Archive - Tibet Tribune

Latest

China criticizes everyone but itself for Lobga Rangen’s protest self-immolation

(TibetanReview.net, Aug14’26) – While Lobga Rangzen cited China’s campaign of forced assimilation of Tibet and the imperative of Tibetan unity in the campaign for independence as the urgent need of the hour, China’s official media has blamed everyone else...

A Flame That Does Not Go Out: Remembering Loga Rangzen and Thupten Ngodup

To Palden Gyal* this article is a personal and deeply moving reflection that links the self-immolations of Loga Rangzen la and Thupten Ngodup la—spanning nearly three decades—as enduring symbols of Tibetan sacrifice, resistance, and the struggle to preserve Tibetan...

Tibetan delegation meets UNHRC special representative, presents six demands 

Tenzin Nyidon  DHARAMSHALA, Aug. 14: A Tibetan delegation, accompanied by two family members of late Tibetan independence activist Lobga Rangzen, met with United Nations Human Rights Council Special Representative Anne Siyota at the United Nations on Wednesday, urging the...

New visuals show intensified demolition at Larung Gar, monk detained after protest 

Tenzin Nyidon  DHARAMSHALA, Aug. 14: Newly obtained photographs and video footage by Dharamshala-based media outlets showed demolition work is continuing at Larung Gar Buddhist Institute in Sertar County, eastern Tibet, offering a rare visual glimpse into the latest phase...

China Forced Nepal to Cancel an International Conference on Tibetan Studies

The incident reveals Beijing’s growing efforts to assert authority over Tibetan Buddhism – including in other countries.

བོད་མིའི་རྒན་རབས་རྣམས་ཀྱིས་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བྱས་པར་བོད་མི་གཞོན་སྐྱེས་རྣམས་ངོ་གནོངས་དགོས་བྱུང་བ་གསུངས་སོང་།

