང་དང་ཆེ་མཐོང་ལ་དོ་སྣང་བྱས་ཏེ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད། ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་ (Friedrich Merz)མཆོག་སྲིད་བློན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་མཛད་པའི་ནང་།...

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།   ༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༤ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། བོད་མིའི་ཆོས་ལུགས་ཚོགས་ཆེན་ཐེངས་ ༡༥ བའི་ཐོག་ཕེབས་པའི་བསྟན་བདག་བླ་སྤྲུལ་རྣམ་པ་དང་ཚོགས་བཅར་བ་ཡོངས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༢ ཉིན་ཚོགས་ཆེན་གྱི་ཉིན་དང་པོའི་སྐབས་སུ་༧གོང་ས་མཆོག་ནས། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང། ཁོང་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབས་ལ་འགྱུར་བ་གང་ཡང་མེད་ཅེས། ༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་ཡོད་པ་རེད། བོད་མིའི་ཆོས་ཚོགས་ཐེངས་བཞི་པ་དང་།  དམིགས་བསལ་ཚོགས་ཆེན། བོད་ཕྱི་ནང་དུ་གནས་པའི་བོད་མི་སྤྱི་དང༌། ཧི་མཱ་ལ་ཡའི་ས་ཁུལ་ཁག ཆེན་པོ་ཧོར། རྒྱ་ཡི་ཆོས་གྲོགས། ཕྱི་ནང་དད་ལྡན་སོགས་ཁུངས་སོ་སོ་ནས་༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ངེས་ཕེབས་ཡོང་བ་ཞེས་གཅིག་མཇུག་གཉིས་མཐུད་དུ་གསོལ་བ་ཕུར་ཚུགས་སུ་བཏབ་པ་ཡོད་པ་རེད། ཕྱི་ལོ་ ༢༠༢༥ ཟླ་༧ ཚེས་ ༡༧ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་༧གོང་ས་མཆོག་གི་འཁྲུངས་སྐར་གྱི་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་བྱ་རྒྱུ་དང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་ཇུས་བྱེད་མི་ཆོག་པའི་གྲོས་ཆོད་ཅིག་སྤྱི་མོས་གཏན་འབེབས་གནང་འདུག...

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

རྩོམ་པ་པོ། ནགས་ཕྲན་པ་བསོད་ནམས་ཚེ་རིང་། རྩོམ་ཁུངས། བོད་ཀྱི་དུས་བབ། ཉེ་བའི་ཆར་རྒྱ་ནག་གི་གོ་ལའི་བརྙན་འཕྲིན་བརྒྱུད་ལམ་ (CGTN) དང་ X (Twitter) སོགས་ཀྱིས་༧གོང་ས་མཆོག་དང་ཨ་རིའི་ནག་ཉེས་ཅན་ཨེབ་སུ་ཊེན་གཉིས་བར་འབྲེལ་བ་ཡོད་པའི་སྒྲོ་འདོགས་ཀྱི་གནས་ཚུལ་ཤུགས་ཆེ་སྤེལ་བ་དང་། དེར་བརྟེན་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཡང་དཀྲོག་གཏམ་འདྲ་མིན་ཁྱབ་བཞིན་ཡོད་པ་མཐོང་བས། ཁོ་བོས་གནད་དོན་འདིའི་བྱུང་རིམ་དང་དངོས་ཡོད་གནས་ཚུལ་ལ་དྲ་ཐོག་ནས་རྒྱུས་ལོན་རོབ་ཙམ་བྱས་པ་ཡིན། ངས་རྒྱུས་ལོན་བྱས་པའི་དངོས་ཡོད་གནས་ཚུལ་དག་ནི་འདི་ལྟར་རེད། ཕྱི་ལོ་ ༢༠༢༣ ལོའི་ལོ་མཇུག་ཏུ་ཨ་རིའི་རྩོམ་པ་པོ་མེ་ཁུལ་ཝོལ་ཧྥ་ (Michael Wolff) ཟེར་བས་ “Daily Beast” ཞེས་པའི་སྒྲ་བརྙན་ལེ་ཚན་ཞིག་གི་ནང་། ཁོས་ཨེབ་སུ་ཊེན་གྱི་གསང་བའི་གློག་འཕྲིན་ལ་བལྟས་པ་ཡིན་ཞེས་དང་། དེའི་ནང་༧རྒྱལ་བ་རིན་པོ་ཆེའི་མཚན་ཐེངས་ ༡༦༩ ཙམ་སླེབས་འདུག་ཅེས་བཤད་པ་དེ་ད་ཐེངས་ཀྱི་དཀྲོག་གཏམ་འདིའི་གཞི་རྩ་ཆགས་འདུག་སྙམ། མེ་ཁུལ་ཝོལ་ཧྥ་ཡིས་སྐད་ཆ་དེ་བཤད་རྗེས་ཨ་རིའི་རང་དབང་གསར་འགོད་པ་དང་རྩོམ་པ་པོ་ཇཱ་ཀོབ་སིལ་ཝར་མན་ (Jacob Silverman) གྱིས་ ༢༠༢༥ ཟླ་ ༨ ཚེས་ ༤ ཉིན་ “རྒྱལ་བ་རིན་པོ་ཆེ་ཅིའི་ཕྱིར་ཇེ་ཕྲེ་ཨེབ་སི་ཊོན་གྱི་ཁང་པར་ཕེབས་པ་རེད།” ཅེས་པའི་རྩོམ་ཞིག་སྤེལ་ནས་༧རྒྱལ་བ་རིན་པོ་ཆེ་དང་ཨེབ་སེ་ཊོན་བར་ལ་དངུལ་གྱི་འབྲེལ་བ་བྱུང་ཡོད་སྲིད་པའི་དོགས་སློང་བྱས་འདུག་ནའང་། ༧རྒྱལ་བ་རིན་པོ་ཆེ་དང་ཨེབ་སེ་ཊོན་བར་འབྲེལ་བ་བྱུང་བའི་བདེན་དཔང་གཞན་གང་ཡང་བཏོན་མི་འདུག...

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

དེ་རིང་བོད་དངུལ་འགྲེམས་སྟོན་སོགས་ཀྱི་ཐོག་ནས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་གནང་སྟེ་ལོ་ངོ་ ༡༡༣ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་། The post བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས། appeared first on བོད་ཀྱི་དུས་བབ།.

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལྟར་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་སྔོན་འགྲོའི་འོས་བསྡུའི་ཁྲོད་འོས་འབོར་གྱི་བརྒྱ་ཆ་ ༦༠ ཡན་ཐོབ་སྟེ་དངོས་གཞིའི་འོས་བསྡུ་བྱ་མ་དགོས་པར་ཐད་ཀར་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་སྤེལ་སོང་།  The post སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་། appeared first on བོད་ཀྱི་དུས་བབ།.

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

དེ་རིང་ཕྱི་ཚེས་ ༡༣ ཉིན་༸གོང་ས་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཀྱི་ཟླ་གཉིས་རིང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་། The post ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་། appeared first on བོད་ཀྱི་དུས་བབ།.

