བོད་ཀྱི་དུས་བབ། - Tibet Tribune

བོད་ཀྱི་དུས་བབ།

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ཟི་ལིང་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་ཡོད་འདུག

བོད་གཅིག་སྒྲིལ་རྫོང་ཉེན་རྟོག་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ཟི་ལིང་དུ་བཀག་ཉར་བྱས་ཡོད་སྐོར་ཙམ་བརྗོད་པ་ལས་ཁོང་གི་གནས་སྟངས་ཐོག་གསལ་ཁ་ཅི་ཡང་བཟོས་མི་འདུག The post མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ཟི་ལིང་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་ཡོད་འདུག appeared first on བོད་ཀྱི་དུས་བབ།.

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༤༠ འཚོག་བཞིན་པ།

ཟླ་འདིའི་ཕྱི་ཚེས་ ༢༢ ནས་ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༣ བར་གནས་མཆོག་རྡོ་རྗེ་གདན་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་བཞི་བཅུ་པ་འཚོག་བཞིན་པའི་ཐོག་༸རྒྱལ་དབང་ཀརྨ་པ་མཆོག་ནས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་སྐོར་ལ་བཀའ་སློབ་གནང་འདུག དེ་རིང་ཕྱི་ཚེས་ ༢༩ ཉིན་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས། དེ་རིང་ཤེས་རབ་ཀྱི་སྐོར་གོ་བདེ་པོ་བྱས་ནས་ཞུ་ཡི་ཡིན། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དགོས་ཀྱི་ཡོད་པ་རེད། ཐོས་པའི་ཤེས་རབ་ནི་རང་ཉིད་ཀྱིས་གནས་ཚུལ་གང་ཡིན་པ་ཤེས་རྟོགས་དང་ངོས་འཛིན་བྱེད་ཐུབ་པ་བྱ་དགོས། དཔེར་ན། མི་གཞན་གྱིས་ཁྱེད་རང་ལ་ཁ་ཡ་མ་བྱས་པ་དང་ཡ་ལན་མ་བྱས་པར་བརྟེན་ཁོང་ཁྲོ་ལངས་པ་དང་། སོ་སོའི་ལས་ཀ་ཡག་པོ་ཞིག་བྱས་ཀྱང་། བསྔགས་བརྗོད་མ་བྱས་པར་བརྟེན་སེམས་ཕམ་པ་སོགས་ཡོང་གི་རེད། སྐབས་དེ་དུས་དམ་པའི་ཆོས་དང་དེ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་སློབ་སྦྱོང་བྱས་ཏེ། སེམས་འཁྲུག་པ་དང་བློ་ཕམ་པ་སོགས་གང་འདྲ་ཡོང་གི་ཡོད་པའི་ཐོག་སློབ་སྦྱོང་བྱས་ཏེ་སེམས་འཁྲུག་པའི་རྒྱུ་རྐྱེན་དེ་དག་ངོས་འཛིན་པ་བྱ་རྒྱུ་གལ་ཆེན་པོ་རེད། བསམ་པའི་ཤེས་རབ་ནི་གནས་ཚུལ་ལ་དབྱེ་ཞིབ་དང་བསྐྱར་ཞིབ་བྱ་རྒྱུ་ཞིག་རེད། དཔེར་ན། མི་གཞན་གྱིས་ཁྱེད་རང་ལ་མགོ་སྐོར་བཏང་བ་ཤེས་རྟོགས་བྱུང་སྟེ་ཁོང་ཁྲོ་ཟ་བའི་སྐབས། སོ་སོའི་སེམས་དེ་ཉོན་མོངས་པས་ཁེངས་ཀྱི་ཡོད་པ་རེད། དེར་བརྟེན་སོ་སོའི་སེམས་དེ་ཉོན་མོངས་པའི་དབང་དུ་མ་བཏང་བར་སོ་སོའི་སེམས་ཞི་ལྷོད་ཡོང་རྒྱུའི་ཐབས་ཤེས་བྱེད་དགོས་ཀྱི་ཡོད་པ་རེད། སྒོམ་པའི་ཤེས་རབ་ནི་གོམས་འདྲིས་བྱས་པའི་རིམ་པ་ཞིག་རེད། ...

ཕོ་བྲང་པོ་ཏ་ལའི་ཤིང་ཆའི་བཟོ་བཀོད་ལ་དཀའ་ངལ་འཕྲད་ཀྱིན་འདུག

ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་རྨང་གཞིའི་འཛུགས་སྐྲུན་དུ་གྱུར་བའི་ཤིང་བཀོད་ཀྱི་རིགས་ད་སྔ་བར་ངོས་འཛིན་མེད་པའི་འབུ་རིགས་ཤིག་གིས་བཟས་ཏེ་གནོད་སྐྱོན་བཟོས་དང་བཟོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག The post ཕོ་བྲང་པོ་ཏ་ལའི་ཤིང་ཆའི་བཟོ་བཀོད་ལ་དཀའ་ངལ་འཕྲད་ཀྱིན་འདུག appeared first on བོད་ཀྱི་དུས་བབ།.

འབྲས་སྤུངས་བློ་གསལ་གླིང་དུ་རིས་མེད་མཁས་པའི་བགྲོ་གླེང་དབུ་འཛུགས་གནང་།

༧སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་དང་བསྟུན། ༧རྒྱལ་བའི་མཛད་རྣམ་དང་སྤྱོད་འཇུག་ཆེན་མོ་དང་འབྲེལ་བའི་རིས་མེད་མཁས་པའི་བགྲོ་གླེང་ཞིག་འཚོག་མགོ་བཙུགས་སོང་། དེ་རིང་ནས་ཉིན་གྲངས་ལྔ་ཡི་རིང་ལ་བྱེས་ཀྱི་གདན་ས་ཆེན་མོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་གཙི་སླད། ༧རྒྱལ་བའི་མཛད་རྣམ་དང་སྤྱོད་འཇུག་ཆེན་མོ་དང་འབྲེལ་བའི་རིས་མེད་མཁས་པའི་བགྲོ་གླེང་ཞིག་འཚོག་མགོ་བཙུགས་ཡོད་ཅིང་། དེ་རིང་དབུ་འབྱེད་མཛད་སྒོའི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས།  སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག སྒོ་མང་དང་བློ་གསལ་གླིང་གི་མཁན་རིན་པོ་ཆེ་མཆོག་རྣམ་གཉིས། རྒྱ་གར་གྱི་དབུས་གཞུང་གྲོས་ཚོགས་བདེ་དོན་བློན་ཆེན་ཀི་རན་རི་ཇི་ཇུ་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁས་དབང་རྣམ་པ་སོགས་འཛོམས་ཡོད་འདུག  བློ་གསལ་གླིང་གི་མཁན་རིན་པོ་ཆེ་མཆོག་ཡི་ཤེས་ལྷུན་གྲུབ་མཆོག་གིས་མཛད་སྒོ་འབྲེལ་བའི་གསུང་བཤད་ནང་། དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་བལྟམས་ནས་མི་ལོ་དགུ་བཅུ་ཧྲིལ་པོ་ཕྱིན་ཡོད་ཅིང་། དགུང་ལོ་ཧྲིལ་པོ་དགུ་བཅུ་དེའི་རིང་ལ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་རྗེས་དྲན་བྱས་པའི་ཐོག་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཡི་ཡོད་པ་རེད། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱི་ཡོན་ཏན་དང་། ལྷག་པར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་བལྟམས་ནས་མི་ལོ་དགུ་བཅུ་སོང་བའི་དུས་ཡུན་དེ་དག་གི་ཁྲོད། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གཞིས་བྱེས་བོད་མི་ཡོངས་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་ཀྱིས་གཙོས། འཛམ་གླིང་ཤར་ནུབ་ཀྱི་མི་ཚོགས་གྲངས་ལས་འདས་པར་ཚེ་འདི་དང་། སྐྱེས་པ་ཕྱི་མར་ཕན་པའི་ཚོགས་དང་། ངེས་པར་ལེན་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་དང་སྣེ་ཁྲིད། ཐབས་ལམ་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བསམ་གྱིས་མི་ཁྱབ་པའི་མཛད་པ་བསྐྱངས་པ་དང་སྐྱོང་བཞིན་པའི་བཀའ་དྲིན་འདི་ཞིབ་ཅིང་ཕྲ་བ་ཞིག་སྐྱེས་བུ་ཐ་མལ་བ་ཞིག་གིས་བཤད་ག་ལ་ཐུབ་ཀྱང་། བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་ནི་ཤེས་རྟོགས་འབྱུང་གི་ཡོད་རེད། དེ་འདྲ་ཡིན་པ་སོང་། ཚང་མས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་དྲིན་དེ་འཇལ་དགོས་ཤིང་། སྐུ་དྲིན་འཇལ་སླད་ང་ཚོས་སྦྱོར་བ་ལག་ལེན་གྱི་ཐོག་ནས་བཀའ་བཞིན་སྒྲུབ་པའི་མཆོད་པའི་ཐོག་ནས་སྙིང་སྟོབས་དང་དམ་བཅའ་ཆོད་སེམས་དེ་སླར་ལྷག་སྐྱེད་ཡ་དེ་གལ་ཆེན་པོ་ཡིན་པ་མཟད། བཀའ་བཞིན་ལག་ལེན་བསྟར་བ་ཡིན་ན་དེ་ནི་སྐུའི་གོ་སྟོན་སྲུང་གཙི་ངོ་མ་དེ་ཡིན། ཞེས་སོགས་གསུངས་སོང་།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། དེ་རིང་འདི་འདྲ་བའི་འཛོམས་ས་ཞིག་དང་གནས་སྟངས་འདི་འདྲ་ཞིག་ལ་ག་རེ་ཞུ་དགོས་མིན་ཤེས་ཀྱི་མི་འདུག་ཀྱང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱིས་བོད་རྒྱལ་ཁབ་ཀྱི་གནས་བབ་བལྟས་ན་ཐབས་སྐྱོ་བོ་ཞིག་ཏུ་གྱུར་ཡོད་ཀྱང་། ང་ཚོ་བོད་ཀྱི་བདེན་མཐའ་གསལ་བའི་རེ་བ་བྱེད་སའི་གཞི་ཞིག་ཡོད་པ་མ་ཟད། གནས་སྟངས་སྡུག་པའི་ནང་ནས་ད་ལྟ་ལས་སྐྱིད་པ་ཞིག་མེད་པ་རེད། ངས་དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དབུ་འཁྲིད་འོག ང་ཚོ་གང་ནས་མགྱོགས་ཉིད་དུ་རང་ཡུལ་ལ་ལོག་ཐུབ་རྒྱུ་ཞིག་དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་པ། བོད་ལ་བདེ་སྐྱིད་ཡོང་བ། འཇིག་རྟེན་འདི་ལ་བདེ་སྐྱིད་ཡོང་ཆེད།...

