Tibetan
ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།
ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་རིགས་མང་པོར་གླ་ཆ་སྤྲད་ནས་ཞི་ཅིན་ཕིན་ལ་བསུ་བ་དང་སྐྱེལ་མ་བྱེད་པར་སྐད་བཏང་སྟེ་བོད་དང་ཤར་ཊི་ཀི་སི་ཐན། ཧོང་ཀོང་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཀྱི་ངོ་རྒོལ་ལས་འགུལ་བཀག་སྡོམ་བྱེད་འཆར་འདུག The post ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར། appeared first on བོད་ཀྱི་དུས་བབ།.
སྲིད་དབང་སྒེར་གཅོད་པ་ཞི་ཅིན་ཕིང་ལ་དགའ་བསུ་མེད་པའི་བསྒྲགས་གཏམ་སྤེལ།
བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་རང་དབང་དང་དམངས་གཙོའི་རྒྱལ་ཁབ་ཁག་གི་ནང་ཡོད་པའི་བོད་མི་ཚོས་དགྲ་བོའི་སྲིད་འཛིན་ཞི་ཅིན་ཕིང་ལ་དགའ་བསུ་ཞུས་པར་ངོ་རྒོལ་དང་། སྲིད་དབང་སྒེར་གཅོད་པ་ཞི་ཅིན་ཕིང་ས་ཕྱོགས་གང་དུ་ཡོང་ན། ཁོ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་པའི་བསྒྲགས་གཏམ་ཞིག་སྤེལ་འདུག The post སྲིད་དབང་སྒེར་གཅོད་པ་ཞི་ཅིན་ཕིང་ལ་དགའ་བསུ་མེད་པའི་བསྒྲགས་གཏམ་སྤེལ། appeared first on བོད་ཀྱི་བང་ཆེན།.
རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག
ཕྱི་ཟླ་ ༨ ཚེས་ ༢༠ ཉིན་དྷ་ས་ནས་ལྡི་ལིའི་བར་རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་ཏེ། པེན་ཇབ་གཙུག་ལག་སློབ་གཉེར་ཁང་དུ་བོད་དོན་དྲིལ་བསྒྲགས་གནང་འདུག The post རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག appeared first on བོད་ཀྱི་དུས་བབ།.
ཨོ་གླིང་གྲོས་ཚོགས་ནང་རྒྱ་ནག་གིས་བོད་ནང་ཆུ་མཛོད་སོགས་ཀྱི་འཛུགས་བསྐྲུན་རེ་ཞིག་མཚམས་འཇོག་དགོས་པ་ནན་བཤད།
ཁ་སང་ Australia གྲོས་ཚོགས་འོག་མའི་ནང་ཡུལ་དེའི་ New South Wales མངའ་སྡེ་ Mackellar ས་ཁུལ་གྱི་གྲོས་ཚོགས་འཐུས་མི་ Dr. Sophie Scamps ལགས་ཀྱིས་ཉེ་ཆར་བོད་དང་བལ་ཡུལ་ས་མཚམས་ཁུལ་དུ་ཆུ་ལོག་གི་དོན་རྐྱེན་གནད་དོན་སྐོར་དང་འབྲེལ། གནད་དོན་དེ་དག་རྒྱ་ནག་གི་བོད་ནང་དུ་ཚད་ལས་བརྒལ་བའི་འཛུགས་བསྐྲུན་དང་ཁོར་ཡུག་གཏོར་བཤིགས་ཀྱི་ལས་དོན་རྐྱེན་ལས་བྱུང་ཡོད་པ་ལྟར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་མཉམ་རུབ་ཐོག་རྒྱ་ནག་ལ་བོད་ནང་ཆུ་མཛོད་དང་གཏེར་ལས་སོགས་ཀྱི་འཛུགས་བསྐྲུན་ལས་གཞི་རེ་ཞིག་མཚམས་འཇོག་བྱ་དགོས་པའི་གནོན་ཤུགས་སྤྲད་དགོས་པ་གསུངས་འདུག