Lobga Rangzen's Legacy: How Do We Carry the Momentum Forward?
དཔའ་བོ་བློ་དགའ་རང་བཙན་རྗེས་དྲན་ཐོག་བོད་ཀྱི་མ་འོངས་གནས་བབ་སོགས་དང་འབྲེལ་ནས་བཅར་འདྲི།
Lobga Rangzen's Legacy: How Do We Carry the Momentum Forward?
ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་ཨ་རི་ནིའུ་ཡོག་ཏུ་རྟེན་གཞིས་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་མདུན་དུ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་རྒྱལ་ཁབ་ཀྱི་རང་བཙན་ཆེད་དུ་སྐུ་ལུས་མེར་བསྲེགས་བཏང་ཡོད་པ་དང་ད་ཆ་ཉིན་གྲངས་ ༣༦ ཕྱིན་ཡོད་པ་རེད། དུས་ཡུན་དེ་དག་གི་རིང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བཙན་བྱོལ་བོད་མི་རྣམ་པས་དཔའ་བོ་ཁོང་ལ་རྗེས་དྲན་དང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེར་སྐྱོན་བརྗོད་ཀྱི་ལས་འགུལ་རིམ་པར་སྤེལ་དང་སྤེལ་བཞིན་ཡོད་ཅིང་། ལྷག་པར་ལས་འགུལ་ནང་བོད་ཕྲུག་བྱིས་པ་ནས་བགྲེས་སོང་ལོ་ན་ ༨༠ ཡན་བར་གྱི་བོད་མི་རྣམ་པས་མཉམ་ཞུགས་གནང་དང་གནང་བཞིན་ཡོད་པ་རེད། དུས་སྐབས་དེ་དང་བསྟུན་ད་རིང་གི་ལས་རིམ་ནང་། ཨ་རི་རྒྱལ་ས་ཝ་ཤིང་ཊོན་དུ་གནས་བཞུགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་། ཨ་རི་མི་ནི་སོ་ཊར་གནས་བཞུགས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་འཇིགས་མེད་ཨོ་རྒྱན་ལགས་རྣམ་པ་གཉིས་དང་ལྷན་དུ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་དེ་ཉིད་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་ཞུས་པའི་ཐོག་ནས་བོད་ཀྱི་མ་འོངས་པའི་གནས་བབ་སོགས་དང་འབྲེལ་ནས་གླེང་མོལ་ཞུས་ཡོད།
On July 2, 2026, Tibetan activist Lobga Rangzen self-immolated in front of the UN headquarters in New York, calling for Tibet's independence, protesting China's Ethnic Unity Law, and to oppose China's occupation of Tibet. Thirty-six days later, Tibetans around the world continue to commemorate and honor his sacrifice through protests, vigils, and various other campaigns. We spoke with Bhuchung K. Tsering of the International Campaign for Tibet and Jigme Ugen of the Tibetan National Congress to discuss Lobga Rangzen's lasting legacy, the broader significance of his sacrifice, the future course of Tibet's struggle and how not to fall into China’s divisive trap.
Find more from Voice Of Tibet:
Website: https://www.vot.org
网站: https://www.cn.vot.org
Facebook: https://www.facebook.com/VoiceofTibet
YouTube: https://www.youtube.com/c/VoiceofTibet
Instagram: https://www.instagram.com/voice.of.tibet
Twitter: https://twitter.com/VOT_Tibetan
#VoiceOfTibet #西藏之声





