འགུལ་རིས་གློག་བརྙན་ཞི་བདེའི་སྐྱེས་མཆོག་གཟིགས་འབུལ་གནང་སོང་།

2 hours ago

དེ་རིང་ཕྱི་ཟླ་ ༩ ཚེས་ ༢༣ ཉིན། དབུས་བོད་མིའི་སྒྲིག་འཛུགས་ནས་བོད་མིའི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་སྲུང་བརྩིའི་ལས་འགུལ་གྱི་ཆ་ཤས་ཤིག་ཏུ། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག་རྡ་རམ་ས་ལར་རྟེན་གཞི་བྱས་པའི་ (Maximus Mall) གློག་བརྙན་ཁང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་བའི་བོད་ཀྱི་ལོ་རྒྱུས་གསལ་བའི་འགུལ་རིས་གློག་བརྙན་ཞི་བདེའི་སྐྱེས་མཆོག (Man of Peace) ཅེས་པ་དེ་གཟིགས་འབུལ་གནང་སོང་། །
Original Article