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་མཛད་སྒོ་འཚོགས།

ཀ་ན་ཌ་ཀ་མཁའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨར་ཝི་དྷི་ཤ་པན་དྷེ་ (RV Deshapande) ལགས་ཀྱིས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་མཛད་སྒོའི་ཐོག་སྐད་ཡིག་དང་། རྒྱལ་ཁབ། མངའ་སྡེ། དེ་བཞིན་ཆོས་ལུགས་ལ་ས་མཚམས་ཡོད་ཀྱང་ཤེས་ཡོན་གཅིག་པུ་ལ་ས་མཚམས་མེད་པས་འཛམ་གླིང་ཧྲིལ་པོ་འདི་ལ་བརྟེན་ནས་ཡར་རྒྱས་སུ་འགྲོ་ཡི་ཡོད་སྐོར་གསུངས། དེ་རིང་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བ་དང་། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཁོངས་སུ་དེབ་སྐྱེལ་ལེགས་འགྲུབ་བྱུང་བའི་མཛད་སྒོ་འཚོགས་ཡོད་ཅིང་། སྐུ་མགྲོན་དུ་ཀ་ན་ཊ་ཀ་མངའ་སྡེའི་གཞི་རིམ་འོག་མའི་ཤེས་རིག་བློན་ཆེན་སྐུ་ཞབས་མཱ་དྷུ་བྷང་བྷུ་རུ་པཱ་ (Madhu Bangarappa )ལགས་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཐུབ་བསྟན་སྦྱིན་པ་ལགས། ༧སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་སྒྲོལ་མ་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་སྤྱི་འཐུས་ཁག་ཅིག་ཕེབས་གནང་འདུག སྐབས་དེར་སློབ་གྲྭའི་སློབ་སྤྱི་བློ་བཟང་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གཏམ་བཤད་གནང་སྐབས། དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སློབ་གྲྭ་འདི་ཉིད། གཙོ་བོ་༧སྤྱི་ནོར་ྋགོང་ས་སྐྱབས་མགོན་༧རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དགོངས་ནང་བཞིན། ཕྱི་ལོ་ ༡༩༦༩ ལོར་དགེ་འདུན་པ་རྣམས་སྦག་ས་ཆོས་སྒར་ནས་མོན་གྷོ་གཞིས་ཆགས་སུ་འབྱོར་བའི་མཚམས་དེ་ལ། མ་འོངས་པར་སངས་རྒྱས་ཀྱི་བསྟན་པའི་སོན་རྩའི་ཆེད། གྲྭ་རྒྱུན་སློབ་ཕྲུག་གསར་དུ་འཇུག་རྒྱུ་མགོ་བརྩམས་ཏེ། དེ་ཚོ་ལ་ཤེས་ཡོན་སློབ་སྦྱོང་འཐུས་ཚང་ཡོང་ཆེད། ཕྱི་ལོ་ ༡༩༧༠ ལོར་སློབ་གྲྭ་འདི་ཉིད་གསར་དུ་དབུ་འཛུགས་གནང་བ་རེད། དེའི་སྐབས་ལ་སློབ་ཕྲུག་ ༢༢ ཙམ་ཞིག་མ་གཏོགས་བྱུང་མི་འདུག ཡིན་ནའང་། ཁོང་ཚོ་ལ་ཞལ་འདོན་སྐྱོར་སྦྱོང་བྱ་རྒྱུ་དང༌། ཡི་གེ་འབྲི་ཀློག་བཅས་བསླབས།...

ཟླ་བ་གསུམ་ནང་ཚུན་དུ་ཁྲིམས་མཐུན་གྱི་བྱ་སྤྱོད་སྤེལ་དགོས་པའི་བཀའ་བཏང་།

ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་བོད་སྒར་བསམ་ཡས་གླིང་དུ་ཡོད་པའི་ཟ་ཁང་ཇ་ཁང་དང་ཆང་ཁང་སོགས་ལ་ཁྲིམས་མཐུན་གྱི་བྱ་སྤྱོད་སྤེལ་དགོས་པའི་བཀའ་ཁྱབ་ཅིག་བཏང་གནང་འདུག ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་མ་ཇི་ནུ་ཀ་ཊི་ལ་ (Majnukatilla) ཁུལ་དུ་བདེ་འཇགས་ཀྱི་འཆར་གཞི་དང་ཆོག་མཆན་མེད་པར་ཇ་ཁང་དང་ཆང་ཁང་། ཟ་ཁང་འཛུགས་སྐྲུན་བྱས་པར་ཁྲིམས་མཐུན་གྱི་བྱ་སྤྱོད་སྤེལ་དགོས་པའི་བཀའ་ཁྱབ་གནང་བཏང་འདུག …

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་གཏམ་མམ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་གསང་བའི་ཐ་སྙད་བཀབ་པ་མངོན་པར་ཕྱུང་བའི་ཨ་རིག་གི་འབེལ་གཏ...

བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་།། རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།། འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།། སྲོག་ལ་བབས་ཀྱང་འབད་པས་སྲུང་བར་བྱ།། ___དགེ་ཆོས་ཀྱིས།  རྩོམ་པ་པོ།  ཨ་རིག་དམ་ཆོས་བསམ་འཕེལ། རྩོམ་ཁུངས། བོད་ཀྱི་དུས་བབ།…

བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཤིག་ལ་ཞིབ་བཤེར་བྱེད་བཞིན་འདུག

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ཁང་གི་མགོ་ཁྲིད་གཞོན་པ་ཝང་ཅུན་ཟེར་བས་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་འདུག ཁ་སང་ཕྱི་ཚེས་ ༢༤ ཉིན་བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ཁང་གི་མགོ་ཁྲིད་གཞོན་པ་ཝང་ཅུན་ཟེར་བས་སྒྲིག་་ཁྲིམས་དང་འགལ་ཚབས་ཆེན་པོ་བྱས་པའི་དོགས་གཞིའི་འོག རྒྱ་ནག་དབུས་སྒྲིག་ཁྲིམས་དང་ལྟ་ཞིབ་ལྷན་ཁང་གིས་ཞིབ་བཤེར་བྱེད་བཞིན་ཡོད་ཚུལ་བསྒྲགས་འདུག ཝང་ཅུན་ནི་ཕྱི་ལོ་ ༡༩༦༤ ལོར་སི་ཁྲོན་ཞིང་ཆེན་ཕིན་ལིང་ས་ཆར་སྐྱེས་ཡོད་ཅིང་། ཤིན་ཅང་ནོར་སྲིད་སློབ་གླིང་གི་འཆར་གཞི་རྩིས་ཞིབ་མ་ལག་གི་གྲངས་རྩིས་ཆེད་སྦྱོང་བྱས། རྒྱ་ནག་དབུས་དམར་ཤོག་སློབ་གླིང་ནས་དཔལ་འབྱོར་རིག་པའི་ཐོག་ཞིབ་འཇུག་གི་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༨༢ ནས་ ༢༠༠༠ བར་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་ལྷན་ཁང་དང་། མངའ་རིས་ས་ཁུལ་གྱི་འཆར་འགོད་ལྷན་ཁང་གི་སྡེ་ཚན་གྱི་འགན་འཛིན་གཞོན་པ། མངའ་རིས་ས་ཁུལ་གྱི་ཐོན་ཁུངས་གསར་སྤེལ་བཟོ་གྲྭའི་སྤྱི་ཁྱབ་འགན་འཛིན་བྱས། ཕྱི་ལོ་ ༢༠༠༠ ནས་ ༢༠༠༧ བར་མངའ་རིས་ས་ཁུལ་སྲིད་གཞུང་གི་དྲུང་ཆེ་གཞོན་པ། ཀྲུང་གོའི་མི་མང་དངུལ་ཁང་གི་དངུལ་ལོར་དང་གསེར་དངུལ་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་འགན་འཁུར། ཕྱི་ལོ་ ༢༠༠༨ ནས་ ༢༠༡༦ བར་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁམས་ཐོན་ཁུངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཡིག་གཞོན་པ། བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་་ཁང་གི་དྲུང་ཡིག་གཞོན་པ་བྱས། ཕྱི་ལོ་ ༢༠༡༨ ལོའི་ཟླ་དང་པོ་ནས་བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ཁང་གི་མགོ་ཁྲིད་གཞོན་པ་བཅས་ཀྱི་ལས་འགན་འཁུར་ཡོད་འདུག དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་བོད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀུན་གྲུབ་ཚེ་རིང་ལ་སྒྲིག་ ཁྲིམས་དང་འགལ་ཚབས་ཆེན་པོ་བྱས་པའི་དོགས་གཞིའི་འོག  མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་དང་དང་ལྟ་ཞིབ་ལྷན་ཁང་ཟེར་བས་ཞིབ་བཤེར་བྱེད་བཞིན་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས ༡...