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

རྩོམ་པ་པོ། རྡོ་རྗེ་རིན་ཆེན། རྩོམ་ཁུངས། བོད་ཀྱི་དུས་བབ། ཁ་སང་ཕྱི་དྲོར་འབྲེལ་ཡོད་ཅིག་གིས་སྐབས་བཅོ་བརྒྱད་པའི་མདོ་སྨད་སྤྱི་འཐུས་ཀྱི་སྔོན་འགྲོ་འོས་གྲངས་ནང་མཐོ་ཤོས་དེ་བསྟན་འཛིན་དཔལ་མོ་ལགས་རེད། ཁོ་མོར་འོས་འཕེན་ཁོངས་མི་ཁྲོད་ཁྱོད་ཀྱང་གཅིག་ཡིན་སྲིད། ཁྱེད་ཚོས་ཁོ་མོར་འོས་འཕེན་དགོས་པའི་དམིགས་ཡུལ་ཅི་ཡིན་གསུངས་དང་ཟེར། ངས་ཁོང་ལ་ང་རང་གིས་མཐོང་བའི་རྒྱུ་མཚན་རྣམས་ཐད་ཀར་ལན་འདེབས་བྱས་པ་ཡིན། སྐབས་བཅོ་བརྒྱད་པའི་སྤྱི་འཐུས་སྔོན་འགྲོ་འོས་འདེམས་བྱེད་ལ་ཉེ་བའི་སྐབས་ཤིག་སྤྱི་ཚོགས་དྲ་ལམ་ནས་བསྟན་འཛིན་དཔལ་མོ་ཞེས་པ་ཞིག་མདོ་སྨད་སྤྱི་འཐུས་ལ་བཞེངས་རྒྱུ་ཡིན་པའི་བརྡ་ཡིག་ཅིག་མཇལ་བྱུང་། དེར་བརྟེན་ངས་བསྟན་འཛིན་དཔལ་མོ་ལགས་ལའང་མདོ་སྨད་ཆོལ་ཁོངས་ནས་སྤྱི་འཐུས་སུ་བཞེངས་མཁན་སྤྱི་མཚུངས་ལྟར་གཞི་ནས་དོ་སྣང་བྱས་པ་ཡིན། རང་ཉིད་ཀྱང་བཙན་བྱོལ་བའི་བོད་མི་ཞིག་ཡིན་པ་དང་། བགྲང་བྱ་ལྔ་མཚམས་རེའི་ནང་ཐེངས་རེར་འབྱུང་བའི་བཅའ་ཁྲིམས་ཀྱིས་བསྐུར་པའི་གདམས་བྱ་འདེམས་བྱེད་ཀྱི་ཐོབ་ཐང་དེ། དོན་ཕན་ལྡན་པ་ཞིག་ཏུ་བེད་སྤྱོད་མ་བྱུང་གཤིས། རྩ་དོན་ལ་འགན་མ་ཁུར་བའི་མི་བུ་ཞིག་འགྱུར་རྒྱུར་བརྟེན། ངས་སྔོན་འགྲོའི་ནང་བདམས་པའི་འོས་མི་ཚང་མ་ལ་རང་ཚོད་ཀྱིས་དམིགས་ཚད་མ་བཟུང་བ་གཅིག་ཀྱང་མེད། འཕྲོས་དོན་སྐབས་བཅོ་བརྒྱད་པའི་མདོ་སྨད་སྤྱི་འཐུས་འོས་མི་བསྟན་འཛིན་དཔལ་མོ་ལགས་ལ་འོས་འཕེན་དགོས་དོན་ཡང་། གཤམ་འཁོད་དོན་ཚན་ལྔ་ལ་བརྟེན་ཡོད། གཅིག ༸གོང་ས་བཅུ་གསུམ་པ་ཆེན་པོ་བོད་ཤིང་འབྲུག་ (༡༩༩༤) ལོར་དབྱིན་ཇུ་བཙན་འཛུལ་ལ་ཉེན་ཡོལ་ཆེད་ཕྱི་སོག་དང་། དེ་ནས་བོད་མདོ་སྨད་སྐུ་འབུམ་དུ་ཕེབས་ནས་སྔ་ཕྱིར་ལོ་གཉིས་ཙམ་བཞུགས། སྐབས་དེར་མདོ་སྨད་ལྷོ་བྱང་གི་བླ་ཆེན་དང་དཔོན་ཆེན་ཚང་མས་མཇལ་བཅར་ཞུས། ཐེངས་ཤིག་ཤ་རྫོང་རི་ཁྲོད་དུ་གནས་གཟིགས་སྐབས་སྟག་མཚེར་གྲོང་ཚོ་མཐོང་ལམ་དུ་ངལ་གསོས་ཏེ། གྲོང་གི་ཁྱིམ་ཚང་རེ་རེར་ཕྱག་འཁར་ཀེར་ནས་མི་ཚང་ཕ་གི་སུ་ཚང་རེད་ཅེས་དྲི་བ་གནང་། འཁྲུངས་གཞིས་ལ་ཡུད་ཙམ་གཟིགས་ནས་སྙིང་རྗེ་བོ་འདུག་ཅེས་བརྗོད་པ་དང་། སྟག་མཚེར་སྐུ་རབས་ཀྱིས་བདག་འཛིན་གནང་བཞིན་པའི་ཤ་རྫོང་རི་ཁྲོད་དུ་ཞབས་ཕྱགས་འཇའ་ཅན་ཞིག་བཞག་གནང་མཛད། དེ་ནི་མགོན་པོ་གང་ཉིད་བསམ་བཞིན་མདོ་སྨད་སྟག་མཚེར་དུ་འཁྲུང་རྒྱུའི་བརྡ་མཚོན་བསྟན་པ་ལོ་རྒྱུས་ཀུན་ཏུ་གྲགས་པ་མ་ཟད། སྐུ་ཕྲེང་བཅུ་གསུམ་པས་ཞལ་དྲོན་མོ་ནས་རྭ་སྒྲེང་རིན་པོ་ཆེར་ཁོང་གི་སྐུ་སྐྱེ་ཕྱི་མ་མདོ་སྨད་དུ་འཁྲུངས་རྒྱུ་ཡིན་ཚུལ་དངོས་སུ་གསུངས་ཡོད། ལར་སྐུའི་བླ་སྨན་པ་དབང་རྒྱལ་མཆོག་ནས་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བོད་ཀྱི་ས་མཚམས་མདོ་སྨད་མཚོ་སྔོན་ཁུལ་དུ་འཁྲུངས་དགོས་དོན་ནི། ས་འདིའི་བདག་པོ་ང་ཡིན་ཞེས་པའི་དོན་ཡིན། དེང་སང་རྒྱ་མིས་ཧམ་བཤད་ཇི་ལྟར་བྱས་ཀྱང་༸རྒྱལ་དབང་རིན་པོ་ཆེ་འཁྲུངས་པ་རེད་ཅེས་བརྗོད་དུས། དེ་ནི་བོད་ཀྱི་ས་ཁུལ་གླེང་མེད་ཀྱི་འབྲེལ་བ་ཞིག་ཆགས་ཡོད། ཅེས་པ་དེ་ཡིན། འདི་ལྟར་བལྟས་ཚེ་པཎ་ཆེན་སྐུ་ཕྲེེང་དགུ་བ་ཡང་༸རྒྱལ་དབང་རིན་པོ་ཆེ་སྐུ་གཤེགས་པའི་རྗེས་སུ་ཡུན་རིང་མ་འགོར་བར་བིས་མདོར་སྐུ་འཁྲུངས་ཡོད། ༸རྒྱལ་བ་པཎ་ཆེན་རྣམ་གཉིས་བསམ་བཞིན་བོད་མདོ་སྨད་མཚོ་ཤར་ཁུལ་དུ་སྐུ་བལྟམས་དོན་སྐུའི་བླ་སྨན་དབང་རྒྱལ་མཆོག་གིས་གསུངས་པ་དེ་ལས་མ་འདས། དེས་ན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཆ་ནས་ཚད་མཐོའི་རྒྱབ་སྐྱོར་ཐོབ་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ (A Resolution to the Tibet-China Conflict Act [H.R....

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོར་གཞིས་ཆགས་ནང་འབྱོར།

བོད་དོན་སྦག་སྦག་སྐོར་སྐྱོད་པ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ཁོང་གི་ལས་འགུལ་དེས་བོད་པ་གཞོན་སྐྱེས་རྣམས་ལ་མིག་དཔེར་འོས་པའི་འཐབ་རྩོད་ཀྱི་ལས་དོན་ཞིག་ཆགས་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་བྱུང་། དེ་རིང་ཕྱི་ཚེས་ ༡༢ ཉིན་བོད་དོན་སྦག་སྦག་སྐོར་སྐྱོད་པ་འཇམ་དབྱངས་བསྟན་འཛིན་ལགས་དང་། སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་མོན་གྷོ་ནས་གྷོ་ཝ་ (Goa) ཕྱོགས་སུ་སྦག་སྦག་སྐོར་སྐྱོད་གནང་བཞིན་འདུག་ལ།  ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཁོང་གཉིས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནང་འབྱོར་སྐབས་ས་གནས་ཚོགས་པ་ཁག་དང་སེར་སྐྱ་མི་མང་གིས་ཕེབས་བསུ་གནང་ཡོད་འདུག འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་དྷ་རམ་ས་ལ་ནས་སྦག་སྦག་སྐོར་སྐྱོད་མགོ་འཛུགས་བྱས་ཡོད་ཅིང་། དྷ་ས་ནས་སྒང་ཏོག་ཏུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པའི་སྐབས། ལམ་བར་དུ་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་སྦག་སྦག་བརྡབ་སྐྱོན་ཤོར་ཏེ་སྨན་ཁང་དུ་བསྟེན་གཏུག་བྱས་ནས་ཉིན་གྲངས་བཅུའི་རིང་ངལ་གསོ་རྒྱག་ཡོད་འདུག་ལ། ཉིན་གྲངས་བཅུའི་རིང་བོད་དོན་ལས་འགུལ་བ་འཇམ་དབྱངས་ལགས་དང་། ཀ་ལིམ་སྤོང་གི་གཞོན་ནུའི་ཚོགས་མི་བསྟན་འཛིན་འཇམ་དཔལ་རྣམ་གཉིས་ཀྱིས་ཨ་རུ་ན་ཅལ་དང་ཨ་སམ་ཁུལ་དུ་སྦག་སྦག་སྐོར་སྐྱོད་གནང་ཡོད་འདུག དེ་རྗེས་བློ་གྲོས་དཔལ་ལྡན་ལགས་དྲག་སྐྱེད་བྱུང་སྟེ་ས་ལུ་གྷར་ནས་ལས་འགུལ་མུ་མཐུད་སྤེལ་བཞིན་འདུག ད་བར་རྒྱ་གར་གྱི་མངའ་སྡེ་ ༡༦ ནང་སྐོར་སྐྱོད་བྱས་ཟིན་པ་དང་། མུ་མཐུད་རྒྱ་གར་གྱི་མངའ་སྡེ་ ༥ དང་རང་སྐྱོང་ས་ཚིགས་ (Union Territory) ༢ ཀྱི་ནང་དུ་སྐོར་སྐྱོད་གནང་རྒྱུ་ཡིན་འདུག་ལ། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ལས་འགུལ་མཇུག་བསྒྲིལ་རྒྱུ་ཡིན་འདུག འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་འདི་གའི་གསར་འགོད་པར། རང་མི་རིགས་ཀྱི་བློ་གསར་གཞོན་སྐྱེས་རྣམས་ལ་མི་རིགས་ཀྱི་འཐབ་རྩོད་ཐད་བློ་དཀར་ཞུམ་མེད་ཀྱིས་ཞབས་ཕྱི་སྒྲུབ་དགོས་གལ་སོགས་ཀྱི་བློ་སྐྱེད་དང་སེམས་ཤུགས་སྤར་རྒྱུ་མ་ཟད། ལས་འགུལ་འདི་ཁོང་རྣམ་པར་མིག་དཔེར་འོས་པའི་འཐབ་རྩོད་ཀྱི་ལས་དོན་ཞིག་ཆགས་རྒྱུར་རེ་བ་ཞུ་བཞིན་ཡོད། ང་ཚོས་བོད་དོན་ལས་འགུལ་སྤེལ་རྒྱུ་ཉམ་ཆག་འགྲོ་མུས་ཡིན་པར་བརྟེན། དེ་སླར་གསོ་ཡོང་བའི་རེ་བ་དང་གཞོན་སྐྱེས་རྣམས་ཀྱིས་བོད་དོན་ལས་འགུལ་གང་མང་སྤེལ་རྒྱུའི་རེ་བ་ཞུ་ཡི་ཡོད། བོད་མི་ཡོངས་ལ་མི་ཡུལ་ག་ཚོད་སྐྱིད་ཀྱང་། རང་ཡུལ་ནམ་ཡང་མ་བརྗེད་ཞུ་རྒྱུ་དང། བོད་མི་རྣམས་ཆོལ་ཁ་ཆོས་ལུགས་ལོགས་སུ་དབྱེ་མི་དགོས་པར་ཚང་མས་གཅིག་སྒྲིལ་གྱིས་སོ་སོའི་རྒྱལ་ཁབ་ཀྱི་ཆེད་དུ་ལས་འགུལ་སྤེལ་ཐུབ་པའི་རེ་བ་ཆེན་པོ་ཡོད།...

