Tibetan Language Day 30th April
ཟླ་བ་བཞི་པའི་ཚེས་སུམ་ཅུ་ཉིན་ནི་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་བྱེད་ཀྱི་ཡོད། དེ་ནི་བོད་ཡིག་གི་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་བསྡོམས་པས་ཚེས་གྲངས་འདི་མཚོན་གྱི་ཡོད་པས་རེད།
ཉེ་ཆར་ང་ཚོ་བྷེལ་ཀོབ་ཏུ་ཡོད་པའི་སམ་བྷོ་ཊ་སློབ་གྲྭར་བསྐྱོད་དེ་ཉིན་མོ་འདི་སྲུང་བརྩི་བྱེད་པའི་མཛད་སྒོར་ཞུགས་པའི་གོ་སྐབས་བྱུང་། ང་ཚོས་སམ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་དང་། དགེ་ལས་སློབ་ཕྲུག་ཡོངས་ལ་ཉིན་མོ་གལ་ཆེན་འདིར་མཉམ་ཞུགས་བྱེད་པའི་གོ་སྐབས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།