ཤིན་ཅང་ཟེར་བའི་ཐ་སྙད་དེས་ཤར་ཏུར་ཀི་སི་ཐན་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ནག་གསུབ་བཏང་ཡོད་ཅེས་བརྗོད།

ལོ་ངོ་ ༧༦རིང་རྒྱ་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ཡུ་གུར་མི་རིགས་ལ་གདུག་རྩུབ་མནར་གཅོད་བཏང་བར་ངོ་རྒོལ་བྱས། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་མདུན་དུ། ཤར་ཏུར་ཀི་སི་ཐན་བཙན་བྱོལ་གཞུང་དང་ཤར་ཏུར་ཀི་སི་ཐན་རྒྱལ་ཡོངས་ལས་འགུལ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོགརྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་བཙན་འཛུལ་བྱས་ཏེ་ལོ་ ༧༦ འཁོར་བའི་དུས་དྲན་དང་བསྟུན། རྒྱ་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ཡུ་གུར་མི་རིགས་དམར་གསོད་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་བྱས་ཡོད་འདུག ཤར་ཏུར་ཀི་སི་ཐན་བཙན་བྱོལ་གཞུང་གི་ཕྱི་སྲིད་བློན་ཆེན་སཱ་ལི་ཧ་ཧུ་ཌ་ཡར་(Salih Hudayar)ལགས་ཀྱིས། ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་རྒྱ་ནག་གཞུང་གིས་མི་སེར་སྤེལ་བའི་དབང་སྒྱུར་འོག་ནས་ཤར་ཏུར་ཀི་སི་ཐན་མི་མང་ལ་བསམ་ཡུལ་ལས་འདས་པའི་གདུག་རྩུབ་བཏང་ཡོད་ཅིང་། སྐབས་དེའི་མི་གྲངས་ས་ཡ་མང་པོ་དམར་གསོད་དང་། བཙོན་འཇུག། བྲན་གཡོག་ཏུ་བཀོལ་བ་སོགས་ཀྱི་ཐོག་ནས་མནར་གཅོད་ཚད་མེད་བཏང་ཡོད། དེ་ནི་མི་རིགས་གཉའ་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ཙམ་མ་ཡིན་པར།རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་མི་རིགས་སྡེབ་གསོད་བྱས་པ་རེད།ཤར་ཏུར་ཀི་སི་ཐན་མུ་མཐུད་གནས་ཐུབ་པའི་ཐབས་ལམ་གཅིག་པུ་ནི་རང་བཙན་དང་བདག་དབང་སླར་གསོ་བྱ་རྒྱུ་དེ་རེད། ཅེས་བརྗོད་འདུག དེ་བཞིན་ཁོང་གིས།ཤིན་ཅང་ཟེར་བ་ནི་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་མི་སེར་སྤེལ་ཡུལ་ལ་བསྒྱུར་ཆེད་བེད་སྤྱོད་བྱེད་བཞིན་པའི་མིང་ཞིག་རེད།ཐ་སྙད་དེ་བེད་སྤྱོད་བྱས་པ་དེས་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་བཙན་འཛུལ་བྱས་པའི་ལོ་རྒྱུས་དང་ཆབ་སྲིད་ཀྱི་དོན་དངོས་དག་སྦས་སྐུང་བྱས་ཡོད་པ་མ་ཟད། ཤར་ཏུར་ཀི་སི་ཐན་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ནག་གསུབ་བཏང་ཡོད། ང་ཚོས་ལོ་ངོ ་ ༧༠ ལྷག་གི་རིང་རྒྱ་གཞུང་གི་དྲག་གནོན་ལ་ངོ་རྒོལ་བྱས་ཡོད་ལ། ཤར་ཏུར་ཀི་སི་ཐན་ནང་རང་དབང་དང་རང་བཙན་མ་འཐོབ་པར་དུ་མུ་མཐུད་དུ་ངོ་རྒོལ་བྱ་རྒྱུ་ཡིན། ཞེས་དང་། དེ་བཞིན་རྒྱལ་ཚོགས་དང་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག ཤར་ཏུར་ཀི་སི་ཐན་བཙན་བྱོལ་གཞུང་གི་སྲིད་འཛིན་མཱམ་ཌི་མན་(Dr. Mamtimin Ala)ལགས་ཀྱིས།རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་བཙན་བཟུང་བྱས་པ་དེས་ཏུར་ཀི་སི་ཐན་མི་མང་གི་འཚོ་གནས་ཙམ་མ་ཡིན་པར་རྒྱལ་སྤྱིའི་བརྟན་ལྷིང་ལའང་ཉེན་ཁ་བཟོ་བཞིན་ཡོད། རྒྱ་ནག་གཞུང་གི་རྒྱ་སྐྱེད་བྱེད་བཞིན་པའི་སྲིད་ཇུས་ལག་བསྟར་ལ་ཁ་གཏད་གཅོག་གི་མེད་པར་བརྟེན།འཛམ་གླིང་ཡོངས་ཀྱི་རང་དབང་ལ་འཇིགས་སྐུལ་བྱེད་པའི་ཉེན་ཁ་ཆགས་ཡོད། ཤར་ཏུར་ཀི་སི་ཐན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་པ་ནི་སྒྲིག་གཞི་ལྡན་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་པའི་ཀུན་སྤྱོད་ཀྱི་འོས་འགན་དང་འཐབ་ཇུས་ཀྱི་དགོས་མཁོ་ཞིག་ཡིན། ཞེས་བརྗོད་འདུག ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་ཡུ་གུར་ནང་ངལ་རྩོལ་སྒྱུར་བཀོད་ཁང་ཆེད་འཛུགས་ཀྱིས་ཡུ་གུར་བ་ས་ཡ་གཅིག་མ་ཟིན་ཙམ་སྒྱུར་བཀོད་ཁང་ནང་བཀག་སྐྱིལ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་གནད་དོན་དེའི་ཐད་རྒྱ་ནག་ལ་བསྟུན་མར་སྐྱོན་བརྗོད་བྱས་ཡོད་ཀྱང། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དུ་ལག་ཤེས་སྦྱོང་བརྡར་བྱེད་ས་ཡོད་པ་མ་གཏོགས་ངལ་རྩོལ་བསྒྱུར་བཀོད་ཁང་ངམ་བཀག་སྐྱིལ་ཁང་ཟེར་བ་ཞིག་མེད་ཅེས་ངོས་ལེན་བྱས་མེད་པ་རེད།...

སྐབས་ ༡༨ པའི་སྤྱི་འཐུས་འོས་མིར་ཞུགས་རྒྱུ་མིན་པའི་གསལ་བསྒྲགས།

མདོ་སྨད་སྤྱི་འཐུས་ལས་ཐོག་ཚེ་རིང་ལྷ་མོ་སྐབས་ ༡༨ པའི་སྤྱི་འཐུས་འོས་མིར་ཞུགས་རྒྱུ་མིན་པའི་གསལ་བསྒྲགས། སྤྱི་ནོར་ ༸ གོང་ས་ ༸ རྒྱལ་བ་རིན་པོ་ཆེ་མཆོག་གི་བྱམས་བརྩེའི་ལམ་སྟོན་དང་མང་གཙོའི་ཐུགས་དགོངས་ཟབ་མོའི་བྱིན་རླབས་འོག ང་རང་བོད་མི་མང་སྤྱི་འཐུས་སྐབས་ ༡༦ དང་ ༡༧ གཉིས་སུ་འདེམས་ཐོན་བྱུང་སྟེ། བོད་ཀྱི་བདེན་དོན་འཐབ་རྩོད་དང་བོད་མིའི་བདེ་སྡུག་གི་ཆེད་དུ་ལྷག་བསམ་ཟོལ་མེད་དང་། དྲང་ཚུགས་བརྟན་པོའི་སྒོ་ནས་འགན་འཁྲི་དང་དུ་བླངས་ཏེ། རང་ནུས་གང་ཡོད་ཀྱིས་འབད་བརྩོན་བྱས་པ་ཡིན། ད་ལྟ་སྐབས་ ༡༧ པའི་གྲོས་ཚོགས་ཀྱི་དུས་ཡུན་རྫོགས་ལ་ཉེ་བ་དང་། སྐབས་ ༡༨ པའི་སྤྱི་འཐུས་ཀྱི་འོས་བསྡུ་འགོ་འཛུགས་བཞིན་པའི་སྐབས་སུ། རང་ཉིད་ལ་རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་ནས་སླར་ཡང་སྐབས་རྗེས་མའི་སྤྱི་འཐུས་འོས་མིར་ལང་དགོས་པའི་རེ་བ་དང་སྐུལ་མ་གནང་བར་འདི་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་གཅིག གུས་མོ་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མིར་ཞུགས་རྒྱུ་མིན་པ་ཐག་གཅོད་བྱས་པ་ཡིན། ཐག་གཅོད་འདི་ནི་རང་ཉིད་བོད་ཀྱི་བདེན་དོན་འཐབ་རྩོད་ལ་སེམས་ཤུགས་ཉམས་པ་མ་ཡིན་པར། གཞོན་སྐྱེས་ཤེས་ཡོན་ལྡན་ཞིང་འཇོན་ནུས་ཡོད་པ་དང། ཁོག་རྒྱ་ཆེ་ཞིང་མཐོང་རྒྱ་ཡངས་པ། འགན་ཁུར་གྱི་སྤོབས་པ་ཡོད་པའི་གསོན་ཤུགས་ཅན་གྱི་མི་རབས་གསར་བ་གང་མང་ཞིག་གྲོས་ཚོགས་ནང་དུ་སླེབས་ཐུབ་པའི་ཆེད་དུ་ཡིན་ན། དེ་ལྟར་ཡོང་བའི་རེ་སྐུལ་དང་སྨོན་འདུན་སྙིང་ནས་ཞུ། ཚང་མ་ལ་ཁ་དྲོ། བཀྲ་ཤིས། ། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༢༤ ལ། The post...

ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་འོས་བསྡུ་ཆེན་མོར་དེབ་འགོད་བྱེད་མཁན་བོད་མི་གྲངས་ ༩༡༠༤༢ བྱུང་ཡོད་འདུག

དབུས་འོས་བསྡུ་ལས་ཁང་ནས་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་བྱུང་བས་ལོ་ལྔའི་རིང་གཞུང་འབྲེལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པའི་ཉེས་ཆད་བཅད་པ་གསལ་བསྒྲགས་གནང་སོང་། དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་། འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས། སྣང་ས་ཆོས་སྒྲོན་ལགས་བཅས་དབུ་བཞུགས་ཐོག ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་། སྐབས་དེར་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས་སྲིད་སྤྱི་འོས་གཞིར་བཞེང་མཁན་རྣམས་ཀྱིས་མང་ཚོགས་ཀྱི་རེ་འདུན་ལ་གུས་བརྩི་ཐོག་མང་ཚོགས་ཀྱི་འོས་བསྡུའི་དྲིལ་བསྒྲགས་དང་། གསར་ལམ་ཁག་ཏུ་བཅར་འདྲི་དང་ལེན་གང་ཐུབ་ཡོང་བའི་འབོད་སྐུལ་ཞུས་སོང་། དེ་བཞིན་སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༩ ཉིན་དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་སྲིད་སྐྱོང་འོས་མིར་ལང་རྒྱུའི་གསལ་བསྒྲགས་སྤེལ་སྐབས། འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་བྱུང་བས་ལོ་ལྔའི་རིང་གཞུང་འབྲེལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པའི་ཉེས་ཆད་བཅད་པ་གསལ་བསྒྲགས་གནང་སོང་། འོས་བསྡུ་ཆེན་མོའི་ལས་དོན་སྐོར་ལ་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༥་་༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་ཚགས་ཚུད་ཡོང་སླད་དང་། མང་ཚོགས་ལ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་སོགས་གོ་རྟོགས་སྤེལ་ཆེད། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༡༤ ནས་མགོ་འཛུགས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༨ བར་རྒྱ་གར་ནང་བོད་མིའི་འདུས་སྡོད་ས་གནས་ཁག་ ༤༥...

རྒྱ་ནག་གཞུང་གིས་བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ལ་སོ་ལྟ་བྱེད་བཞིན་འདུག

རྒྱ་ནག་གཞུང་གིས་བལ་ཡུལ་ནང་གསང་མྱུལ་ལྟ་ཞིབ་བརྙན་ཆས་སྟོང་ཕྲག་མང་པོ་བཙུགས་ཏེ་བོད་མི་རྣམས་ལ་སོ་ལྟ་དང་ལྟ་རྟོག་ནན་པོ་བྱེད་བཞིན་འདུག The post རྒྱ་ནག་གཞུང་གིས་བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ལ་སོ་ལྟ་བྱེད་བཞིན་འདུག appeared first on བོད་ཀྱི་དུས་བབ།.

ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཐའེ་ཝན་གྱི་འཇམ་དབྱངས་ཆོས་ཚོགས་དང་འཇམ་དབྱངས་སྒྲུབ་ཁང་གཉིས་ནས་འཕགས་མ་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་ཆོ་གའི་སྒོ་ནས་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། The post ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། appeared first on བོད་ཀྱི་དུས་བབ།.

ཨོ་ཌི་ཤ་མ་ཧ་གུ་རུ་པདྨ་འབྱུང་གནས་ཀྱི་སྨོན་ལམ་ཚོགས་ཐེངས་གཉིས་པའི་གསལ་བསྒྲགས།

The post ཨོ་ཌི་ཤ་མ་ཧ་གུ་རུ་པདྨ་འབྱུང་གནས་ཀྱི་སྨོན་ལམ་ཚོགས་ཐེངས་གཉིས་པའི་གསལ་བསྒྲགས། appeared first on བོད་ཀྱི་དུས་བབ།.

བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་། དྲྭ་ཐོག་གནས་ཚུལ་ལོག་སྤེལ་གྱི་ཉེན་ཁ།

རྩོམ་པ་པོ། བསྟན་འཛིན་བསྟན་སྐྱོང་། རྩོམ་ཁུངས། བོད་ཀྱི་དུས་བབ། གནས་ཚུལ་ལོག་སྤེལ་གྱིས་མིའི་བསམ་བློའི་གོ་ས་འཕྲོག་པ། འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་གསལ་བསྒྲགས་བྱས་ནས་ཉིན་མ་ཁ་ཤས་རྗེས། ངའི་སྤུན་ཉེ་ཞིག་གིས་ང་ལ་ཁ་པར་བཏང་ནས་རྒྱུན་ལྡན་གྱི་ཁམས་བདེའི་གནས་ཚུལ་དྲིས་ལན་ཚར་བ་དང་། ཁ་བརྡའི་ཁ་ཕྱོགས་སླེབས་ལ་ཉེ་བའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ཐོག་འཁྲིད་སོང། ཁོང་ནི་དགུང་ལོ་ ༧༠ ཟིན་གྲབས་ཡོད་པའི་བགྲེས་སོང་ཞིག་ཡིན་པ་དང་། དེ་སྔ་སྤྱི་ཚོགས་ཆབ་སྲིད་ཀྱི་གནས་སྟངས་ལ་ཐུགས་སྣང་དེ་ཙམ་ཆེན་པོ་གནང་མཁན་ཞིག་མིན་ལ། ཆབ་སྲིད་དང་འབྲེལ་བའི་དགོངས་ཚུལ་གསུངས་པར་འཛེམ་ཟོན་གནང་གི་ཡོད། འོན་ཀྱང་ལོ་ཤས་སྔོན་ནས་ཁོང་གིས་སྤྱི་ཚོགས་དྲྭ་རྒྱའི་འདུ་འཛི་ཆེ་བའི་འཛམ་བུ་གླིང་དེའི་ནང་དུས་ཚོད་འཁྱོལ་བའི་བརྙན་འདྲ་མིན་བལྟ་རྒྱུ་ཡོད་པ་མཁྱེན་ནས། རིམ་པས་ཁོང་ཉིད་ཀྱང་འཁྲུག་ཆ་དོད་པའི་དྲྭ་རྒྱའི་འཇིག་རྟེན་ནང་ཚུད། དེ་སྔོན་ཁོང་གིས་ལོ་གཞོན་ཚོར་ཁ་པར་ལ་སེམས་གཡེང་རྒྱུ་མེད་པའི་སྐོར་ལམ་སྟོན་གནང་གི་ཡོད་ནའང་། ད་ཆ་ཁོང་རང་ཡང་དེའི་དབང་འོག་ཏུ་ཤོར་ནས། སྔ་དགོང་གི་ཞལ་འདོན་གྲུབ་རྗེས་དུས་ཚོད་སྟོང་པ་ནམ་ཡིན་ལ་སྤྱི་ཚོགས་དྲྭ་རྒྱའི་ནང་དུ་འཛུལ་ཏེ། བཙན་བྱོལ་བོད་མིའི་ཆབ་སྲིད་དང་འབྲེལ་བའི་དབྱེན་སྦྱོར་ཅན་གྱི་བརྙན་ཐུང་ལ་གཟིགས་ནས་བཞུགས་རྒྱུར་དགའ་པོ་གནང་གི་ཡོད། སྤྱི་ཚོགས་དྲྭ་རྒྱ་ནི་ཕན་ཚུན་དྲྭ་ཐོག་འབྲེལ་འདྲིས་དང་། བསམ་ཚུལ་ཁྱབ་སྤེལ་བྱ་རྒྱུའི་སྡིངས་ཆ་གལ་ཆེ་ཞིག་ཡིན་ནའང་། ཕ་བསྟན་འཛིན་གྱིས་གཟིགས་བཞིན་པའི་བརྙན་ཕལ་ཆེ་བ་ཆབ་སྲིད་ཤོག་ཁག་གཅིག་གི་ངོ་ཚབ་བྱས་ཏེ། རང་གིས་རྒྱབ་སྐྱོར་བྱ་ཡུལ་དེར་ཚད་ལས་བརྒལ་བའི་བསྔགས་བརྗོད་དང་། གཞན་ཕྱོགས་དེར་མ་རངས་ཚིག་ངན་དང་། གཞི་རྩ་ཡོད་མེད་ཀྱི་སྐྱོན་བརྗོད་དྲག་པོ་བྱེད་མཁན་ཤ་སྟག་རེད། སྤྱིར་མང་གཙོའི་སྤྱི་ཚོགས་ནང་དུ་ལེགས་སྤེལ་ཉེས་འགོག་གི་བགྲོ་གླེང་དང་སྐྱོན་བརྗོད་བྱེད་ཆོག་པ་ཡིན། འོན་ཀྱང་སྐྱོན་བརྗོད་དེ་དག་ནི་རྒྱུ་མཚན་ཁུངས་ལྡན་ཞིག་དགོས་པ་ལས། རང་གིས་མ་དགའ་སའི་མི་དེ་ནག་པོ་བཟོ་བའི་སླད་ཆེད་མངགས་གནས་ཚུལ་རྫུན་བཟོ་ཁྱབ་སྤེལ་གྱིས་མི་གཞན་གྱི་འོས་ཤོག་ལ་ཤུགས་རྐྱེན་སྤྲོད་ཐབས་བྱས་ན། དེ་ནི་འཇིག་རྟེན་མི་ཆོས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཉིས་ཐད་ནས་བརྒལ་གྱི་ཡོད། ཁོང་གིས་ཁ་པར་བརྒྱུད། “ད་ལོ་ཡང་བསྐྱར་ཁོ་ལངས་འདུག མི་འདི་ཚོས་བོད་གཞུང་རྩ་མེད་བཟོ་གི་རེད། མི་དེར་སྲིད་སྐྱོང་བྱེད་པར་འཇོན་ཐང་གང་ཡང་མེད། གཏན་གཏན་དར་ནག་ཚོགས་པས་ཁོ་བསླངས་པ་རེད།”ཅེས་སེམས་ཚོར་ཆེན་པོས་གསུངས་པ་གོ་དུས། ངས་ཁོང་ལ་མང་གཙོའི་སྒྲིག་འཛུགས་ནང་མི་མང་ལ་རང་གི་འགོ་ཁྲིད་གདམ་རྒྱུའི་ཐོབ་ཐང་ཡོད་དུས།...

