བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༦།༩།༢༥ 𝗧𝗶𝗯𝗲𝘁 𝗧𝗵𝗶𝘀 𝗪𝗲𝗲𝗸(𝗧𝗶𝗯𝗲𝘁𝗮𝗻) Sept. 25, 2026
◆ སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པ་མཇུག་སྒྲིལ་བ།
◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་འགོ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་པ་དང་འབྲེལ། བཙན་བྱོལ་བོད་མིའི་འདུ་སྡོད་ས་གནས་ཁག་ཏུ་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་སྲུང་བརྩི་ཞུ་བཞིན་པ།
◆ མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་སུད་སི་སྐུ་ཚབ་དོན་ཁང་ནས་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་ཐེར་འདོན་གནང་བ།
◆ དྲུང་འཕར་བདེ་སྐྱིད་སྒྲོལ་དཀར་ལགས་ཀྱིས་དབུས་འོས་བསྡུ་ལས་ཁང་གི་དྲུང་ཚབ་ཀྱི་ལས་ཁུར་རྩིས་བཞེས་གནང་བ།
◆ ཨིན་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་གུ་ཡངས་མང་གཙོ་ཚོགས་པའི་ལྷན་ཚོགས་ཐོག་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་སྐོར་གསལ་བཀྲོལ་གནང་བ།
◆ རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་དམ་པ་ Rabi Ray མཆོག་གི་དྲན་རྟེན་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་པ།
#dalailama#TibetansforTibet #centraltibetanadministration #dailynews #tibettv#weeklynews #TibetMatters#TibetanIdentity #TibetanNationalIdentityPreservationWeek





