ཤེས་རིག་བཀའ་བློན་མཆོག་གི་རྒྱ་གར་ལྷོ་ཕྱོགས་སུ་གཞུང་འབྲེལ་འཚམས་གཟིགས་ཐོག་མ།

5 hours ago

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་༡༧ པའི་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས། ཕྱི་ཟླ་༡༠ ཚེས་༡༡ ཉིན་སྦེལ་ཀོབ་ཏུ་མང་ཚོགས་དང་མཇལ་ཕྲད་གནང་སྟེ། བཀའ་ཤག་གི་ལས་དོན་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་འཕྲད་བཞིན་པའི་ཉེན་ཁའི་སྐོར་གསུང་བཤད་གནང་བ་མ་ཟད། མང་ཚོགས་ཀྱི་དྲི་བར་ལན་འདེབས་ཀྱང་གནང་ཡོད། ཁོང་གི་ལྷོ་ཕྱོགས་མཚམས་གཟིགས་དེ་ཕྱི་ཟླ་༡༠ ཚེས་༣ ཉིན་མོན་གྷོཌ་ནས་འགོ་ཚུགས་ཏེ། ཀོ་ལི་གྷལ་དང་། ཧུན་སུར་གྱི་མཚམས་གཟིགས་གྲུབ་རྗེས་སྦེལ་ཀོབ་ཏུ་ཕེབས་ཡོད་པ་དང་། མཚམས་གཟིགས་འདིར་ཤེས་རིག་ཤེས་ཡོན་ཚན་པ་དང་མདུན་ལམ་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་ལྷན་དུ་ཕེབས་ཡོད།
Watch on YouTube