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་འཚོགས།

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ནས་བོད་རྒྱལ་ཁབ་དེ་རང་ཚུགས་པའི་རྒྱལ་ཁབ་ཅིག་ཆགས་རྒྱུའི་རྨང་གཞི་བཏིང་ཡོད་སྐོར་སོགས་གསུངས་སོང་། The post ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་འཚོགས། appeared first on བོད་ཀྱི་དུས་བབ།.

བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཏེ་མཚན་རྟགས་བསྡུ་བཞིན་འདུག

བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་ནག་གཞུང་གིས་བོད་ནང་གི་འཛུགས་སྐྲུན་ལ་ཁ་གཡར་ནས་ཁོར་ཡུག་གཏོར་བཤིག་གཏོང་བཞིན་ཡོད་པར་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་གྱི་འདུག དེ་རིང་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་དྷ་ས་མེག་ལོར་ཁྲོམ་གཞུང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག ཉེ་ལམ་བོད་དཀར་མཛེས་ཁུལ་སེར་ཤུལ་རྫོང་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་འབྲེལ་ནས་ས་གནས་བོད་མི་འཛིན་བཟུང་བྱས་པའི་ཛ་དྲག་གི་གནས་སྟངས་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་། དེ་བཞིན་དེ་རིང་ཉིན་ཧྲིན་པོར་མཚན་རྟགས་བསྡུ་རུབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། བོད་ནང་གི་འཛུགས་སྐྲུན་ལ་ཁ་གཡར་ནས་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པ་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་བཞིན་འདུག་ལ། དོ་དགོང་གཞིས་བཞུགས་བོད་མི་ཚོའི་ཆེད་དུ་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་བྱ་རྒྱུ་ཡིན་འདུག ཐེངས་འདིའི་ལས་འགུལ་སྐོར་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་དར་རྒྱས་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་བོད་ཀྱི་རྫ་ཆུ་ཁའི་ཀ་བཞི་གྲོང་སྡེའི་ནང་དུ། རྒྱ་ནག་གཞུང་གིས་ས་གནས་མི་མང་ལ་འབྲེལ་བ་མ་བྱས་པར་བཙན་གྱིས་གསེར་གྱི་གཏེར་ཁ་སྔོག་འདོན་དང་འབྲེལ་བའི་དཀའ་ངལ་ཞིག་འཕྲད་ཡོད་པ་དང་། དེའི་སྐབས་སུ་ས་གནས་བོད་མི་རྣམས་ཀྱིས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་མཐུན་པའི་ཐོག་ནས་ཞུ་གཏུགས་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ས་གནས་བོད་མི་ ༨༠ གང་བྱུང་འཛིན་བཟུང་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་མི་བདུན་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ང་ཚོས་གཞིས་བཞུགས་བོད་མི་རྣམས་ཀྱི་མགྲིན་ཚབ་བྱས་ཏེ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་མྱུར་དུ་མཚམས་འཇོག་དགོས་པ་དང་། འཛིན་བཟུང་བྱས་པའི་བོད་མི་རྣམས་ནང་མིར་རྩིས་སྤྲོད་བྱ་དགོས། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱ་ནག་གཞུང་གིས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། བོད་ནང་གི་འཛུགས་སྐྲུན་ལ་ཁ་གཡར་ནས་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པར་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས། ཕྱི་ལོ་ ༡༩༨༠ ཙམ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་ས་གནས་ཡུལ་ལུང་གང་ས་ནས་གསེར་དང་དངུལ། ཟངས། ཞ་ཉེའི་རིགས་སོགས་རྩ་ཆེའི་རིན་ཆེན་གཏེར་ཁ་སྣ་ཚོགས་སྔོག་འདོན་ཚད་ལས་བརྒལ་བ་བྱས་དང་བྱེད་མུས་ཡོད་ཀྱང་། རྒྱ་གཞུང་གིས་གནས་ཚུལ་སྦ་གསང་དང་བཀག་འགོག་དམ་དྲག་ཤུགས་ཆེ་བྱས་པའི་རྐྱེན་གྱིས་གནས་ཚུལ་ཞིབ་ཕྲ་རྒྱལ་སྤྱིའི་ཐོག་ཤེས་རྟོགས་བྱུང་ཐུབ་ཀྱི་མེད།  ཉེ་ལམ་རྒྱལ་སྤྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་བོད་ཀྱི་རྫ་ཆུ་ཁ་ཀ་བཞི་སྡེ་བ་ནས་གསེར་གྱི་གཏེར་ཁ་སྔོག་འདོན་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་རེད། དེ་ནི་བཙན་བྱོལ་བོད་མི་དང་རྒྱལ་སྤྱིའི་ཐོག་ནས་ཤེས་རྟོགས་མ་བྱུང་བར་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་བཏང་དང་གཏོང་བཞིན་པ་གསལ་བོ་ཡིན་པས། བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཅེས་བརྗོད་སོང་།...

བལ་ནང་བོད་མི་སྐྱབས་བཅོལ་བའི་ལས་འགུལ་སོགས་ལ་དམ་དྲག་བྱེད་དགོས་པའི་སྐུལ་མ་བྱས།

རྒྱ་ནག་གིས་བལ་ཡུལ་ནང་བོད་དོན་ལས་འགུལ་དང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་ལ་དམ་དྲག་བྱེད་དགོས་པའི་འབོད་སྐུལ་བྱས་འདུག The post བལ་ནང་བོད་མི་སྐྱབས་བཅོལ་བའི་ལས་འགུལ་སོགས་ལ་དམ་དྲག་བྱེད་དགོས་པའི་སྐུལ་མ་བྱས། appeared first on བོད་ཀྱི་དུས་བབ།.