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བློས་བཏང་ལ་རྗེས་དྲན་ཞུ་ཆེད། རྒྱལ་སྤྱིའི་ཁྱོན་ཡོངས་ནང་བཙན་བྱོལ་བོད་མི་འདུ་སྡོད་གང་སར་ལས་འགུལ་སྤེལ་མུས་ཁྲོད། ཁ་སང་ཨ་རིའི་ནང་རྒྱལ་ཚོགས་མདུན་དུ་བོད་མི་གཞོན་སྐྱེས་ཁོ་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་གནང་བ་དང་འབྲེལ། རྒྱལ་གཅེས་དཔའ་བོ་ཁོང་གི་ཞལ་འཆེམས་དང་། བོད་རང་བཙན་འཐབ་རྩོད་མདུན་བསྐྱོད་གནང་དགོས་གལ་སོགས་ཀྱིས་གཏམ་བཤད་གནང་འདུག དེ་ཡང་ཁ་སང་ཨ་རིའི་ནང་ནིའུ་ཡོག་ནིའུ་འཇར་སི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་ལས་འགུལ་དེའི་ཐོག བོད་མི་གཞོན་སྐྱེས་རྣམས་ཀྱིས་སེམས་ཚོར་ཆེན་པོས་ལུས་ལ་བོད་མིའི་ཐུན་མོང་མ་ཡིན་པའི་བོད་ཆས་བསྣམས་པ་དང་། ལག་ཏུ་བོད་ཀྱི་རྒྱལ་དར་དང་། བོད་རང་བཙན་རྒྱལ་གྱུར་ཅིག་ཅེས་པའི་འཕྲེད་དར་སོགས་བསྣམས་ནས་ངོ་རྒོལ་སྐད་འབོད་གནང་བ་དང་།  སྐབས་དེར་གཞོན་སྐྱེས་བསྟན་འཛིན་དབང་རྒྱལ་ཞུས་པ་ཞིག་གིས་རྒྱལ་གཅེས་དཔའ་བའི་ཞལ་འཆེམས་ལ་གུས་བརྩི་དང་འབྲེལ་བོད་མི་རྒན་རབས་རྣམས་ཀྱིས་ད་བར་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བྱས་པར་གཞོན་སྐྱེས་རྣམས་ལ་ངོ་གནོངས་བཅུག་གི་ཡོད་ཅིང་། ཆོལ་ཁ་ཆོས་ལུགས་ལ་དབྱེ་འབྱེད་ཁོ་ན་བྱས་ཏེ་མ་བཞུགས་པར་བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་གནང་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པ་མ་ཟད། ད་ཆ་བོད་རང་བཙན་ཆེད་དུ་འཐབ་རྩོད་སྔར་ལྷག་གནང་དགོས་གལ་ཡིན་པ་ནན་བཤད་གནང་སོང་། གཞན་ཡང་ཆུང་དུས་ནས་བློ་དགའ་རང་བཙན་ལགས་དང་ལྷན་དུ་འཚར་ལོངས་བྱུང་མཁན་གཞོན་སྐྱེས་བསྟན་འཛིན་བཀྲ་ཤིས་ལགས་ཞུ་བ་ཞིག་གིས། སེམས་ཚོར་ཆེན་པོས་དཔའ་བོ་ཁོང་གི་དཔའ་བློ་དང་བློས་བཏང་ལ་རྗེས་དྲན་ཞུས་པ་དང་ཆབས་ཅིག རྒྱལ་གཅེས་པ་ཁོང་ནི་བཀྲ་ཤིས་ལགས་ཀྱི་མི་ཚེ་ནང་བག་ཆགས་ཆེ་ཤོས་ལྡན་པའི་གང་ཟག་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག ཁུལ་དེར་ཁྲིམས་རྩོད་པའི་ཕྱག་ལས་གནང་བཞིན་པ་དཀོན་མཆོག་སྒྲོལ་མ་ལགས་ཀྱིས། བོད་མི་རྣམས་ཀྱིས་རྒྱལ་ཚོགས་ལ་རེ་བ་ཇི་ཙམ་འཆོལ་བཞིན་པ་དྲན་སྐུལ་དང་སྦྲགས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནི་རྒྱལ་ཁབ་སྤྱི་ལ་གཟིགས་རྟོག་གནང་མཁན་གྱི་ལས་ཁུངས་ཤིག་ཡིན་པ་སོགས་གསུངས་སོང་། དེ་བཞིན་གཞན་གཞོན་སྐྱེས་ཁག་གཅིག་གིས་བོད་རྩ་དོན་སླད་གཞོན་སྐྱེས་ཚོར་འགན་འཕར་མ་ཡོད་པ་ནན་བཤད་ཀྱིས། དེང་གི་གཞོན་སྐྱེས་ཚོར་རྒྱལ་ཁབ་འདྲ་མིན་གྱི་མི་སེར་ཐོབ་ཐང་ཡོད་སྟབས། གོ་སྐབས་དེ་ལྟར་དམ་འཛིན་གནང་ནས་མི་རིགས་གཞན་རྣམས་ལ་བོད་ཀྱི་གནས་སྟངས་འགྲེལ་བཤད་སོགས་ཀྱིས། བོད་རང་དབང་དང་རང་བཙན་ཆེད་དུ་འཐབ་རྩོད་སྔར་ལྷག་གནང་དགོས་པ་གསུངས་སོང་། རྩ་བའི་བོད་རང་བཙན་ལས་འགུལ་བ་བློ་དགའ་རང་བཙན་ལགས་ཀྱི་བདུན་ཚིགས་དྲུག་པ་དང་སྟབས་བསྟུན། རྒྱ་གར་རྒྱལ་ནང་དུའང་ལས་འགུལ་འདྲ་མིན་སྤེལ་ཡོད་པ་ལྟར། ཁ་སང་ཚེས་ ༡༣ ཉིན་དབུས་ས་གཉིས་ཀྱི་བོད་ཀྱི་བུད་མེད་ལྷན་ཚོགས་དང་། ཆོལ་ཁ་གསུམ། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་བཅས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག བློ་དགའ་རང་བཙན་ལགས་ཀྱི་གནད་དོན་དང་། རྒྱ་ནག་གིས་བོད་ནང་འཛིན་པའི་སྲིད་བྱུས་སོགས་ལ་རྒྱལ་ཚོགས་ཀྱི་ངོས་ནས་ཡ་ལན་དང་རྒྱ་ནག་གཞུང་ལ་ཉེན་བརྡ་གཏོང་དགོས་པའི་རེ་འདུན་དོན་ཚན་ཁག་གཅིག་བཏོན་པའི་ཐོག་དྲག་ཆར་བབས་མིན་ལ་ལྟོས་མེད་བཞུགས་སྒར་མེ་གྷན་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་གྱི་ཞི་བའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། གཞི་རྩའི་བློ་དགའ་རང་བཙན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་བཏང་བ་ནས་བཟུང་། ཨ་རི་གཙོས་པའི་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་ཚོར་བ་རྣོ་བོའི་ཐོག མར་མེ་ཁྲོམ་སྐོར་དང་། ཞི་བའི་གོམ་བགྲོད། ཟས་བཅད་ངོ་རྒོལ། ཞུ་གཏུག་ལས་འགུལ་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་འགུལ་སྤེལ་དང་སྤེལ་མུས་ཁྲོད། ད་ཆ་རྒྱལ་གཅེས་པ་དམ་པ་ཁོང་རང་ལུས་མེར་བསྲེགས་བཏང་ནས་ཞག་ ༤༩...

