བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༦།༡༠།༡༦ 𝗧𝗶𝗯𝗲𝘁 𝗧𝗵𝗶𝘀 𝗪𝗲𝗲𝗸(𝗧𝗶𝗯𝗲𝘁𝗮𝗻) Oct. 16, 2026
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་རས་གཟིགས་ཆོས་ཚོགས་ནས་བརྟན་བཞུགས་བསྟར་འབུལ་དང་མགོན་པོ་མཆོག་ནས་སྐུ་ཚེ་ཡུན་རིང་བརྟན་རྒྱུའི་བཀའ་བཟང་ཕེབས་པ།
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་ན་ཝི་པི་ལེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་དགའ་བསུ་མཛད་པ།
◆ དཔལ་ལྡན་སྲིད་སྐྱོང་མཆོག་གི་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་གི་འཚམས་གཟིགས་ལེགས་གྲུབ་ཀྱིས་ཇར་མ་ནིའི་གྲོང་ཁྱེར་སྦར་ལིན་དུ་ཕེབས་འབྱོར་བྱུང་བ།
◆ དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་རྒྱ་གར་གྱི་གསར་འགོད་པ་རྒན་གྲས་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲ་གནང་བ།
◆ དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་ལྷོ་ཁུལ་བོད་མིའི་སློབ་གྲྭ་ཁག་ཏུ་འཚམས་གཟིགས་གནང་བ།
◆ དཔལ་འབྱོར་ལས་ཁུངས་ནས་ལས་འཆར་སྟངས་འཛིན་གྱི་ནུས་རྩལ་གོང་སྤེལ་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་པ།
◆ འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་ཡིག་ཚང་གི་དྲུང་ཆེའི་ལས་འཁུར་དང་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་དྲུང་ཆེའི་ལས་འཁུར་རྩིས་བཞེས་གནང་བ།
#dalailama#TibetansforTibet #centraltibetanadministration #dailynews #tibettv#weeklynews #TibetMatters#TibetanIdentity





