རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གློག་བརྙན་ ༩༤ སྟོན་རྒྱུ་རེད་འདུག

1 hour ago

རྒྱ་གར་ནང་སྙན་གྲགས་རྒྱས་བཞིན་པའི་རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༥ པ་དེ། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༩ ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭར་འགོ་འཛུགས་གནང་ཡོད་ཅིང་། དུས་སྟོན་འདིའི་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ཉི་ཤུ་ལྷག་ནས་གློག་བརྙན་རིང་ཐུང་རྣམ་གྲངས་མི་འདྲ་བ་ ༩༤ གཟིགས་འབུལ་ཞུ་བཞིན་ཡོད་པ་དང་། དེའི་ནང་བོད་མིས་བཟོས་པའི་གློག་བརྙན་གཅིག་ཀྱང་ཚུད་ཡོད་འདུག་ཅིང་། དུས་སྟོན་འདི་དེ་རིང་ནས། ཕྱི་ཟླ་ ༡༡ ཚེས་ ༡ བར་ཉིན་གྲངས་བཞིའི་རིང་གཉེར་རྒྱུ་ཡིན་པ་རེད་འདུག དུས་སྟོན་འདིའི་ཐོག་རྒྱ་གར་རྒྱལ་ཡོངས་ནས་དོ་སྣང་ཅན་བརྒྱ་ཕྲག་བརྒལ་བ་མཉམ་ཞུགས་གནང་གི་ཡོད་པའི་གོ་སྐབས་དང་བསྟུན་ནས། བོད་པའི་གནས་སྟངས་ངོ་སྤྲོད་ཀྱང་དུས་མཉམ་དུ་གནང་ཐུབ་ཀྱི་ཡོད་པའི་སྐོར། དུས་སྟོན་འདི་གསར་འཛུགས་གནང་མཁན་གྱི་གྲས་བསྟན་འཛིན་བསོད་ནམས་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་། །
Watch on YouTube