China Pushes New Narrative Claiming Zhang Zhung Civilisation as the Origin of Tibetan Buddhism

There is a growing concern that the Chinese government will define the narrative of Tibetan archaeological research findings exclusively through the framework of the so-called “ Law on Promoting Ethnic Unity and Progress.”

རྒྱལ་ས་ལྡི་ལིར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་འཚོགས་སོང་།

དེ་རིང་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མདོ་ཁམས་ཆུ་བཞི་སྒང་དྲུག་གྱི་དཔའ་བོ་རྗེས་དྲན་གྱི་ཚོགས་ཁང་ནང་།   བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྐབས་བཅུ་དགུ་པ་དེ་འཚོགས་སོང་བ་དང་། ཚོགས་པ་དེའི་ཚོགས་གཙོ་འཕྲིན་ལས་ནོར་བུ་ལགས་ཀྱིས་གསུང་དོན་བྱས་པ་ཡིན་ན།  ཉིན་གཅིག་རིང་གི་ཚོགས་འདུ་དེའི་སྐབས་འདས་པའི་ལོ་གཅིག་གི་ལས་བསྡོམས་དང་མ་འོངས་ལས་འཆར་སྤེལ་ཕྱོགས་ཙམ་མ་ཟད།  རྩིས་ཁྲ་ཞིབ་འཇུག་བཅས་གནང་རྒྱུའི་འགྲེལ་བརྗོད་དང་།   ལྷག་པར་བོད་མིའི་ཚོང་ལས་བདེ་ཚོགས་ངོས་ནས་གང་མགྱོགས་བོད་མིའི་ཚོང་པ་ཚོར་ཕན་ཚུན་འབྲེལ་ལམ་གྱི་འཁོར་ཡུག་བསྐྲུན་ཐབས་ཀྱི་ལས་ཁུངས་ཤིག་དང་།   རྒྱ་གར་གཞུང་ལ་ཚོང་འབྲེལ་བཅའ་ཁྲལ་འབུལ་ཕྱོགས་སོགས་ཀྱི་ལམ་སྟོན་མཐུན་འགྱུར་གནང་རྒྱུའི་འཆར་གཞི་ཡོད་སྐོར་སོགས་གསུང་གི་འདུག བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་དེ་རིང་གི་ཚོགས་ཆེན་དེའི་སྐབས་རྒྱ་གར་རྒྱལ་ཡོངས་ནས་ཚོགས་མི་གྲངས་ ༥༠ ལྷག་ཙམ་ཞིག་ཕེབས་འདུག་པ་དང་།  ཚོགས་ཆེན་དེའི་སྐུ་མགྲོན་གྱི་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་དང་།     དམིགས་བསལ་སྐུ་མགྲོན་དུ་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་དང་།    ལྡི་ལིར་རྟེན་གཞི་བྱས་པའི་ཐེ་ཝན་ཚོགས་ལས་སྡེ་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Jason Ho བཅས་པ་གདན་ཞུ་གནང་འདུག་པ་ལྟར།   ཚོགས་འདུའི་དབུ་འབྱེད་སྐབས་སྐུ་མགྲོན་གཙོ་བོ་མཆོག་ནས་ཚོགས་པ་ཞིག་གི་གལ་གནད་སྐོར་སོགས་འགྲེལ་བརྗོད་གནང་སྟེ།  བོད་མིའི་ཚོང་ལས་སྡེ་ཚོགས་ཀྱི་ངོས་ནས་ངེས་པར་དུ་མི་མང་གི་ཡིད་ཆེས་དང་གདེང་འཇོག་ཐོབ་རྒྱུ་དེ་གལ་གནད་ཤིན་ཏུ་ནས་ཆེན་པོ་ཡིན་པ་མ་ཟད།  ལྷག་པར་དུ་ཚོགས་པའི་ཚོགས་མི་ཚོའི་ངོས་ནས་རྒྱབ་སྐྱོར་དང་མཉམ་ལས་གནང་རྒྱུ་ཤིན་ཏུ་ནས་གལ་ཆེན་ཡིན་པའི་སྐོར་སོགས་གསུངས་གནང་སོང་།   སྐབས་དེར་ད་དུང་དམིགས་བསལ་སྐུ་མགྲོན་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ཐེ་ཝན་ཚོགས་ལས་སྡེ་ཚོགས་ཀྱི་ཚོགས་གཙོ་ Jason Ho ལགས་ཀྱིས་ཁོ་པ་རང་ཉིད་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཁ་ཞུ་མྱོང་ཡོད་པ་མ་ཟད།  བོད་མིའི་ཚོང་ལས་བདེ་ཚོགས་དང་ཐེ་ཝན་གྱི་ཚོང་ལས་སྡེ་ཚོགས་གཉིས་བར་མ་འོངས་པར་མཉམ་འབྲེལ་གྱི་ལས་དོན་སྤེལ་ཕྱོགས་སོགས་ཀྱི་ཐབས་ལམ་ཐོག་བསམ་ཞིབ་གནང་གི་ཡོད་སྐོར་སོགས་གསུངས་ཡོད། དབུ་འབྱེད་མཛད་སྒོ་དེའི་མཐའ་བསྡོམས་སུ་ད་དུང་།    བོད་མི་མང་སྤྱི་འཐུས་ཟུར་པ་དང་ཁང་བཀོད་བཟོ་བདག་བདེ་བ་ཚང་རྡོ་རྗེ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་།  པོ་ཏཱ་ལ་ཨར་ལས་ཁང་གཉིས་ཀྱི་མིང་ཐོག་ནས་རྡེ་ར་རྡུན་ཁུལ་དུ་མ་གནས་ས་ཡ་བརྒྱ་ལྷག་གི་མགྲོན་ཁང་དང་ཟ་ཁང་ཚོང་ཁང་གློག་བརྙན་ཁང་སོགས་ཡོད་པའི་ཁྲོམ་གཟིགས་ཁང་ཆེན་པོ་ཞིག་གི་ལས་འཆར་འགོ་འཛུགས་ཟིན་པ་དང་།  ལོ་བཞིའི་ནང་ལེགས་གྲུབ་ཐུབ་པའི་ལས་འཆར་དེའི་ཐོག་ནས་ནང་སྲིད་ལས་ཁུངས་དང་།  པོ་ཏཱ་ཚོང་ལས་ཁང་གི་མ་ཤེར་མཁན་དང་།  བོད་མིའི་ཚོང་ལས་སྡེ་ཚོགས་བཅས་ལ་ཁེ་ཕན་ཇི་འདྲ་ཡོང་རྒྱུ་ཡིན་པ་སོགས་ཀྱི་བརྙན་པར་གཟིགས་འབུལ་གྱི་ལས་འཆར་འགྲེལ་བརྗོད་གནང་སོང་།   The post རྒྱལ་ས་ལྡི་ལིར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་འཚོགས་སོང་། appeared first on vot.

Why the US Should Recognise the Ganden Phodrang as the Legitimate Office of the Dalai Lama

By Khedroob Thondup For decades, Tibet’s future has been entangled in the geopolitical contest between Beijing’s claims of sovereignty and the Tibetan people’s struggle for cultural and religious survival. Yet one institution has endured across centuries of upheaval: the...