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབ་གནང་།

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ནང་བོད་ནང་གི་བྱིས་པ་རྣམས་ཀྱི་ཁྱིམ་ཚང་དང་ཁ་བྲལ་བའི་ལམ་ལུགས་དང་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མྱུར་དུ་མེད་པར་བཟོ་དགོས་པའི་འབོད་སྐུལ་ཞུས་འདུག ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཨེ་སི་ཊོ་ནི་ཡ་གྲོས་ཚོགས་སུ་རྒྱ་ནག་གཞུང་གིས་རྒྱ་སྒྱར་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཙན་གྱིས་བཅུག་བཞིན་པའི་བོད་ཕྲུག་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབས་གནང་ཡོད་པ་དང་། བསྒྲགས་གཏམ་དེར་གྲོས་ཚོགས་འཐུས་མི་ ༦༧ ལྷག་གིས་རྒྱབ་སྐྱོར་གནང་འདུག་ལ། དགག་བྱ་བྱེད་མཁན་གཅིག་ཀྱང་བྱུང་མེད་པ་རེད།  རྒྱ་ནག་གཞུང་གིས་བོད་ཁུལ་གྱི་སློབ་གྲྭ་ཁག་ནང་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་འགྲོ་ཆོག་པའི་ཐོངས་མཆན་དང་།  རང་དབང་གི་གསར་འགོད་པ་དང་རྒྱལ་སྤྱིའི་ལྟ་ཞིབ་པ་རྣམས་ས་ཁུལ་དེར་འགྲོ་ཆོག་པའི་འབོད་སྐུལ་གནང་འདུག གྲོས་ཚོགས་འཐུས་མི་ཊོ་ནི་སི་ལུ་ཀཱ་སེ་ (Tõnis Lukas) ལགས་དང་། གྲོས་ཚོགས་འཐུས་མི་ཧེན་པོ་ལུ་ཨེ་སི་ ( Henn Põlluaas) ལགས། གྲོས་ཚོགས་འཐུས་མི་མར་གིཊ་སུ་ཊོ་རོ་ཕི་ ( Margit Sutrop ) ལགས། གྲོས་ཚོགས་འཐུས་མི་ཨན་ཊི་པུ་ལཱ་མེ་ཊི་ ( Anti Poolamets) ལགས། ཨི་སི་ཊོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇུ་ཀུ་ཀེ་ལེ་རེཌ་ (Juku-Kalle Raid) ལགས་བཅས་ནས་བསྒྲགས་གཏམ་དེར་རྒྱབ་སྐྱོར་གྱི་གསུང་བཤད་གནང་སྐབས། བོད་ཀྱི་བྱིས་པ་ལོ་བཞི་ནས་བཟུང་ཕ་མ་དང་ཁ་བྲལ་ཏེ་བཙན་དབང་གིས་མི་སེར་སྤེལ་ཡུལ་གྱི་སློབ་གྲྭ་རུ་བཅུག་པའི་ཛ་དྲག་གནས་སྟངས་སྐོར་གླེང་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་རྣམས་རྒྱ་རིགས་མང་ཚོགས་ཀྱི་རིག་གཞུང་ནང་བསྲེས་སྦྱོར་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད་སྐོར་སོགས་གསུངས་འདུག བོད་ཕྲུག་སྲུང་སྐྱོབ་དང་འབྲེལ་བའི་བསྒྲགས་གཏམ་དེའི་ནང་། རྒྱ་གཞུང་གི་སྲིད་ཇུས་ནང་མི་རིགས་གྲངས་ཉུང་བར་འདྲ་མཉམ་དང་རང་སྐྱོང་ཡོད་ལུགས་བཤད་ཡོད་ཀྱང་། གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་ཚོད་འཛིན་དང་མི་རིགས་དེ་དག་གི་རིག་གཞུང་དང་ལོ་རྒྱུས་ལ་བཟོ་བཅོས་གཏོང་བཞིན་ཡོད་སྐོར་དང་། རྒྱ་ནག་གི་གཞུང་གིས། ལོ་ན་ ༤ ནས་ ༡༨ བར་གྱི་བྱིས་པ་ཚོར་བོད་ཡིག་སྦྱོང་སྤྱོད་ཀྱི་གོ་སྐབས་མི་སྟེར་བར། བཙན་ཤེད་ཀྱིས་བཅའ་སྡོད་སློབ་གྲྭར་བཅུག་ནས་རྒྱ་སྐད་རྒྱ་ཡིག་སྦྱོང་སྤྱོད་བྱེད་འཇུག་གི་ཡོད། ཅེས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དམིགས་བསལ་ལས་སྣེ་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་། ཆོས་ལུགས། སྐད་ཡིག་བཅས་ཀྱི་བསྒྱུར་བཅོས་བྱེད་བཞིན་པ་ཤེས་རྟོགས་བྱུང་ཡོད་ཅིང་། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༤ ཉིན་ཡུ་རོབ་གྲོས་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པའི་སྙན་ཐོ་གཞིར་བཞག་སྟེ། རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་རྣམས་བཙན་འཁྲིད་དང་བཙན་ཤེད་ཀྱིས་བསྒྱུར་བཅོས་བྱེད་པའི་སྐོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས་ཏེ་དྲག་གནོན་གྱི་བསྒྱུར་བཅོས་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད་སྐོར་སོགས་གསལ་འདུག གྲོས་ཚོགས་ཀྱི་མཐོང་སྣང་བཀོད་པའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་ཀྱི་སྲོལ་རྒྱུན་ཐུན་མོང་མ་ཡིན་པ་རྣམས་མེད་པ་བཟོ་འདོད་ཡོད་པ་དང་། རྒྱ་ནག་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་ལ་སྐྱོན་བརྗོད་བྱེད་པ་དང་། དེས་བོད་མི་དང་ཡུ་གུར་བ་སོགས་མི་རིགས་གྲངས་ཉུང་གཞན་གྱི་ཁྱད་ཆོས་རྣམས་མེད་པར་བཟོ་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་སྐོར་དང་། བོད་ནང་གི་བྱིས་པ་རྣམས་ཀྱི་ཁྱིམ་ཚང་དང་ཁ་བྲལ་བའི་ལམ་ལུགས་དང་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མྱུར་དུ་མེད་པར་བཟོ་དགོས་པའི་འབོད་སྐུལ་དང་།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཀྱིས་བོད་ནང་སྒེར་གཉེར་བོད་ཡིག་སློབ་གྲྭ་འཛུགས་རྒྱུར་ཆོག་མཆན་སྤྲད་དགོས་པའི་འབོད་སྐུལ་གནང་འདུག ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བོད་ཁུལ་ཡོངས་ཀྱི་སློབ་གྲྭ་ཁག་ལ་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་འགྲོ་ཆོག་པའི་ཐོངས་མཆན་དང་།  རང་དབང་གི་གསར་འགོད་པ་དང་རྒྱལ་སྤྱིའི་ལྟ་ཞིབ་པ་རྣམས་ས་ཁུལ་དེར་འགྲོ་ཆོག་པའི་འབོད་སྐུལ་ཞུ་དགོས་སྐོར་སོགས་གསལ་འདུག གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།  The post ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབ་གནང་། appeared...

