བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཚོགས་བཅར་བ་རྣམས་ལ་མཇལ་ཁ།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༧ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། བདེ་སྲུང་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ལ་མཉམ་བཞུགས་གནང་མཁན་བོད་དམག་ཟུར་པ་དང་། བསྟན་སྲུང་དྭང་བླངས་དམག་ཟུར། བདེ་སྲུང་གི་འབྲེལ་ཡོད་སོགས་དད་ལྡན་མི་གྲངས་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ་བ།





