བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༠༥ Tibet TV Daily News– August 05, 2026

3 weeks ago

◆དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་ཤེས་རབ་དགའ་ཚལ་སློབ་གླིང་དུ་འཚམས་གཟིགས་གནང་བ། ◆ མངའ་རིས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐོག་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་དང་སྤྱི་འཐུས་རྒྱུན་ལས་མགོན་པོ་དོན་གྲུབ་ལགས་རྣམ་གཉིས་ཆེད་ཕེབས་གནང་བ། ◆ ཉི་འོང་དང་ཨོསྟྲི་ཡཱ་བོད་མི་རྣམས་ནས་རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་ཟླ་གཅིག་འཁོར་བའི་ཉིན་མོ་རྗེས་དྲན་དང་འབྲེལ། གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ། ◆ སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་སྤྱི་འཐུས་བ་རི་ཟླ་བ་ཚེ་རིང་ལགས་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་འཚམས་གཟིགས་གནང་གཏན་འཁེལ་བ། ◆ ཉི་འོང་སྐུ་ཚབ་དོན་ཁང་ནས་ཟླ་བ་གསུམ་རིང་གི་བོད་ཀྱི་སྐད་ཡིག་འཛིན་གྲྭ་འགོ་འཛུགས་གནང་བ། #dalailama #TibetansforTibet #centraltibetanadministration #dailynews #tibettv
Watch on YouTube