༧གོང་ས་མཆོག་ནས་ཞི་བདེའི་གོམ་བགྲོད་ཀྱིས་བསམ་ཤེས་དང་བྱམས་བརྩེ་བཅས་ཀྱི་ས་བོན་འདེབས་པར་རོགས་རམ་བྱས་ཡོད་པའི་ཐུགས་སྨོན་མཛད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་ནང་ཞི་བདེའི་གོམ་བགྲོད་གནང་མཁན་ནང་པའི་དགེ་འདུན་རྣམ་པར་གསུང་འཕྲིན་བསྩལ་བའི་ནང་གོམ་བགྲོད་དེ་ནི་ཆོས་ལུགས་ཉམས་ལེན་པ་ཚོས་སྤྱི་ཚོགས་ཀྱི་མཐུན་སྒྲིལ་ཞབས་འདེགས་ཞུ་ཐུབ་པའི་དཔེ་མཚོན་ཞིག་ཆགས་ཡོད་ཅེས་གསུངས་འདུག ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཊི་སིའི་ལིན་ཁོན་དྲན་རྟེན་ཁང་(Lincoln Memorial) གི་མདུན་ཐང་དུ། ཨ་རིའི་ནང་ཞི་བདེ་ཆེད་གོམ་བགྲོད་གནང་མཁན་དགེ་འདུན་པ་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་ལེགས་པར་གྲུབ་པའི་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཞི་བདེའི་གོམ་བགྲོད་ལ་བསྩལ་བའི་གསུང་འཕྲིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་ལགས་ཀྱིས་ཀློག་འདོན་གནང་ཡོད་པ་དང་། ༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་གོམ་བགྲོད་པའི་སྣེ་ཁྲིད་པ་དགེ་འདུན་པ་བྷི་ཁུ་བྷ་ན་ཀཱ་རཱ་( Venerable Bhikkhu Pannakara )ལ་ཕུལ་ཡོད་འདུག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་དུ།  ངོས་ནས་ཨ་རིའི་མངའ་སྡེ་ཊེག་ས་ནས་རྒྱལ་ས་ཝ་ཤིང་ཊོན་ཌི་སི་བར་ཞི་བདེའི་ཆེད་དུ་གོམ་བགྲོད་གནང་མཁན་ནང་པའི་དགེ་འདུན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། དེ་ནི་རྒྱལ་ཁབ་ནང་ཁུལ་དུ་ཞི་བདེ་དང་། མཐུན་སྒྲིལ། བྱམས་བརྩེ་བཅས་གོང་འཕེལ་གཏོང་རྒྱུའི་དམིགས་པ་ཞིག་རེད།  ཁོང་ཚོའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་། དཀའ་ཚེགས་ཆེ་བའི་གཟུགས་པོའི་དཀའ་ངལ། རྒྱང་ཐག་མེལ་ ༢༠༠༠ ལྷག་གི་དཀའ་ངལ་ཆེ་བའི་གནམ་གཤིས་ཀྱི་གནས་སྟངས་བཅས་ལ་གདོང་ལེན་བྱས་པར་ཨ་རི་རྒྱལ་ཁབ་དང་རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱུང་ཡོད། ཁོང་ཚོའི་ཞི་འཇམ་གྱི་བཟང་སྤྱོད་ཀྱི་སྒོ་ནས་ཞི་བདེ་དང་ཕན་ཚུན་བསམ་ཤེས་ཀྱི་གོ་རྟོགས་སྤེལ་བར་ལམ་བར་དུ་འཕྲད་པའི་མི་མང་པོའི་སེམས་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་ཏུ་མངོན་གསལ་དུ་གྱུར་ཡོད། ཁོང་རྣམ་པའི་ལས་འགུལ་དེ་ནི་ཆོས་ལུགས་ཉམས་ལེན་པ་ཚོས་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་མང་ཚོགས་ཀྱི་བགྲོ་གླེང་ལ་ལག་ལེན་དང་ཕན་ཐོགས་ཆེ་བའི་ཐོག་ནས་ཞབས་འདེགས་ཞུ་ཐུབ་པའི་དཔེ་མཚོན་ཞིག་ཆགས་ཡོད། ཁོང་རྣམ་པའི་ཐེངས་འདིའི་གོམ་བགྲོད་ཀྱིས་ཨ་རི་དང་འཛམ་གླིང་ཡོངས་སུ་ཞི་བདེ་དང་།  བསམ་ཤེས། བྱམས་བརྩེ་བཅས་ཀྱི་ས་བོན་འདེབས་པར་རོགས་རམ་བྱས་ཡོད་པའི་སྨོན་འདུན་ཡོད། ཅེས་གསུངས་འདུག ནང་པའི་དགེ་འདུན་པ་རྣམས་ཀྱི་ཞི་བདེའི་གོམ་བགྲོད་དེ་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༦ ཉིན་ཨ་རིའི་མངའ་སྡེ་ཊེག་སེ་སི་ (Texas) ནང་རྟེན་གཞི་བྱས་པའི་ཝེ་ཐི་ནམ་གྱི་ཧོང་དྷའོ་ནང་པའི་དགོན་པ་...

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས་ཀྱི་མཁལ་མ་དང་མིག་སོགས་ནད་པ་ཆགས་ཡོད་པའི་ཁར་རྒྱ་ནག་གཞུང་གིས་ཁོང་གི་འབྲེལ་ཡོད་བོད་མི་སོགས་ལའང་དམ་དྲག་བྱས་ཏེ་ཁོང་གི་འདྲ་པར་སོགས་ཁྱབ་སྤེལ་བྱེད་མི་ཆོག་པའི་ཉེན་བརྡ་བཏང་འདུག ཟླ་འདིའི་ཕྱི་ཚེས་ ༧ ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས་ཀྱི་བཙོན་འཇུག་དུས་ཡུན་ཚང་སྟེ། ད་ལྟའི་ཆར་ཕ་ཡུལ་རྐྱང་ཆད་ཡུལ་ཚོའི་རང་ཁྱིམ་དུ་ཡོད་ཀྱང་། འདི་ག་དུས་བབ་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཁོང་གི་མཁལ་མ་ནད་པ་དང་མིག་གཤིས་སྐྱོ་བོ་ཆགས་པ།  དེ་བཞིན་ཁྲག་ཤེད་ན་ཚ་བྱུང་ཡོད་འདུག ད་ལྟའི་ཆར་སྨན་པར་བསྟེན་གཏུག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཀྱང་། ཁོང་གི་འགྲོ་འདུག་ལ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ཁོང་གི་ནང་མི་འབྲེལ་ཡོད་རྣམས་ལའང་འདྲ་པར་ཁྱབ་སྤེལ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྲུང་སྐྱོབ་པ་དང་ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉག་སེང་སྒྲ་ལགས་ཀྱིས་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོས་དབང་ཆ་ལོག་སྤྱོད་དང་ལྐོག་ཟ་རུལ་སུངས། ཁྲིམས་འགལ་གྱིས་རང་བྱུང་གཏེར་ཁ་སྔོག་འདོན་དང་རྩ་ཆེའི་རི་སྐྱེས་སེམས་ཅན་རྔོན་པ་བཅས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ས་གནས་འབྲོག་པ་མང་ཚོགས་ཀྱིས་ཁོང་ལ་རྒྱབ་སྐྱོར་དང་དགའ་མགུ་ཡི་རངས་བྱེད་ས་ཞིག་ཏུ་གྱུར་རྗེས། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གཞུང་གིས་ཨ་ཉག་སེང་སྒྲས་ཁྲིམས་འགལ་བྱས་ཡོད་ཚུལ་བརྗོད་ནས་འཛིན་བཟུང་གིས་ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༨ ཉིན་ཟི་ལིང་ཏུང་ཁྲན་(东川)བཙོན་ཁང་ནས་ཀློད་གྲོལ་བཏང་། ཕྱི་ལོ་ ༢༠༡༨ ལོར་རྒྱ་གཞུང་གིས་ཚོགས་དཀྲུག་རྐྱེན་བཟོས་མིང་འོག་ཨ་ཉག་སེང་སྒྲ་ལགས་བསྐྱར་དུ་འཛིན་བཟུང་བྱས། ཕྱི་ལོ་ ༢༠༡༨  ལོ་མཇུག་དང་ ༢༠༡༩ ལོ་མགོར་ཨ་ཉག་སེང་སྒྲའི་བཟའ་ཟླ་གཡང་སྐྱིད་དང་ཁྲིམས་རྩོད་པ་ལིན་ཆི་ལི་སོགས་ཀྱིས་ཁྲིམས་གཏུག་རིམ་པ་བྱས་ནའང་། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༦ ཉིན་ཨ་ཉག་སེང་སྒྲ་ལགས་སུ་དཀྲུག་རྐྱེན་བསླངས་བ་དང་སྤྱི་ཚོགས་ཀྱི་སྒྲིག་གཞིར་གཏོར་བཤིག་བཏང་བའི་འདུ་འཛོམས་བྱས་པ་སོགས་ཀྱི་ཉེས་མིང་འོག ལོ་ ༧ བཙོན་འཇུག་ཁྲིམས་ཆད་བཅད། འདས་ལོའི་ཕྱི་ཟླ་ ༩ ནང་ཨ་ཉག་སེང་སྒྲ་ལགས་ཀྱི་བཙོན་འཇུག་དུས་ཡུན་རྫོགས་ཡོད་ཀྱང་། རྒྱ་ནག་གིས་ཨ་ཉག་སེང་སྒྲས་བཙོན་ཁང་དུ་ཁྲིམས་འགལ་བྱས་ལུགས་ཀྱི་ནག་ཉེས་བཙུགས་ཏེ། འདི་ལོའི་ཕྱི་ཟླ་ ༢ པའི་བར་དུ་ཀློད་གྲོལ་གཏང་རྒྱུ་མིན་ལུགས་བརྗོད་ཡོད། ད་ལྟ་རང་ལོ་ ༥༥ ཡིན་པའི་ཨ་ཉག་སེང་སྒྲ་ལགས་ནི་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་མི་ཡིན་པ་དང་། ཁོང་གིས་དམངས་དོན་གླེང་ཞེས་པའི་ཚོགས་པ་ཞིག་བཙུགས་ཏེ། ས་གནས་སྲིད་གཞུང་གིས་གོང་རིམ་ནས་མི་མང་ལ་སྤྲད་པའི་སྐྱོབ་གསོ་རོགས་དངུལ་ལྐོག་ཟ་བྱས་པ་དང་། ཁྲིམས་འགལ་ཐོག་གཏེར་ཁ་སྔོག་འདོན་བྱས་པ། དབྱེ་འབྱེད། ད་དུང་མི་རིགས་ཀྱི་བདེ་སྡུག་ལ་ལྟ་རྟོགས་མི་བྱེད་པ་དང་། ལྷག་པར་དུ་ས་གནས་ཀྱི་མི་དམངས་སྐྱོ་བོ་ཚོར་ལྟ་རྟོགས་མི་བྱེད་པ་སོགས་ཀྱི་གནད་དོན་མང་པོ་ཞིག་ཐེར་འདོན་བྱས་ནས་རྫོང་དང་ཁུལ། ཞིང་ཆེན་རིམ་པར་ཞུ་གཏུག་བྱས་མྱོང་བ་ཡོད་པ་རེད། གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ། The post ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག  appeared first on བོད་ཀྱི་དུས་བབ།.

