TIBET RADIO EXCLUSIVE | བལ་ཡུལ་གོར་ཁར་ཆུ་ལོག་ཚབས་ཆེན་བྱུང་སྟེ་མི་ལྔ་གར་སོང་ཆ་མེད།
བལ་ཡུལ་གྱི་གོར་ཁ་རྫོང་དུ་ཕྱི་ཟླ་ ༡༠ པའི་ཚེས་ ༡༡ ཞོགས་པའི་ཆུ་ཚོད་བཞི་དང་ཕྱེད་ཀའི་གཡས་གཡོན་དུ་ཆུ་ལོག་གི་གོད་ཆག་ཚབས་ཆེ་བྱུང་སྟེ། མི་ལྔ་གར་སོང་ཆ་མེད་དུ་གྱུར་བ་དང་། སྡོད་ཁང་ ༣༥ ནས་ ༤༠ ཙམ་དང་ཟམ་པ། ལམ་ཁ་དང་གློག་ཤུགས་ལས་གཞི་སོགས་ལ་གཏོར་སྐྱོན་ཚབས་ཆེན་བྱུང་ཡོད་པ་རེད། ད་ལྟ་བལ་ཡུལ་གཞུང་གི་དམག་མི་དང་ཉེན་སྐྱོབ་རུ་ཁག་གིས་བོར་བརླག་ཏུ་སོང་བའི་མི་རྣམས་འཚོལ་ཞིབ་དང་། གནོད་འཚེ་ཕོག་ཡུལ་མི་མང་ལ་རོགས་སྐྱོབ་བྱེད་བཞིན་པ་དང་དུས་མཚུངས། ཆུ་ལོག་གི་ཐོག་མའི་རྒྱུ་རྐྱེན་ཐད་ལའང་ད་དུང་་ཞིབ་འཇུག་མུ་མཐུད་བྱེད་བཞིན་ཡོད་པ་རེད་འདུག །





