CTA Honors 89 Veterans and Former Political Prisoners with Medals of Honor
ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༧ ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཀྱི་མཇུག་སྡོམ་མཛད་སྒོ་དང་སྦྲགས། ལྷན་ཚོགས་དེའི་ཐོག་གཏན་འབེབས་བྱུང་བའི་གྲོས་ཆོད། ༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཚེ་བརྟན་ཐབས་དང་། གང་གི་ཐུགས་དགོངས་འགྲུབ་སླད་ལས་དོན་བསྒྲུབ་ཐབས། བོད་ཀྱི་རྩ་དོན་བསྒྲུབས་ཐུབས་སུ་བོད་ཕྱི་ནང་གཉིས་སུ་ལས་འགུལ་སྤེལ་ཕྱོགས། བདེ་སྲུང་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་བཅས་ལ་གོ་བསྡུར་བྱུང་བ་རྒྱབ་གཉེར་དོན་ཚན་ཁག་༧གོང་ས་༧སྐྱབས་མགོན་ཆེན་པོར་སྤྱན་འབུལ་ཞུས་པ་ཡོད་པ་མ་ཟད། བདེ་སྲུང་ལས་ཁུངས་ནས་འཐབ་རྩོད་པ་རྣམས་ཀྱི་མཛད་རྗེས་དང་བཀའ་དྲིན་རྗེས་དྲན་ཆེད་ཁོང་རྣམ་པར་བོད་ཀྱི་རྟགས་མ་ཞེས་པ་རེ་ཡང་ཕུལ་ཡོད་པ་རེད། །
On 27th April 2026, the closing ceremony of the Tibetan Freedom Fighters Conference was organized by the Department of Security in Dharamshala.
During the meeting, important resolutions awere adopted regarding prayers for the long life of His Holiness the 14th Dalai Lama and ways to fulfill his wishes. Discussions were also held on how to effectively carry out the activities both inside Tibet and outside to support and advance the Tibetan cause.
The event also highlighted the work of the security forces and addressed important supporting issues related to His Holiness the Dalai Lama. In recognition of their achievements, dedication, and service, the Department of Security awarded Tibetan medals to the freedom fighters as a token of gratitude and appreciation.