 དགུང་གྲངས་ ༡༣༠ སྐོར་བཞུགས་རྒྱུའི་གསུངས་ལ་མཇལ་ཐབས།

རྩོམ་པ་པོ། བློ་བཟང་ཆོས་འབྱོར།(ཤར་ཕྱོགས་ཁུག་རྟ།) རྩོམ་ཁུངས། བོད་ཀྱི་དུས་བབ། ༄༅།། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ༸གོང་ས་༸སྐྱབས་མགོན་ཆེན་པོས་རང་ཅག་བོད་མི་རྣམས་གཙོས་འགྲོ་བ་ཡོངས་ཀྱི་ཆེད་དགུང་གྲངས་ ༡༣༠ ལྷག་བཞུགས་རྒྱུར་ཞལ་བཞེས་རིམ་བསྟུད་དུ་ཕེབས་པ་བཞིན། བཀའ་སློབ་དེ་དག་གི་ཟབ་གནད་ལ་འཛུལ་ཐབས་བྱ་རྒྱུའི་ཐབས་ལམ་མམ་བློ་སྦྱོང་ཚུལ་སྣ་མང་ཡོད་པ་ལས། རང་འདྲའི་ལས་དང་པོ་བ་རྣམས་ལ་ད་ལྟ་ཕྲན་བུ་བརྗོད་ཐུབ་པ་འགའ་ཞིག་འདུག་སྟེ། དང་པོ། ༸རྒྱལ་བ་རིན་པོ་ཆེ་སུ་ཡིན་ངོ་ཡག་པོ་ཞིག་ཤེས་དགོས་གལ་ཆེ། དེ་ཡང་གཞན་དང་གཞན་གྱི་ངག་དང་ཡིག་ལམ་གཉིས་ཀས་མཛད་པའི་མཛད་རྣམ་གཅིག་བྲིས་གཉིས་བཤུ། གཅིག་བཤད་བསྐྱར་བརྗོད་ལྟ་བུའི་རིམ་པར་རྒྱུས་མངའ་ཅུང་ཟབ་མོ་ཆགས་པས་མི་ཡོང་སྟེ། རང་གིས་ཐོས་པའི་༸རྒྱལ་བ་རིན་པོ་ཆེའི་ཡོན་ཏན་ནམ་མཛད་རྗེས་རྣམས་བསམ་བློའི་ནང་ཡང་ཡང་བསམས་ཏེ། རང་གི་བློ་ངོར་འདི་རེད། འདི་མཚར། འདི་ལ་སྐྱབས་སུ་མཆིའོ་སྙམ་པའི་བློ་གཡོ་བ། དེས་མིག་ནས་མཆི་མ་འཁྲུགས་པར་བྱེད་པ་ཐེངས་རེ་གཉིས་ཀྱིས་ཀྱང་ཆོག་ཤེས་མི་གནང་བར། ཡང་ནས་ཡང་དུ་བསམས་ན། བསམ་བློའི་ནང་སེམས་བྱུང་གཞན་གྱིས་བར་གཅོད་དཀའ་བ། ཆེད་མངགས་༸རྒྱལ་བ་རིན་པོ་ཆེའི་སྐོར་བསམ་བློ་གཏོང་དུས། དུས་ཚོད་བཏང་སྟེ་དབེན་ས་ཞིག་ཏུ་འཛུལ་ཡང་མི་དགོས་པར། ནམ་རྒྱུན་གྱི་བློ་ལ། དེ་ཡང་རྩོལ་བ་མི་དགོས་པའི་བློ་ལ་༸རྒྱལ་བ་རིན་པོ་ཆེའི་མཛད་རྣམ་ཚང་ལ་མ་ནོར་བ་རགས་བསྡུས་སྣ་ཚོགས་སུ་དཔྱད་སྟོབས་ཀྱིས་ལྷང་ལྷང་འཆར་བའི་སེམས་ཤིག་སྐྱེ་ཐབས་སྔོན་དུ་སྦྱོང་དགོས། དེ་སྐྱེས་བ་ཡིན་ན། ༸རྒྱལ་བ་རིན་པོ་ཆེ་ཕྱི་རོལ་ལམ། ཚིག་ཙམ་དུ་མ་ལྷག་པར་རང་ཅག་གི་སེམས་རྒྱུད་ལ་ཡོད་པར་གྱུར་པ་ཡིན། འོན་ཀྱང་། ཡོད་པར་གྱུར་པའི་ཚད་དེ་ཟབ་ཅིང་རྒྱས་ལོད་གང་འདྲ་ཞིག་ཡིན་མིན་གང་ཟག་སོ་སོའི་ཐོག་མར་ཐོས་པའི་ལམ་ནས་མཇལ་བའི་མཛད་རྣམ་ཁག་གི་སྤུས་ཀ་དང་། དེར་མཇལ་སྟངས་ལ་རག་ལས་པ་ཡིན། གཉིས། དེ་ནས། ནང་པའི་གཞུང་ནས་བཤད་པའི་མངོན་ཤེས་དང་རྫུ་འཕྲུལ་སོགས་ཅི་ལྟར་སྐྱེས་ཀྱི་ཡོད་མེད་ལ་བསམ་བློ་གཏོང་དགོས་པ་ཡིན། དེ་སྒྲུབ་ཐུབ་པ་ཞིག་ཡིན་མིན། ད་བར་འགྲུབ་མཁན་བྱུང་ཡོད་མེད་ལ་བསམ་བློ་བཏང་ན་ཅུང་ཞིབ་ཚགས་སུ་འགྲོ། འདིའི་ཆེད་སྐྱེས་བུ་གསུམ་གྱི་ལམ་ལས་མགོ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་ཞི་གནས་ཀྱི་བར་རམ། ཡང་ན་ཞི་གནས་ཀྱི་སྐོར་ལྟ་བུར་ཅུང་རགས་པའི་ངང་ནས་བསམ་བློ་བཏང་བའམ།...

རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དྷ་རམ་ས་ལར་ཡོང་ནས་སོ་ཉུལ་བྱས་འདུག

ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་གསུམ་དྷ་རམ་ས་ལར་ཡོང་སྟེ་བོད་པའི་མགྲོན་ཁང་ཞིག་ལ་ཐོ་འགོད་ཚུལ་བཞིན་མ་བྱས་པའི་རྐྱེན་གྱིས་བོད་མིའི་སྒྲིག་འཛུགས་ནས་བོད་པའི་མགྲོན་ཁང་ཚོས་ཕྱི་མི་འགྲུལ་བ་དག་གི་མི་སེར་ལག་འཁྱེར་སོགས་ལ་ལྟ་ཞིབ་ནན་པོ་བྱེད་དགོས་པའི་འབོད་སྐུལ་གནང་འདུག The post རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དྷ་རམ་ས་ལར་ཡོང་ནས་སོ་ཉུལ་བྱས་འདུག appeared first on བོད་ཀྱི་དུས་བབ།.

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བ་དགུ་བཅུ་ཙམ་དང་། ཨ་རི་ནས་ཆེད་དུ་ཟབ་འཁྲིད་གནང་བར་ཕེབས་མཁན་གྱི་དགེ་རྒན་ཚུད་པའི་མི་གྲངས་ ༣༠༠ ལྷག་ལ་མཇལ་ཁ་འསྩལ་སོང་། སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། རིགས་ལམ་གྱི་འགྲོ་སྟངས་ཐོག་ལ་དེང་སང་གི་ཤེས་ཡོན་གྱི་འགྲོ་སྟངས་སྦྲེལ་ནས་ཏན་ཏན་ཡོང་གི་རེད། སྔོན་མ་ངོས་རང་སེ་འབྲས་ལ་གྲྭ་སྐོར་དུ་ཕྱིན་པའི་སྐབས་སུ་ནམ་རྒྱུན་ཡིག་ཆ་ལ་གོམས་བསྡད་ཡོད་པ་གཏོང་དུས་རྟགས་གསལ་འབེལ་བོ་འདུག སྐབས་དེར་དམ་བཅའ་འཇོག་མཁན་སྐྱོ་ཤོས་དེ་བདེ་ཡངས་རེད། ངོས་རང་ནས་སྒོ་མང་བསམ་བློ་ཁང་ཚན་ནས་དཔེ་ཆར་བལྟས། རྟགས་གསལ་གཏོང་དུས་ངོས་ནས་རྟགས་གསལ་དགའ་རབ་གཏོང་ཐུབ་ཀྱི་ཡོད། གང་ལྟར་ང་ཚོ་བོད་ཀྱི་རིག་གཞུང་ནང་རྩོད་པ་རྩོད་པའི་རིག་གནས་འདི་ཧ་ཅང་རྩ་ཆེན་པོ་རེད། དེར་བརྟེན། ང་ཚོས་རྟགས་གསལ་གཏོང་བའི་འགྲོ་སྟངས་འདིའི་ཐོག་ནས་དེང་སང་གི་ཚན་རིག་དང་མཐུན་མ་མཐུན་གྱི་གནས་ཚུལ་གང་ཡོད་མེད་བརྟག་དགོས། ང་ཚོའི་རྟགས་གསལ་གྱི་ནང་དུ་ཀླད་པའི་སྐོར་རྒྱ་ཆེན་པོ་ཡོད་པ་མ་རེད། ཚན་རིག་པས་ཀླད་པའི་སྐོར་ལ་མང་པོ་བཤད་ཀྱི་ཡོད་པས་ང་ཚོས་དེ་དག་དང་ཕན་ཚུན་སྦྲེལ་ནས་རྩོད་ཐུབ་ན་ཡག་པོ་འདུག ཅེས་དང་། འཆད་རྩོད་རྩོམ་གསུམ་ལས་རྩོད་པ་འགྲོ་བཞིན་པ་དང་། རྩོམ་ཡང་ཡོད། ང་ཚོ་བོད་ལ་འཆད་རྩོད་རྩོམ་གསུམ་ཧ་ཅང་འཛོམས་པོ་ཞེ་དྲགས་རེད། དཔེ་ཡག་པོ་རེད། སྔ་མོ་ངོས་ནས་འཆད་རྩོད་རྩོམ་གསུམ་ཐོག་ལ་སློབ་སྦྱོང་བྱས་པ་རེད། ཅེས་གསུངས་སོང་། མཇལ་ཁ་གྲུབ་རྗེས་ཨེ་མོ་རི་བྱམས་བརྩེ་ལྟེ་གནས་ཁང་གི་སཱི་ཤེས་ཡོན་སློབ་གསོ་ཚན་པའི་འགན་འཛིན་གཞོན་པ་བརྩོན་འགྲུས་བསམ་འཕེལ་ལགས་ཀྱིས། ད་ལྟ་ང་ཚོའི་ཟབ་སྦྱོང་འགྲོ་བསྡད་པ་དེ་ཞིབ་འཇུག་ཁང་ལ་རེད། རུ་ཁག་གཉིས་ཡོད་རེད། རུ་ཁག་གཅིག་ལ་ང་ཚོས་རྒྱུན་འཁྱོངས་རུ་ཁག་ལབ་ཀྱི་ཡོད་རེད། ཁོང་ཚོས་ཞིབ་འཇུག་གི་ཐབས་ལམ་ད་ལོ་ནས་མགོ་འཛུགས་ཀྱི་ཡོད་རེད། དེ་ནས་འཛིན་གྲྭ་དམའ་བ་དེ་རེད། འཛིན་གྲྭ་མཐོ་བ་དེ་ཆེད་སྦྱོང་གི་རུ་ཁག་ལབ་ཀྱི་ཡོད་རེད། དགེ་འདུན་པ་དེ་དག་གི་ལོ་དགུ་བཅུ་ལ་ཚན་རིག་སློབ་གཉེར་གནངས། ད་ལྟ་རིགས་གཅིག་རྐང་འཛིན་བྱ་རྒྱུའི་འཚམས་ལ་སླེབས་ནས། ཁག་ཅིག་གིས་དངོས་ཁམས་ལ་ཆེད་སྦྱོང་དང་་ཁ་ཤས་ཀྱིས་སྐྱེས་དངོས། དབང་རྩ་བྱས་ནས་ཆེད་སྦྱོང་གནང་གི་ཡོད་རེད། ང་ཚོས་དགུན་ཁ་ཟབ་སྦྱོང་འཚོགས་པ་དེ་གཙོ་བོ་ཚན་རིག་གི་ཞིབ་འཇུག་བྱེད་སྟངས་སྐོར་རེད་ལ། འདས་པའི་ཟླ་བ་གཅིག་ལྷག་གི་རིང་ལ་ཞིབ་འཇུག་གི་ཟབ་སྦྱོང་འགྲོ་བསྡད་རེད། དེ་རིང་ཆེད་སྦྱོང་དང་རྒྱུན་འཁྱོངས་ནང་ཡོད་མཁན་གྱི་དགེ་འདུན་པ་རྣམས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚན་རིག་གི་ཐོག་ནས་རྟགས་གསལ་ཡར་སྤྱན་འབུལ་ཞུས་གནང་སོང་། དུས་ཚོད་ཞེ་དྲགས་མེད་ཙང་རུ་ཁག་བཞི་རུ་དབྱེ་བའི་ཁྲོད། གཅིག་གིས་དངོས་ཁམས་དང་། སྐྱེས་དངོས།...