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ད་ལྟའི་ཆར་བཙན་བྱོལ་བོད་མིའི་དམའ་རིམ་འཛིན་གྲྭའི་ནང་དུ་སློབ་ཕྲུག་ཉུང་ཉུང་ལས་མེད་པས་སློབ་ཁྲིད་གནང་ཕྱོགས་ཐད་ཐབས་ཤེས་བྱ་དགོས་པ་གལ་ཆེན་པོ་རེད་ཅེས་བརྗོད། The post ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས། appeared first on བོད་ཀྱི་དུས་བབ།.

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་བྱུང་མེད་ནའང་རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཞུ་ཐབས་དང་བོད་དོན་ལ་ཤུགས་རྐྱེན་ཐེབས་ཐབས་སུ་བེད་སྤྱོད་གཏོང་བཞིན་ཡོད་སྐོར་སོགས་གསུངས་འདུག The post ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་། appeared first on བོད་ཀྱི་དུས་བབ།.

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཨ་རིའི་ནང་འཛམ་གླིང་ཞི་བདེའི་གོམ་བགྲོད་གནང་མཁན་ནང་པའི་དགེ་འདུན་པ་རྣམས་ཨ་རིའི་ཝིར་ཇི་ནི་ཡ་ས་གནས་སུ་འབྱོར་སྐབས་རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་དགོན་བདག་༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་གི་དབུས་ས་གནས་བོད་མི་རྣམས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨ་རིའི་ནང་འཛམ་གླིང་ཞི་བདེའི་གོམ་བགྲོད་གནང་མཁན་དགེ་འདུན་པ་རྣམས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་ཉེ་འགྲམ་ཝིར་ཇི་ནི་ཡ་ས་གནས་སུ་འབྱོར་ཡོད་པ་དང་། སྐབས་དེར་མེ་རི་མོང་ཊན་གཙུག་ལག་སློབ་གཉེར་ཁང་(Marymount University)གི་དགེ་ལས་སློབ་ཕྲུག་དང་ས་གནས་མི་མང་སྟོང་ཕྲག་མང་པོས་ཕེབས་བསུ་ཞུས་ཡོད་པ་དང་། ས་གནས་སུ་ཡོད་པའི་རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་དགོན་བདག་༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་གི་དབུས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་བསྟན་འཛིན་ལྷུན་གྲུབ་ལགས་སོགས་གཙོ་བོར་གྱུར་བའི་བོད་མི་རྣམས་ཀྱིས་ཀྱང་ཕེབས་བསུ་སྣེ་ལེན་ཞུས་ཡོད་པ་མ་ཟད། སང་ཉིན་ཝིར་ཇི་ནི་ཡའི་ས་གནས་བོད་རིགས་ཐུན་མོང་ཐོག་ནས་ནང་པའི་དགེ་འདུན་པ་རྣམས་ལ་ཞོགས་ཇ་འདེགས་འབུལ་ཞུ་རྒྱུ་དང་།  གནངས་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དི་སིའི་ལིན་ཁོན་དྲན་རྟེན་ཁང་(Lincoln Memorial)ནས་གྲོས་ཚོགས་ཀྱི་མདུན་ཐང་བར་གོམ་བགོད་གནང་རྗེས་ཐེངས་འདིའི་ཞི་བདེའི་གོམ་བགྲོད་ལེགས་པར་མཇུག་བསྡུས་བའི་མཛད་སྒོ་འཚོག་རྒྱུ་ཡིན་འདུག་ལ། སྐབས་དེར་ཤིང་བཟའ་རིན་པོ་ཆེ་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བསྩལ་གནང་བའི་གསུང་འཕྲིན་ཞིག་དགེ་འདུན་པ་རྣམས་ལ་འབུལ་འཆར་ཡོད་འདུག ༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར། ནང་པའི་དགེ་འདུན་རྣམས་ཀྱི་ཞི་བདེའི་གོམ་བགྲོད་དེ་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༦ ཉིན་ཨ་རིའི་མངའ་སྡེ་ཊེག་སེ་སི་ (Texas) ནང་རྟེན་གཞི་བྱས་པའི་ཝེ་ཐི་ནམ་གྱི་ཧོང་དྷའོ་ནང་པའི་དགོན་པ་ (Huong Dao Buddhist Temple) ཡི་གོ་སྒྲིག་འོག ཊེག་སེ་སིའི་གྲོང་ཁྱེར་ཧྥོར་ཌི་ཝོར་ཐི་ (Fort Worth) ནས་ནང་པའི་དགེ་འདུན་པ་ ༡༩ ཡིས་ཨ་ལོ་ཀ་ (Aloka) ཟེར་བའི་ཁྱི་ཞིག་འཁྲིད་དེ་དངོས་སུ་མགོ་བརྩམས་སྟེ། ཨ་རིའི་ལྷོ་ཤར་གྱི་མངའ་སྡེ་ལུ་སི་ཡ་ན་(Louisiana) དང་། མི་སི་སི་པི།...

