བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༨།༡༠ Tibet TV Daily News– August 10, 2026
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མ་ཧཱ་བྷོ་དྷི་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་དུ་ཆིབས་སྒྱུར་གྱིས་སངས་རྒྱས་སྟོང་སྐུར་རབ་གནས་བྱིན་རླབས་མཛད་པ།
◆ འབྲས་སྤུངས་ཁྲི་ཟུར་དཀོན་མཆོག་དཔག་བསམ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ཕྱོགས་ཕེབས་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས་དང་སྤྱི་འཐུས་དཀོན་མཆོག་རིན་ཆེན་ལགས་རྣམ་གཉིས་ཐུགས་གསོ་ཞུ་བར་ཆེད་བཅར་ཞུས་པ།
◆ སུད་སི་གྲོང་ཁྱེར་ཛུ་རིག་ཏུ་བོད་མི་ ༧༠༠ ལྷག་ལྷན་འཛོམས་ཀྱིས་རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་ཀྱི་ཆེད་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ།
◆ རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་ཞག་ཞེ་དགུ་འཁོར་བའི་དུས་ཚིགས་དང་བསྟུན་བོད་མིའི་སྒྲིག་འཛུགས་ནས་མཆོད་འབུལ་སྨོན་ལམ་དང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་སྤེལ་བ།
#dalailama #TibetansforTibet #centraltibetanadministration #dailynews #tibettv