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

བོད་ཁྲི་ཀ་རྫོང་མི་མང་ཁྲིམས་ཁང་གིས་ཚེ་རིང་མཚོ་ལགས་ལ་ཉེས་མེད་ཉེས་འགེལ་གྱིས་ལོ་གཅིག་ཁྲིམས་ཐག་བཅད་པ་ངོས་ལེན་མ་བྱས་པར་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ལ་གཏུགས་ཡོད་ཀྱང་དཀའ་ངལ་འཕྲད་བཞིན་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༩ ཉིན་བོད་ཁྲི་ཀ་རྫོང་མི་མང་ཁྲིམས་ཁང་ཟེར་བས། བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་སྤྱི་ཚོགས་འཁྲུག་རྐྱེན་བསླངས་བའི་ཉེས་མིང་གཡོགས་ཏེ་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་།  ཁྲིམས་ཆད་དེ་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༩ ནས་བརྩིས་པའི་ལོ་གཉིས་ཀྱི་རྗེས་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པའི་བཅད་ཁྲ་བཏང་སྟེ་བཟང་བཙོན་དུ་བཞག་ཡོད་པར་བརྟེན།  ཚེ་རིང་མཚོ་ལགས་ཀྱིས་མཚོ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ལ་དྲང་བདེན་མིན་པའི་ཁྲིམས་ཆད་དེར་བསྐྱར་དུ་ཁྲིམས་བཤེར་དགོས་པའི་གཏུག་ཡིག་ཆ་ཚང་སྤྲད་ཟིན་ཡོད་ཀྱང་ཚུལ་བཞིན་ལག་བསྟར་མ་བྱས་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག ཁྲི་ཀ་རྫོང་མི་མང་ཁྲིམས་ཁང་ཟེར་བས་བཅད་ཁྲ་བཏང་སྟེ་ཁྲིམས་ཆད་ལག་བསྟར་ཕར་འགྱང་བྱས་པའི་དུས་ཡུན་རིང་ངེས་པར་དུ་སྲུང་བརྩི་བྱེད་དགོས་པའི་གནད་དོན་ཁག་ཅིག་བཀོད་ཡོད་པའི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་ ༧༥ པའི་ནང་གསལ་དང་པོ། བཅའ་ཁྲིམས་དང་སྲིད་འཛིན་སྒྲིག་ཁྲིམས་ལ་བརྩི་བཀུར་དང་། ལྟ་རྟོག་ལ་གཞོགས་འདེགས་དགོས་པ། གཉིས་པ། རྟོག་ཞིབ་ལས་ཁུངས་ཀྱི་གཏན་འབེབ་ལྟར་རང་ཉིད་ཀྱི་འགུལ་སྐྱོད་ཡར་ཞུ་བྱེད་པ། གསུམ་པ། རྟོག་ཞིབ་ལས་ཁུངས་ཀྱིས་གཏན་འབེབ་བྱས་པའི་འགྲུལ་བ་སྣེ་ལེན་བྱེད་ཕྱོགས་ལ་བརྩི་བཀུར་དགོས། བཞི་པ། རང་ཉིད་ཀྱི་སྡོད་གནས་གྲོང་ཁྱེར་དང་རྫོང་ཡང་ན་ས་གནས་ནས་གཞན་དུ་འགྲོ་བ་དང་སྨན་པར་བསྟེན་གཏུག་སོགས་བྱེད་པར་རྟོག་ཞིབ་ལས་ཁུངས་ཀྱི་ཆོག་མཆན་དགོས། གལ་ཏེ་གོང་གསལ་གཏན་འབེབ་ཁག་དང་འགལ་ཚེ། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་ ༧༧ པའི་ནང་གསེས་ ༢ པ་ལྟར་ཐག་གཅོད་བྱ་རྒྱུ་ཡིན། ཞེས་བརྗོད་འདུག ཚེ་རིང་མཚོ་ལགས་ཀྱིས་ཁྲི་ཀ་རྫོང་མི་མང་ཁྲིམས་ཁང་ཟེར་བས་ཁོང་མོར་སྤྱི་ཚོགས་དཀྲུག་རྐྱེན་བསླངས་བའི་ཉེས་མིང་བཀལ་བ་དེ་ངོས་ལེན་རྩ་བ་ནས་མ་གནང་བའི་སྐོར་ལ་ཁྲིམས་ཁང་གིས། འདི་ག་ཁྲིམས་ཁང་ནས་ཐག་གཅོད་བྱས་པ་དེར་ཁྱེད་ཀྱིས་གཞོགས་འདེགས་བྱས་མེད་སྟབས། ཁྲིམས་བཤེར་ཡིག་ཆ་རྣམས་ཁྲིམས་བཤེར་ཁང་གཉིས་པར་སྤྲོད་རྒྱུ་ཡིན། ཞེས་བརྗོད་འདུག་ཀྱང་། ཚེ་རིང་མཚོ་ལགས་ཀྱིས་རྒྱ་ནག་རྒྱལ་ཡོངས་མི་མང་ཁྲིམས་ཁང་ཞབས་ཕྱི་དྲ་བའི་ཐོག་ནས་མཚོ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ལ་ཁྲིམས་བཤེར་གཏུག་ཡིག་སྤྲད་ཟིན་པའི་སྐོར་ལ་ཁོང་མོས། ཁྲིམས་བཤེར་ཐེངས་གཉིས་པའི་ཆེད་དུ་དཔྱད་ཞིབ་ཡིག་ཚགས་དང་ཁྲིམས་བཤེར་དང་པོའི་གཏུག་བཤེར་ཡི་གེ་བཅས་ཡིག་ཆ་ཚང་མ་ཕུལ་ཡོད་ལ། ཁྲི་ཀ་རྫོང་མི་མང་ཁྲིམས་ཁང་གིས་ཁྲིམས་མེད་ལུགས་མེད་ཀྱིས་ང་ལ་ནག་ཉེས་ངོས་ལེན་བྱེད་དགོས་པའི་སྐུལ་འདེད་ཡང་ཡང་བཏང་བ་སོགས་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྣང་མེད་བཏང་བ་ཞིག་ཡིན་པས་ངས་ངོས་ལེན་རྩ་བ་ནས་བྱས་མེད།...