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་ (Sanae Takaichi) མཆོག་ཉི་ཧོང་གི་སྲིད་བློན་དུ་འོས་འདེམས་བྱུང་བར་འཚམས་འདྲི་མཛད་འདུག ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཉི་ཧོང་གྲོས་ཚོགས་ནང་འོས་བསྡུས་བྱས་ཏེ། ཉི་ཧོང་གི་ལས་ཐོག་སྲིད་བློན་ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་ (Sanae Takaichi) མཆོག་ཉི་ཧོང་གི་སྲིད་བློན་དུ་འོས་འདེམས་བྱུང་ཡོད་པ་ལྟར། ཁ་སང་ཕྱི་ཟླ་ ༢ ཚེས་ ༩ ཉིན་གྱི་དགོང་མོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཁོང་མོའི་མཚན་ཐོག་ཏུ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ། ཁོང་མོས་མུ་མཐུད་ཉི་ཧོང་མི་མང་གི་རེ་བ་བསྐོང་ཐུབ་པ་མ་ཟད། འཛམ་གླིང་ཞི་བདེ་ཡོང་ཐབས་སུ་ཕྱག་ལས་གནང་དགོས་པའི་བསྐུལ་མ་མཛད་འདུག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་། ཁྱེད་ཀྱི་འཇོན་ཐང་ལྡན་པའི་དབུ་ཁྲིད་ལ་ཉི་ཧོང་མི་མང་གིས་ཡིད་ཆེས་གནང་བར་དགའ་སྤྲོ་ཆེན་པོ་བྱུང་། ང་ཚོའི་མདུན་དུ་འཛམ་གླིང་ནང་དཀའ་ངལ་རྙོག་འཛིང་མང་པོ་འཕྲད་བཞིན་པའི་སྐབས་འདིར། གཞན་གྱི་བདེ་དོན་ལ་སྙིང་རྗེ་དང་དོ་ཁུར་ཟབ་མོ་བཅངས་པའི་དབུ་ཁྲིད་ནི་ཧ་ཅང་གལ་ཆེ། ངོས་རང་གིས་ཁྱེད་ཀྱི་འོས་འདེམས་འདིས་མི་མང་པོར་སེམས་ཤུགས་སྤྲད་པ་དང་། འགྲོ་བ་མི་རྣམས་མཉམ་རུབ་དང་ཞི་བདེའི་སྤྱི་ཚོགས་ཤིག་གསོ་སྐྱོང་བྱེད་པར་ཕན་ཐོགས་ཡོང་བའི་རེ་བ་བྱེད་ཀྱིན་ཡོད། ཅེས་གསུངས་འདུག ཡང་མགོན་པོ་གང་ཉིད་ཀྱིས། ཁྱེད་ཀྱིས་ཉི་ཧོང་མི་མང་གི་རེ་བ་བསྐོང་བར་དབུ་ཁྲིད་ཀྱི་འགན་འཁུར་མུ་མཐུད་བཞེས་པ་དང་། འཛམ་གླིང་ཞི་བདེ་དང་སྙིང་རྗེ་ལྡན་པ་ཞིག་བསྐྲུན་པར་འབད་བརྩོན་གནང་བར་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ། ཞེས་ཐུགས་སྨོན་མཛད་འདུག ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་ལགས་ནི་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༧ ཉིན་ཉི་ཧོང་གི་ནཱ་རཱ་ཁུལ་ (Nara) དུ་ཡོད་པའི་ཡཱ་མ་ཏོ་ཀོ་རི་ཡཱ་མ་ (Yamatokōriyama) གྲོང་ཁྱེར་དུ་སྐྱེས་ཤིང་། ནཱ་རཱ་ཁུལ་གྱི་ཨུ་ནེ་བྷི་མཐོ་རིམ་སློབ་གྲྭ་ (Nara Prefectural Unebi High School) ནས་འབྲིང་རིམ་སློབ་སྦྱོང་བྱས་པ་དང་། ཀོ་བྷེ་གཙུག་ལག་སློབ་གཉེར་ཁང་ (Kobe University) ནས་ཚོང་རིག་གི་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༨༩ ཟླ་ ༣ པའི་ནང་ཉི་ཧོང་གི་ཨ་ས་ཧི་རླུང་འཕྲིན་ཁང་ (TV Asahi) དུ་གསར་འགོད་པའི་ཕྱག་ལས་གནང་བ་མ་ཟད། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ནང་ཧྥུ་ཇི་རླུང་འཕྲིན་ཁང་ (Fuji Television) གི་མདོ་འཛིན་པའི་ལས་གནས་གཉེར། ཕྱི་ལོ་ ༡༩༩༣ ནས་ ༢༠༠༣ བར་ཉི་ཧོང་གི་གྲོས་ཚོགས་འོག་མའི་འཐུས་མི་དང་། ནང་སྲིད་དང་བརྡ་འཕྲིན་བློན་ཆེན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༢༠༢༢ ནས་ ༢༠༢༤ བར་དཔལ་འབྱོར་བདེ་འཇགས་བློན་ཆེན་གྱི་འགན་འཁུར་བཞེས། ཟླ་འདིའི་ཕྱི་ཚེས་ ༤ ཉིན་གུ་ཡངས་དམངས་གཙོ་སྲིད་དོན་ཚོགས་པའི་ཚོགས་གཙོར་བདམས། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༡ ཉིན་ཉི་ཧོང་གྲོས་ཚོགས་གོང་འོག་གཉིས་ཀྱིས་ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་ལགས་རྒྱལ་ཁབ་ཀྱི་བུད་མེད་སྲིད་བློན་ཐོག་མར་འོས་འདེམས་བྱུང་ཡོད་པ་རེད། གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ། The...

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

དེ་རིང་ཕྱི་ཚེས་ ༩ ནས་ ༡༠ བར་ཉིན་གྲངས་གཉིས་ཀྱི་རིང་ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) སྟེང་དྲག་གནོན་དང་གདོང་ལེན། རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་སོགས་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཅེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་དབུ་འཛུགས་གནང་སོང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། འཇར་མན་གྱི་མངའ་སྡེའི་གྲོས་ཚོགས་ཀྱི་དྲུང་ཆེ་ (Michael Brand)། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་པ་ཝལ་ (Pavel Fischer)ལགས།  སུད་སིའི་རྒྱལ་ཡོངས་ལྷན་ཚོགས་ (National Council) ཀྱི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལོ་རན་སི་ (Lawrence Fehlmann Rielle) ལགས། ཇི་ནི་ཝའི་གྲོས་ཚོགས་ཀྱི་ཚོགས་གཞོན་དྷི་ལ་ར་ (Dilara Bayrak) ལགས། མེག་སི་ཁོའི་གྲོས་ཚོགས་འཐུས་མི་པ་ལོ་མ་ (Paloma Dominguez Ugarte)། ཇི་ནི་ཝའི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོགས་མཉམ་ཞུགས་གནང་འདུག གླེང་སྟེགས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ངས་དེབ་མཐུག་པོ་ཞིག་འཁྱེར་ཡོད་པ་ཁྱེད་ཚོ་ཡ་མཚན་སྐྱེས་ཀྱི་ཡོད་ངེས་རེད།...

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་མིང་འོག་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་སུ་མི་ལོ་ཉི་ཤུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག དེ་རིང་ཕྱི་ཚེས་ ༩ ཉིན་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་གསར་ཁང་གསར་འཛུགས་གནང་མཁན་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ (Jimmy Lai ) ལགས་ཁྲིམས་མཐུན་མ་ཡིན་པའི་འདུ་འཛོམས་ལ་མཉམ་ཞུགས་བྱས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་མིང་འོག་མི་ལོ་ཉི་ཤུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག གནད་དོན་དེའི་ཐད་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་རྣམས་དང་གཞུང་སྒེར་མང་པོ་ཞིག་གིས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། དབྱིན་ཡུལ་དུ་གནས་སྡོད་སྐུ་ཞབས་ཇི་མི་ལའེ་ཡི་བུ་སི་བྷེ་སི་ཊན་(Sebastien )ལགས་ཀྱིས། སྐུ་ཞབས་ཇི་མི་ལའེ་ལགས་ཀྱིས་ཧོང་ཀོང་ནང་གི་རང་དབང་སྲུང་སྐྱོབ་ཀྱི་ལས་དོན་ལ་གཞོལ་ནས་ཉེས་ཆད་བཅད་པ་ཞིག་རེད། རང་དབང་དང་རང་གི་རྒྱལ་ཁབ་ཀྱི་ཆེད་དུ་ལེགས་སྐྱེས་མང་པོ་ཕུལ་བའི་སྐྱེས་པ་ཞིག་ལ་ཁོ་རང་ཉིད་ཀྱི་རང་དབང་གི་ཆ་ཤས་ཤིག་ཐོབ་འོས་པ་རེད། ཅེས་བརྗོད་འདུག་ལ། ཇི་མི་ལའེ་ལགས་ཀྱིས་དེ་སྔོན་ནེའུ་ཡོག་དུས་བབ་ཀྱི་བཅར་འདྲི་ཞིག་ནང་། གཞུང་གིས་ངའི་བློ་སྟོབས་ལ་དགའ་བོ་བྱེད་ཀྱི་ཡོད་པ་མ་རེད།  ཁོ་ཚོས་ང་རྙོག་དྲ་བཟོ་མཁན་ཞིག་ཏུ་མཐོང་གི་ཡོད། ཅེས་བརྗོད་ཡོད་པ་རེད། ཕྱི་ལོ་ ༡༩༩༧ ལོར་དབྱིན་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གཞི་རྩའི་ཁྲིམས་ཀྱི་དགོངས་དོན་ལྟར་ཧོང་ཀོང་ནང་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་སོགས་ཁག་ཐེག་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་གཞུང་གིས་རྒྱ་ནག་སྐམ་ས་དང་མཉམ་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཏན་འབེབ་བྱ་རྩིས་བྱས་པ་ལ་བརྟེན་ནས། དམངས་གཙོ་དོན་གཉེར་བས་སྣེ་ཁྲིད་པའི་གཞུང་རྒོལ་གྱི་ལས་འགུལ་ཤུགས་ཆེན་བྱུང་ཡོད་པ་དང་། ལས་འགུལ་ཁྲོད་དྲག་པོའི་དོན་རྐྱེན་ཡང་བྱུང་ཡོད་སྟབས། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བར་དམིགས་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཞེས་པ་ཞིག་གཏན་འབེབ་བྱས་ཏེ། རྒྱལ་ཁབ་ཁ་བྲལ་དང་མགོ་རྟིང་སློག་པ། གྱེན་ལོག་གིས་མཚོན་པའི་བདེ་སྲུང་ལ་གནོད་པའི་བྱ་སྤྱོད་ཁག་བཀག་འགོག་བྱེད་པར་ཁ་གཡར་ཏེ་ཧོང་ཀོང་གི་ལས་འགུལ་བ་ཚོ་འཛིན་བཟུང་བྱས་པ་དང་། གྲོས་ཚོགས་འཐུས་མི་དམངས་གཙོ་དོན་གཉེར་ཅན་ཕྱིར་ཕུད་བཏང་བ་སོགས་བྱས་ཡོད་པ་རེད། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཏན་འབེབ་བྱེད་སྐབས་ཉུང་མཐར་མི་གྲངས་ ༣༠༠ ལྷག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང་། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གཙོས་པའི་རང་དབང་གི་གསར་འགོད་པ་དང་རྩོམ་པ་པོ། ལས་འགུལ་བ་མང་པོ་འཛིན་བཟུང་བྱས་པ་དང་། ཁག་ཅིག་བཙན་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད། ཇི་མི་ལའེ་ནི་ཕྱི་ལོ་ ༡༩༤༧ ལོར་རྒྱ་ནག་ཀང་ཏུང་ཞིང་ཆེན་ཀོང་ཀྲུའུ་གྲོང་ཁྱེར་གྱི་ཚོང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡོད་ཅིང་། ལོ་ ༡༢ སྟེང་གྲུ་གཟིངས་ཤིག་ནང་བསྡད་དེ་ཧོང་ཀོང་དུ་ཕེབས། ཕྱི་ལོ་ ༡༩༨༡ ཨེ་ཤ་ཡ་ཇི་ཨོར་ཌ་ནོ་(Giordano)ཆས་བཟོ་ཚོང་ཁང་གསར་འཛུགས་བྱས་ཏེ། རྒྱལ་ཁབ་ ༣༠ ལྷག་གི་ནང་ཚོང་ཁང་ ༢༤༠༠ དང་ལས་བཟོ་བ་༨༠༠༠ ལྷག་ཡོད་འདུག ཁོང་ནི་དུས་རྒྱུན་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་ཤུགས་ཆེན་གནང་མཁན་ཞིག་དང་། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གསར་འཛུགས་གནང་མཁན། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་མི་སྣ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༢༠ ཟླ་ ༨ པའི་ནང་ཧོང་ཀོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཕྱིའི་རྒྱལ་ཁབ་དང་ངན་འབྲེལ་བྱས་པ་དང་། ཁྲིམས་མཐུན་མ་ཡིན་པའི་འདུ་འཛོམས་ནང་ཞུགས་པ་སོགས་ཀྱི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་པ་རེད། སྤྱིར་ཀུ་ཤུ་ཉིན་རེའི་གསར་ཁང་ཅེས་པ་དེ་ནི་ཧོང་ཀོང་ནང་གི་དམངས་གཙོ་དོན་གཉེར་བའི་གསར་ཤོག་ཆེ་གྲས་ཤིག་ཡིན་པ་མ་ཟད། དུས་རྒྱུན་རྒྱ་ནག་དང་ཧོང་ཀོང་གི་མགོ་འཁྲིད་རྣམས་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་ཞིག་ཡིན་འདུག  སྐུ་ཞབས་ཇི་མི་ལའེ་ལྟ་བུར་མཚོན་ན། ཕྱི་ལོ་ ༢༠༡༤ ལོའི་ཆར་གདུགས་གསར་བརྗེའི་སྐབས་མངོན་གསལ་དོད་པོས་ལས་འགུལ་ནང་ཞུགས་ཏེ་གཞུང་ལ་ངོ་རྒོལ་གྱི་གཏམ་བཤད་གནང་ཡོད་པ་དང་། ཕྱི་ལོ ༢༠༡༩  ཟླ་ ༦ པའི་ནང་ནས་བཟུང་བྱུང་བའི་ཧོང་ཀོང་གི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ཡིན་འདུག གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ། The post ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་...