དེ་ཡང་ཁ་སང་ལྕམ་ Sophie ལགས་ཀྱིས་གྲོས་ཚོགས་འོག་མའི་ནང་དུ་ཉེ་ཆར་ཕྱི་ཟླ་ ༨ པའི་ཚེས་ ༢༦ ཉིན་བལ་ཡུལ་དང་བོད་ཀྱི་ས་མཚམས་ས་ཁུལ་དུ་ཆུ་ལོག་དང་ས་རུད་ཀྱི་གོད་ཆགས་ཚབས་ཆེ་བྱུང་བའི་གནད་དོན་དང་འབྲེལ་བའི་གཏམ་བཤད་ཁྲོད། གོད་ཆགས་ཀྱི་ཤུགས་རྐྱེན་ཕོག་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་སོགས་ཞུ་བ་དང་སྦྲགས། བོད་འདི་བཞིན་འཛམ་གླིང་ཁྱོན་གྱི་གནམ་གཤིས་འགྱུར་ལྡོག་གི་མདུན་ཐིག་ཏུ་ཡོད་པ་དང་། བོད་མཐོ་སྒང་གི་འཁྱགས་རོམ་ཁག་ནི་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་ཞིང་། དེང་སྐབས་ཚ་དྲོད་ཇེ་ཆེར་འགྲོ་བཞིན་པའི་ཁྲོད་ཧ་ཅང་ཉེན་ཁ་ཆེ་བ་དང་། ད་དུང་ཆུ་ལོག་ཧ་ཅང་ཛ་དྲག་ཅན་ཞིག་འབྱུང་བའི་ཉེན་ཁ་ཆེན་པོ་ཡོད་སྐོར་གསུངས་པ་མ་ཟད། རྒྱ་གཞུང་གི་བཙན་བཟུང་འོག་བོད་མི་རྣམས་ལ་བོད་ཀྱི་རྒྱུག་ཆུ་དང་རང་བྱུང་ཐོན་ཁུངས་སྐྱོང་རྒྱུའི་ཐོབ་ཐང་མེད་པའི་ཁྲོད། འདས་པའི་ལོ་ཤས་ནང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་རྒྱུན་ཁག་གི་ཐོག་ལ་ཆུ་མཛོད་ ༡༩༣ གསར་རྒྱག་ཟིན་ཡོད་པ་བཅས་ལུང་འདྲེན་དང་འབྲེལ། ད་ལྟའི་དུས་འདིར་བལ་བོད་ས་མཚམས་ས་ཁུལ་དུ་གོད་ཆགས་འདི་ལྟ་བུ་ཞིག་བྱུང་དགོས་པའི་རྒྱུ་རྐྱེན་ངོ་མ་འཚོལ་ཞིབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་གསུངས་འདུག ཁོང་གིས་ལྷག་པར་དུ་བོད་ནང་དུ་གཞི་རྒྱ་ཆེ་བའི་ཆུ་མཛོད་དང་གཏེར་ཁ་སྔོན་འདོན་གྱི་ལས་གཞི་མུ་མཐུད་སྤེལ་བ་དེས་བོད་ཀྱི་ཆུ་བོ་དེ་དག་ཐོག་འཚོ་རྟེན་བྱེད་བཞིན་པའི་གཤམ་འོག་གི་རྒྱ་གར་དང་ལྷོ་ཤར་ཨེ་ཤེ་ཡའི་མི་འབོར་ཐེར་འབུམ་ ༡་༨ རྣམས་ཀྱི་འཐུང་ཆུ་དང་འཚོ་རྟེན་ལ་ཉེན་ཁ་ཆེན་པོ་བཟོ་རྒྱུ་ཡིན་པ་ལྟར། ཨོ་གླིང་ནང་གི་བོད་མའི་སྤྱི་ཚོགས་ནས་ཡུལ་དེའི་སྲིད་གཞུང་ལ་དེའི་ཞུ་གཏུགས་རིམ་པ་བྱས་པའི་ཁྲོད། ད་ལྟའི་ཆར་བོད་མི་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཚོས་རྒྱལ་སྤྱིའི་མཉམ་རུབ་ཀྱི་ནུས་པའི་ཐོག་ནས་བོད་ནང་གི་ཆུ་མཛོད་སོགས་ཀྱི་འཛུགས་བསྐྲུན་ལས་གཞི་ཁག་རེ་ཞིག་མཚམས་འཇོག་བྱ་དགོས་པ་དང་། བོད་མི་རྣམས་ཀྱིས་རང་ཉིད་འཛིན་བཟུང་དང་མནར་གཅོད། ཉེས་ཆད་སོགས་ཀྱི་འཇིགས་སྣང་གང་ཡང་མེད་པའི་ཐོག་ནས་རང་དབང་གི་ཐོག་ནས་མོས་མཐུན་མ་བྱས་བར་དུ་བོད་ནང་གི་འཛུགས་བསྐྲུན་ལས་འཆར་ཁག་མཇུག་སྐྱོང་བྱས་བཅུག་རྒྱུ་མེད་པའི་དགོས་འདུན་སྟོན་འདུག...
བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༤ པ་ནེའུ་ཡོག་ནེའུ་འཇར་སི་རུ་འཚོགས་ཤིང་། ཚོགས་འདུ་དེར་བོད་ཀྱི་ཤེས་ཡོན་དང་སློབ་གསོ། འཕྲོད་བསྟེན། བོད་དོན་ཞུ་གཏུག་སོགས་ཀྱི་སྐོར་ལ་གྲོས་ཆོད་བཞག་འདུག The post བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས། appeared first on བོད་ཀྱི་དུས་བབ།.
བོད་དང་བལ་ཡུལ་ས་མཚམས་སུ་ཆུ་ལོག་བྱུང་བ་དེས་བོད་མཐོ་སྒང་གི་བདག་སྐྱོང་ནི་བོད་མིས་བྱ་དགོས་གལ་གྱི་རང་བཞིན་བསྐྱར་ནན་བྱེད་ཀྱི་ཡོད་པ་གསུངས་འདུག
འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༦ ཉིན་བོད་དང་བལ་ཡུལ་ས་མཚམས་སྐྱིད་གྲོང་ཁུལ་དུ་ཆུ་ལོག་གི་རྐྱེན་ངན་བྱུང་བའི་གནད་དོན་དེས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཁྲོད་ཧི་མ་ལ་ཡའི་རི་རྒྱུད་དུ་དཀའ་ངལ་ཇེ་ཆེར་འཕྲད་བཞིན་པ་གསལ་སྟོན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་ཆུ་མཛོད་དང་ཕུག་ལམ། གཏེར་ཁ་སྔོག་འདོན་སོགས་འཛུགས་སྐྲུན་ཀྱི་ལས་དོན་རྒྱ་ཆེར་ལ་བརྟེན་ནས་བོད་མཐོ་སྒང་གི་སྣོད་བཅུད་ལ་དོ་ཕོག་འབྱུང་བཞིན་པ་མ་ཟད། གཤམ་འོག་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་ཉེན་ཁ་དང་དོ་ཕོག་འབྱུང་བཞིན་ཡོད་སྟབས། དུས་རབས་མང་པོའི་རིང་བོད་མི་རྣམས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་བདག་སྐྱོང་བྱས་པ་དེ་ལས་རྒྱ་ནག་གཞུང་ནས་བློ་སྐྱེད་བླངས་དགོས་ཤིང་། བོད་ཀྱི་ཁོར་ཡུག་བོད་མིས་བདག་སྐྱོང་བྱ་དགོས་པའི་གལ་ཆེའི་རང་བཞིན་བསྐྱར་ནན་བྱེད་ཀྱི་ཡོད་པ་གསུངས་འདུག དེ་ཡང་ཨ་རིར་རྟེན་གཞིས་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། Tibet-Nepal floods reaffirm urgency of Tibetan stewardship of the plateau བོད་དང་བལ་ཡུལ་ས་མཚམས་སུ་ཆུ་ལོག་བྱུང་བ་དེས་བོད་མཐོ་སྒང་གི་བདག་སྐྱོང་ནི་བོད་མིས་བྱ་དགོས་པའི་གལ་ཆེའི་རང་བཞིན་བསྐྱར་ནན་བྱེད་ཀྱི་ཡོད་ཅེས་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག་པ་དང་། སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་རང་འབྱུང་ཁོར་ཡུག་ལ་སྟངས་འཛིན་བྱ་ཐབས་ཀྱི་བསམ་བློ་ལས་བོད་དང་ས་འབྲེལ་ཡོད་པའི་རྒྱལ་ཁབ་ཁག་ལ་ཁོར་ཡུག་གི་དཀའ་ངལ་ཇེ་ཆེར་འཕྲད་བཞིན་ཡོད་པ་དང་། དཀའ་ངལ་དེ་དག་སེལ་ཆེད་བོད་མིས་བོད་ཀྱི་ཁོར་ཡུག་བདག་སྐྱོང་བྱ་རྒྱུ་དེས་ཛ་དྲག་དང་ཡིད་བརྟན་འཕེར་ངེས་པའི་ཐབས་ལམ་ཞིག་ཡིན་པ་ནན་བརྗོད་གནང་འདུག སྙན་ཐོ་དེའི་ནང་མའོ་ཙེ་ཏུང་གིས་ 人定胜天 མིས་རང་འབྱུང་ཁམས་དབང་དུ་བསྡུ་དགོས་ཅེས་པའི་བསམ་བློ་ལུང་འདྲེན་གྱིས། དེ་ནི་བོད་མཐོ་སྒང་གི་འཇིག་སླ་བའི་སྐྱེ་ཁམས་མ་ལག་དང་ཡུལ་གྱི་བཀོད་པ་རིན་ཐང་ཆེ་བའི་རང་བཞིན་གྱི་ལྟ་ཚུལ་ལས་ལྡོག་སྟེ། དབང་སྒྱུར་དང་། བཟོ་བཅོས། དེང་རབས་རྒྱ་ནག་ནང་དུ་བསྡུ་རྒྱུའི་ལྟ་ཚུལ་ཞིག་ཡིན་པ་གསུངས་འདུག །ཕྱི་ལོ་ ༡༩༥༠ ཡས་མས་དང་ལྷག་པར་ཕྱི་ལོ་ ༢༠༠༠ ཐམ་པའི་རྗེས་མྱུར་ཚད་མཐོ་བོའི་ཐོག་ནས་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་རྨང་གཞིའི་འཛུགས་སྐྲུན་གྱི་ལས་གཞི་ནང་མ་དངུལ་བཏང་ཡོད་པ་དང་། དེའི་ཁྲོད་ཕྱི་ལོ་ ༢༠༠༦ ལོར་...
