༧གོང་ས་མཆོག་བཞུགས་སྒར་རྡ་རམ་སར་ཞབས་སོར་འཁོད་པ།

1 hour ago

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁུལ་དུ་ཕྱི་ཟླ་ ༦ ཚེས་ ༢༨ ནས་དེ་རིང་ཕྱི་ཟླ་ ༩ ཚེས་ ༤ བར་ཏེ། ཟླ་བ་གཉིས་ལྷག་རིང་གི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ། དེ་རིང་ཞོགས་པར་ལ་དྭགས་གླེ་ཞི་བའི་ཚལ་ཕོ་བྲང་ནས་ཆིབས་ཐོན་གྱིས། སྔ་དྲོ་ཆུ་ཚོད་ ༡༠ ཡོལ་ཙམ་དུ་བཞུགས་སྒར་ཉེ་འཁྲིས་གྷ་གལ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་ཅིང་། གནམ་ཐང་ནས་ཕོ་བྲང་བར་གྱི་ཕེབས་ལམ་གཡས་གཡོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་གཙོས། སྲི་ཞུའི་ལས་བྱེད་རྣམས་དང་། དེ་བཞིན་འདི་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་སློབ་གྲྭ་ཁག དགོན་སྡེ་གྲྭ་ཚང་ཁག སེར་སྐྱ་མི་མང་དང་བཅས་ནས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས། མེ་ཏོག་སོགས་མཆོད་རྫས་སྣ་ཚོགས་ཐོགས་ཏེ་སེར་སྦྲེང་བསྒྲིགས་ནས། མགོན་པོ་གང་ཉིད་བཞུགས་སྒར་དུ་བདེ་བར་འཁོད་པར་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཟབ་རྒྱས་ཞུས་གནང་སོང་། །
Watch on YouTube