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད།

ད་ེརིང་ཕྱི་ཚེས་ ༩ ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད་ཡོད་པ་དང་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་བཞུགས་སྒར་དུ་ཕེབས་འབྱོར་གནང་འཆར་ཡོད་འདུག འདས་ལོའིོ་ཕྱི་ཟླ་ ༡༢  ཚེས་ ༡༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཉིན་གྲངས་ ༥༩ རིང་བཞུགས་ཏེ་ས་གནས་སུ་མཛད་འཕྲིན་རྒྱ་ཆེན་བསྐྱངས་ཡོད་པ་དང་། དེ་རིང་སྔ་དྲོར་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ཟླ་གཉིས་ཙམ་གྱི་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་ཡུལ་མི་ ༢༥༨༥ དང་། ཕྱི་རྒྱལ་བ་ ༡༤༨༠། བོད་དང་ཧི་མ་ལ་ཡའི་རྒྱུད་ཀྱི་དད་ལྡན་ ༡༢༡༩༣ བཅས་ཁྱོན་དད་ལྡན་དོན་གཉེར་བ་མི་གྲངས་ ༡༦༢༥༨ ལྷག་ལ་མཇལ་ཁ་བསྩལ་འདུག གཞན་ཡང་། ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་༧རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་གྲུབ་པ་དང་། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་བཅས་ཀྱིས་འབྲས་སྤུངས་ཁྲི་པ་མཛད་པའི་ལོ་རྒྱུས་གཞིར་བཟུང་སྐུ་ཕྲེང་བཅུ་བཞི་པ་མཆོག་འབྲས་སྤུངས་ཁྲི་པར་མངའ་གསོལ་མཛད་ཡོད་པ་དང་། དེ་བཞིན་འབྲས་སྤུངས་སྒོ་མང་གི་མཁན་པོ་བླ་སྤྲུལ་རྣམ་པ་སྤྱི་མོས་ཐོག་དཔལ་ལྡན་འབྲས་སྤུངས་གྲྭ་ཚང་གི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕོ་བྲང་དང་ཆོས་ར་གསར་པ་བཅས་དགའ་ལྡན་ཕོ་བྲང་ལ་ཕུལ་ཡོད་འདུག  གནས་ཚུལ་འདིའི་ཐད་འབྲས་སྤུངས་སྒོ་མང་མཁན་རིན་པོ་ཆེ་འཇིགས་མེད་རྒྱ་མཚོ་མཆོག་གིས་འདི་ག་དུས་བབ་ཀྱི་གསར་འགོད་པར།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་དཔལ་ལྡན་ཕོ་བྲང་གི་བླ་མ་ཞིག་ཡིན་པ་ག་དུས་ཡིན་ཡང་གསུང་གི་ཡོད་རེད། དེའི་ནང་ནས་ད་ལོར་འབྲས་སྤུངས་ཁྲི་པར་བཞུགས་པ་རེད། དེ་འདྲ་ཡིན་དུས་འབྲསསྤུངས་དགོན་པའི་དགོན་བདག་ཟེར་ནའང་༧རྒྱལ་བ་རིན་པོ་ཆེ་མཆོག་ཡིན་ཞིང་། ལྷག་པར་༧མགོན་པོ་གང་ཉིད་ནས་སྒོ་མང་གྲྭ་ཚང་གི་བསམ་བློ་ཁང་ཚན་ཡིན་ཞེས་སྐབས་སྐབས་ལ་མང་པོ་གསུང་གི་འདུག་གཱ། དེ་འདྲ་ཡིན་དུས། ང་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྒོ་མང་གྲྭ་ཚང་གི་མཚན་ཐོ་དང་པོར་བཞུགས་རོགས་ཞེས་སྙན་གསེང་ཞུ་སྐབས། འགྲིག་གི་རེད་གསུངས་ནས་བཞུགས་པ་རེད། དེ་འདྲ་ཡིན་ཙང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་ཀྱི་བླ་མ་དང་། འབྲས་སྤུངས་ཀྱི་ཁྲི་པ། སྒོ་མང་གྲྭ་ཚང་གི་བླ་མ་ཆགས་ཡོད་རེད་ཟེར་ནའང་མི་ཆོག་པ་ཡོད་མ་རེད། དགའ་ལྡན་ཕོ་བྲང་ཡོད་རེད་དེ། ད་ལྟ་སྐུ་འཁོར་རྣམས་དེའི་ནང་བཞུགས་ཐབས་མེད་པ་ཞིག་ཆགས་ཡོད་རེད། ཁོང་བཞུགས་སའི་བླ་བྲང་ཞིག་འབྲས་སྤུངས་ལ་དགོས་ནའང་། ད་གཅིག་གསར་དུ་བརྒྱག་དགོས་ཟེར་ན། བརྒྱག་སའི་ས་ཆ་སོགས་གང་གི་ཆ་ནས་དཀའ་ལས་ཁག་པོ་ཆགས་ཀྱི་འདུག་ཀྱང་། ད་ལོ་བཞིན་སྐུ་ལྷོད་ལྷོད་གནང་ནས་བཞུགས་ས་ཞིག་དགོས་ཙང་། གང་ཡོད་པ་དེ་ཕུལ་ཐུབ་པ་ཞིག་ཆགས་ཀྱི་རེད། ད་ལྟ་རྒྱ་གར་གྱི་ས་གནས་གང་དུ་བལྟས་ཀྱང་། སྐུ་འཁོར་ལྷོད་ལྷོད་བཞུགས་ས། ཡོངས་སུ་རྫོགས་པ་ཚང་ས། འཁོད་ཡངས་པོ་ཡོད་ས། ཁུ་སིམ་སིམ་སོགས་འདི་ལས་ལྷག་ཅིག་མེད་པ་དྲུང་ཆེ་ཚང་མས་གསུང་གི་འདུག་པས། དགའ་ལྡན་ཕོ་བྲང་གི་སྐུ་འཁོར་ཚང་མ་འབྲས་སྤུངས་ན་བཞུགས་ས་ཞིག་འབྲས་སྤུངས་ལ་ཡོད་དགོས་པ་ཞིག་ཆགས་ཀྱི་ཡོད་ཙང་། དེ་ཡར་ལ་ཕུལ་བ་ཡིན་ན་དགའ་ལྡན་ཕོ་བྲང་ལ་དངོས་གནས་དྲང་གནས་ཐུགས་ཕན་དང་། སྟབས་བདེ་ཞིག་ཆགས་ཀྱི་ཡོད་རེད། ཅེས་གསུངས་སོང་།  དེ་རིང་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མོན་གྷོ་འདོད་རྒུ་གླིང་ནས་ཕེབས་ཟིན་རྗེས། འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་ས་གནས་བོད་མི་ཞིག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཟླ་བ་གཉིས་ཙམ་ཞིག་འདིར་བཞུགས་པའི་རིང་དཔེ་མི་སྲིད་པའི་སེམས་པ་སྐྱིད་པོ་དང་། ད་ལོ་ནང་བཞིན་སྐྱིད་པོ་ཞིག་ཡོང་མ་མྱོང་། ཁོང་སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་ལམ་ཡོད། མ་འོངས་པར་སླར་ཡང་འདིར་ཆིབས་བསྒྱུར་གནང་ཐུབ་པའི་སྨོན་ལམ་ཡོད། ཅེས་དང་། ཡང་བོད་མི་ཞིག་གིས། ད་ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དུས་ཚོད་དཔེ་མང་པོ་ཞིག་འདིར་བཞུགས་ནས། དཔེ་མི་སྲིད་པའི་བྱིན་རླབས་ཆེན་པོ་བྱུང་། མ་འོངས་པར་བོད་གཞིས་བྱེས་མཉམ་འཛོམས་བྱུང་ནས། གཟིམ་ཆུང་པོ་ཏ་ལར་སྐུ་བཞུགས་མཛད་ནས། མི་མང་རྣམས་གཞིས་བྱེས་ལྷན་འཛོམས་ཡོད་པའི་སྨོན་ལམ་ཞུ། ཞེས་བརྗོད་བྱུང་།  དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་བཞུགས་རིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕྱི་ཚེས་ ༡༣ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཞུགས་གནང་རྒྱུ་དང་། དགའ་ལྡན་ཕོ་བྲང་གི་དྲ་རྒྱར་གསལ་བའི་མཛད་འཆར་ལྟར་ན།  ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༢ ཚེས་ ༢༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པ་དང་། སུད་སི་ལྷ་ས་བུའི་ཚོགས་པ་གཉིས་ཀྱིས་ཚེ་དཔག་མེད་དྭགས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ། The post ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། appeared first on བོད་ཀྱི་དུས་བབ།.