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

དགེ་བཤེས་བློ་བཟང་ཡར་འཕེལ་ལགས་ཀྱིས་རཀཿར་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཁྲོད་དམིགས་བསལ་གྱི་ཁྱད་ཆོས་ཤིག་ནི་བཀའ་འགྱུར་དང་བསྟན་འགྱུར་ནང་ཡོད་པའི་ཚིག་མི་མང་དཀྱུས་མར་གོ་བདེ་བོ་བཟོས་ཡོད་ཅེས་བརྗོད་བྱུང་། དེ་རིང་ཕྱི་ཚེས་ ༡༨ ཉིན་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་དཔེ་མཛོད་ཁང་དང་རཀཿར་བཀྲས་མཐོང་ཁྱིམ་ཚང་ཐུན་མོང་གི་གོ་སྒྲིག་འོག རཀཿར་ཐུབ་བསྟན་ཆོས་དར་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་པོད་བཅུ་བདུན་འགྲེམས་སྤེལ་གྱི་མཛད་སྒོ་ཞིག་འཚོགས་སོང་། མཛད་སྒོའི་ཐོག་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། སྤྱི་ཟུར་བཀྲས་མཐོང་དབང་པོ་ལགས། དེ་བཞིན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། ཉམས་ཞིབ་པ། དྷ་ས་ཁུལ་གྱི་མི་མང་བཅས་འཛོམས་འདུག རཀཿར་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་གི་གལ་གནད་སྐོར་ལ་གསུང་རྩོམ་རྩོམ་སྒྲིག་པ་དགེ་བཤེས་བློ་བཟང་ཡར་འཕེལ་ལགས་ཀྱིས་འདི་གའི་གསར་འགོད་པར། རཀཿར་རིན་པོ་ཆེ་མཆོག་ནི་མཁས་པ་ཆེན་པོ་རེད། ཁོང་གི་གསུང་རྩོམ་ཁྲོད་ནས་ང་ཚོར་བསླབ་བྱ་ལེན་རྒྱུ་མང་པོ་ཡོད་རེད། རིན་པོ་ཆེ་མཆོག་སྐད་ཡིག་མང་པོར་མཁས་པ་རེད། དམིགས་བསལ་བོད་ཀྱི་ཆོས་དང་རིག་གཞུང་ལ་མཁས་པ་རེད། བོད་ཀྱི་རིག་གཞུང་སྐོར་བཤད་དུས་ཆེ་ས་ཆུང་ས་གང་གི་ཐོག་ནས་ཀྱང་ཁོང་ནི་ཤ་ཚ་ཡོད་མཁན་ཞིག་རེད། དཔེར་ན་ཆོས་ལུགས་ཀྱི་ཚོགས་འདུ་ཞིག་གི་སྐབས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་ཞིག་གནང་ཡོད་ཅིང་། ༧གོང་ས་མཆོག་གི་བཀའ་དེ་ལག་བསྟར་བྱེད་པའི་ཆེད་དུ་རཀཿར་རིན་པོ་ཆེ་མཆོག་གིས་སྐུ་ལས་མང་པོ་བསྐྱོན་འདུག རིན་པོ་ཆེ་མཆོག་གི་གསུང་རྩོམ་ཁྲོད་དམིགས་བསལ་གྱི་ཁྱད་ཆོས་ཤིག་ནི་བཀའ་འགྱུར་དང་བསྟན་འགྱུར་ནང་ཡོད་པའི་ཚིག་དག་མི་མང་དཀྱུས་མར་གོ་བདེ་བོ་བཟོས་ཡོད། ཁོང་ནི་དུས་རབས་གསར་རྙིང་གཉིས་ཀྱི་འབྲེལ་མཐུད་པ་དང་། བོད་པ་རྣམས་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས་སྐུ་ལས་བསྐྱོན་གནང་མཁན་ཞིག་རེད། རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་སྐབས་སུ་དཀའ་ངལ་ཆེ་ཤོས་ཤིག་ནི་ཁོང་གི་ཤེས་ཚད་མཐོ་དྲགས་པའི་རྐྱེན་གྱིས། ང་ཚོས་ཚིག་གི་ནང་དོན་ཧ་མ་གོ་བའི་གནས་སྟངས་དེ་འདྲ་ཡོང་གི་འདུག ཅེས་འགྲེལ་བརྗོད་གནང་བྱུང་། ཐེངས་འདིའི་གསུང་རྩོམ་ཕྱོགས་སྒྲིག་སྐོར་ལ་བཀྲས་མཐོང་དབང་པོས་འདི་གའི་གསར་འགོད་པར། པཱ་ལགས་ཀྱི་གསུང་རྩོམ་ཕྱོགས་སྒྲིག་བྱེད་པར་སོ་སོའི་ནུས་པས་ཏག་ཏག་འདང་གི་མི་འདུག ཕྱག་རོགས་གནང་མཁན་རྣམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། རང་ཉིད་ཀྱི་རྡོག་འཁྲིས་ཆེན་པོ་ཤིག་ཕབ་ཐུབ་སོང་བསམ་པའི་ཚོར་བ་ཞིག་བྱུང་། ངའི་པཱ་ལགས་ནི་སུད་སིའི་སྐྱབས་བཅོལ་བ་ཞིག་རེད། ཉིན་མོའི་ལས་ཀ་ཚར་བ་དང་དགོང་མོའི་དུས་ཚོད་སྟོང་བའི་ནང་རྩོམ་འབྲི་གནང་ཡོད། དེ་ནི་བོད་པའི་རིག་གཞུང་ནང་དུ་འཐིམས་པའི་དགའ་ཚོར་མེད་ཚེ་ལས་ཀ་བྱེད་མི་ཐུབ་པ་ཞིག་རེད། དེ་ཡང་སེམས་ཤུགས་དང་ཆབ་སྲིད་ཀྱི་བསམ་བློ་གཅིག་པུ་མ་རེད། ཁོང་དབྱིངས་ནང་དུ་ཞུགས་ཏེ་ཕྱག་ལས་གནང་ཐུབ་མཁན་ཞིག་ཡིན། དེང་སྐབས་མི་སུ་ཞིག་གིས་བལྟས་ཀྱང་ངོས་ལེན་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད། པཱ་ལགས་ཀྱི་དགོངས་པ་བཞེས་སྟངས་ཧ་ཅང་སྣང་བ་སྤྲོ་བོ་ཡོད་པ་རེད།...

བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

གངས་རིན་པོ་ཆེ་དང་འཕགས་བོད་འབྲེལ་ལམ་ཐོག་རྒྱལ་སྤྱིའི་ལྟ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ལས་རིམ་དང་འཕགས་བོད་འབྲེལ་ལམ་ཐོག་འགྲེམས་སྟོན་གནང་འདུག The post བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག appeared first on བོད་ཀྱི་དུས་བབ།.

ཨ་རིའི་སློབ་ཆེན་ཁག་ཏུ་བོད་ཡིག་སློབ་ཚན་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཨ་རིའི་གྲོས་ཚོགས་ནས་ཨ་རིའི་སློབ་ཆེན་ཁག་ཏུ་རྒྱ་ཡིག་དང་བོད་ཡིག དེ་བཞིན་ཡུ་གུར་སྐད་ཡིག་བཅས་ཀྱི་སློབ་ཚན་རྒྱ་སྐྱེད་གཏོང་དགོས་པར་སྐུལ་མ་བྱས་འདུག The post ཨ་རིའི་སློབ་ཆེན་ཁག་ཏུ་བོད་ཡིག་སློབ་ཚན་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག appeared first on བོད་ཀྱི་དུས་བབ།.

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་།

དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འགལ་ཐོག་ཕྱིའི་རྒྱལ་ཁབ་དང་ངན་པ་ལག་འབྲེལ་བྱས་པའི་ཉེས་མིང་བཙུགས་ཏེ་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་འཆར་ཡོད་འདུག The post ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་། appeared first on བོད་ཀྱི་དུས་བབ།.

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་གིས་བོད་དོན་ཞུ་སྐུལ་གནང་བཞིན་པ།

རྒྱ་གར་གྱི་དགུན་དུས་གྲོས་ཚོགས་འཚོག་བཞིན་པའི་སྐབས་དང་བསྟུན་རྒྱ་ནག་གཞུང་གིས༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་དང་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་མེད་པའི་ཐོག་ནས་ཀློད་གྲོལ་གཏོང་ཐབས་སུ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག  The post བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་གིས་བོད་དོན་ཞུ་སྐུལ་གནང་བཞིན་པ། appeared first on བོད་ཀྱི་དུས་བབ།.

རྒྱ་ནག་གཞུང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་སྒྲིག་གཞི་ཡོད་ཚེ་དོན་དང་མཐུན་པའི་ཐོག་ནས་ལག་བསྟར་བྱ་དགོས་པའི་བསྒྲགས་གཏམ་སྤེལ།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་རྫ་ཆུ་ཁའི་གཏེར་ཁ་སྔོག་འདོན་གྱི་དོན་རྐྱེན་དང་འབྲེལ་བའི་ཐོག་རྒྱ་གཞུང་ལ་དགོས་འདུན་དོན་ཚན་བདུན་གྱི་ཐོག་ནས་འབོད་སྐུལ་གནང་སོང་། The post རྒྱ་ནག་གཞུང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་སྒྲིག་གཞི་ཡོད་ཚེ་དོན་དང་མཐུན་པའི་ཐོག་ནས་ལག་བསྟར་བྱ་དགོས་པའི་བསྒྲགས་གཏམ་སྤེལ། appeared first on བོད་ཀྱི་དུས་བབ།.