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས་ཀྱི་བཙོན་འཇུག་དུས་ཡུན་ཚང་སྟེ་ཀློད་གྲོལ་བཏང་ཡོད་པ་དང་། ད་ལྟའི་ཆར་ཁོང་ཕ་ཡུལ་རྐྱང་ཆད་ཡུལ་ཚོའི་རང་ཁྱིམ་དུ་འབྱོར་ཡོད་པ་ལས་འགྲོ་འདུག་གི་རང་དབང་དང་འཕྲོད་བསྟེན་སོགས་ཀྱི་གནས་སྟངས་སྐོར་ལ་གསལ་ཁ་གང་ཡང་མི་འདུག The post ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག appeared first on བོད་ཀྱི་དུས་བབ།.

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༨ ཉིན་ནི་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་ཏེ་ལོ་ངོ་གཅིག་འཁོར་གྱི་ཡོད་པ་དང་བསྟུན། འཛམ་གླིང་ཡུལ་གྲུ་གང་སར་དམ་པ་ཁོང་ལ་རྣམ་པ་འདྲ་མིན་གྱི་ཐོག་ནས་རྗེས་དྲན་ཞུ་བཞིན་འདུག The post འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག appeared first on བོད་ཀྱི་དུས་བབ།.

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

དགའ་ལྡན་ཕོ་བྲང་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མྱོང་མེད་པའི་གསལ་བསྒྲགས་གནང་འདུག The post ༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་། appeared first on བོད་ཀྱི་དུས་བབ།.

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཐོ་རིམ་ཁྲིམས་ཁང་ཞིག་གིས་སུད་སིར་གནས་སྡོད་བོད་མི་དབྱངས་ཅན་ལགས་རྒྱ་གར་གྱི་མི་སེར་ཡིན་པས། ཁོང་མོར་རྒྱ་གར་གྱི་ཕྱི་སྐྱོད་ལག་འཁྱེར་སྤྲོད་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག The post རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་། appeared first on བོད་ཀྱི་དུས་བབ།.

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་སྙན་ཐོའི་ནང་འདས་ལོར་རྒྱ་ནག་གཞུང་གིས་བོད་དང་། ཤར་ཊུར་ཀི་སི་ཐན། ཧོང་ཀོང་བཅས་སུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཤུགས་ཆེན་གཏོང་མུས་དང་། བོད་ནང་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སོགས་ཀྱི་ཐད་ལ་དམ་དྲག་ཆེན་པོ་བྱེད་མུས་ཡིན་སྐོར་སོགས་གསལ་འདུག ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས། ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རྩ་གཏོར་དང་། བོད་མི་མང་པོ་ཞིག་ལ་ནག་ཉེས་སྣ་ཚོགས་གཡོགས་ནས་གང་བྱུང་འཛིན་བཟུང་བཀག་ཉར། གཅར་རྡུང་། དེ་བཞིན་བོད་ནང་གི་ས་གནས་མང་དག་ཅིག་ལ་དམ་དྲག་དང་། བོད་ཀྱི་སྒེར་གཉེར་སློབ་གྲྭ་ཁག་སྒོ་རྒྱག་པ། རྒྱ་ནག་གཞུང་གིས་མགོ་ཁྲིད་ཞི་ཅིན་ཕིན་གྱི་དགོངས་པ་ཟེར་བའི་དམར་པོའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་ཡོད་པའི་སྙན་ཐོ་བཏོན་འདུག སྙན་ཐོ་དེའི་ནང་། ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ལོགས་དང་། གྲངས་ཉུང་མི་རིགས་ཀྱི་ས་ཚིགས་ཁུལ་དུ་འཆར་གཞི་རང་བཞིན་ལྡན་པའི་ཐོག་ནས་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་། ཆོས་ལུགས་དད་མོས་རང་དབང་སོགས་ཀྱི་ཐད་ལ་དམ་དྲག་དང་། ཕྱོགས་ཡོངས་ནས་སྒོ་རྒྱ་བསྡམས་ཏེ་ཚོད་འཛིན་ནན་མོ་བྱས་ཡོད་ཅིང་། ལྷག་པར་བོད་དང་། ཤར་ཊུར་ཀི་སི་ཐན། ཧོང་ཀོང་སོགས་སུ་དྲག་གནོན་རང་བཞིན་གྱི་ཐོག་ནས་ཚོད་འཛིན་ནན་མོ་བྱས་ཡོད། ཅེས་དང་། རྒྱ་ནག་གཞུང་གིས་འདས་ལོར་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་འགལ་དུ་ལང་མཁན་གྱི་རྒྱ་ནག་དམངས་གཙོ་དོན་གཉེར་བ་གཙོས་ཁག་ཅིག་ལ་ནག་ཉེས་གཡོགས་ནས། འཛིན་བཟུང་བཀག་ཉར་དང་། བཙོན་འཇུག་ཁྲིམས་ཐག་བཅད་པ། དེ་བཞིན་གར་སོང་ཆ་མེད་དུ་གྱུར་བའི་རིགས་མང་དག་ཅིག་བྱུང་ཡོད་པའི་མུར། འདས་ལོའི་འཇར་འགོག་དམག་འཁྲུག་ལས་རྣམ་པར་རྒྱལ་ནས་མི་ལོ་ ༨༠ ལོན་པའི་མཛད་སྒོ་སོགས་ཀྱི་སྐབས་སུ། རྒྱ་ནག་མར་ཤོག་རིང་ལུགས་ཀྱི་དྲིལ་བསྒྲགས་ཤུགས་ཆེན་དང་། ཕྱོགས་ཡོངས་ནས་དམ་དྲག་ཤུགས་ཆེན་བྱས་ཡོད་སྐོར་གསལ་འདུག བོད་ནང་གི་གནས་བབ་དང་འབྲེལ་ནས་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་རྣམས་རྒྱ་རིགས་སུ་བསྒྱུར་བའི་སྲིད་ཇུས་ལག་བསྟར་བྱེད་མུས་ཡིན་པའི་ཁྲོད། བོད་ཀྱི་སྐད་ཡིག་དང་རིག་གཞུང་དར་སྤེལ་གཏོང་བའི་སློབ་གྲྭ་ཁག་སྒོ་རྒྱག་པ་དང་།...

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཨ་རིའི་སྲིད་འཛིན་ཊོམ་ཕུའི་གཞུང་གིས་སྐུ་ཞབས་རི་ལེ་བྷར་ནེ་སི་ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་ཡོད་འདུག The post ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། appeared first on བོད་ཀྱི་དུས་བབ།.

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

འཁོར་སྐར་བརྒྱུད་ཞིབ་འཇུག་བྱས་ཏེ་བོད་དང་ཧི་མ་ལ་ཡའི་ཁུལ་དུ་ས་འོག་གི་ཆུ་ཉུང་དུ་འགྲོ་ཡི་ཡོད་པ་གསལ་སྟོན་བྱས་འདུག The post ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག appeared first on བོད་ཀྱི་དུས་བབ།.