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུ་རྩ་བཞི་པ་མཇུག་སྒྲིལ།
གྲོས་ཆོད་དོན་ཚན་༢༧ གཏན་འབེབས་གནང་ནས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུ་རྩ་བཞི་པ་མཇུག་སྒྲིལ། The post བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུ་རྩ་བཞི་པ་མཇུག་སྒྲིལ། appeared first on བོད་ཀྱི་བང་ཆེན།.
རྒྱ་ནག་གིས་ཡུལ་དེའི་ཁྲིམས་རྩོད་པ་ཚོས་དམར་ཤོག་ཚོགས་པར་ཤ་ཞེན་དགོས་པའི་ཁྲིམས་གསར་གཏན་འབེབས་བྱས་འདུག
རྒྱ་ནག་གིས་ཉེ་ལམ་ཡུལ་དེའི་ནང་གི་ཁྲིམས་རྩོད་པ་ཚོར་ཁྲིམས་རྩོད་ལས་དོན་བྱེད་དགོས་ཚེ་ངེས་པར་དུ་གཞུང་འཛིན་དམར་ཤོག་ཚོགས་པའི་ཆབ་སྲིད་ལངས་ཕྱོགས་ཐོག་ཤ་ཞེན་གྱི་ཆ་རྐྱེན་དགོས་པའི་ཁྲིམས་གསར་ཞིག་གཏན་འབེབས་བྱས་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གི་ཁྲིམས་རྩོད་པ་ཚོའི་ཐོག་དམ་དྲག་ཇེ་ཆེར་གཏོང་ཆེད་ཀྱི་ཁྲིམས་གསར་དེ་བཞིན་ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་ཏེ་ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་པ་ཞིག་དང་། དེ་སྔ་ཡིན་ན། རྒྱ་ནག་ནང་གི་ཁྲིམས་རྩོད་པ་ཚོས་ཡུལ་དེའི་ཁྲིམས་ལུགས་རིག་པ་བའི་ཡིག་རྒྱུགས་མཐར་སོན་དང་ལོ་གཅིག་རིང་ལས་ཀའི་སྦྱོང་བརྡར། དེ་བཞིན་ཀུན་སྤྱོད་ཡ་རབས་དང་རྒྱ་ནག་གི་རྩ་ཁྲིམས་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པ་དེ་ལྟར་ཡང་། ཐེངས་འདིའི་བསྐྱར་བཅོས་ཁྲིམས་ཡིག་དེའི་འོག་ཁྲིམས་རྩོད་པ་ཚོས་ད་དུང་དམར་ཤོག་ཚོགས་པའི་ གཞུང་འཛིན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ཀྱི་དབང་བསྒྱུར་ལའང་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་རེད་འདུག མ་ཟད། ཁྲིམས་གསར་དེའི་འོག་ཁྲིམས་རྩོད་ཁང་གང་ཞིག་གི་ནང་གུང་ཁྲན་ཏང་གི་ཚོགས་མི་གསུམ་མམ་དེ་ལས་མང་བ་ཡོད་ཚེ་ཁྲིམས་རྩོད་ཁང་དེའི་ནང་དམར་ཤོག་ཚོགས་པའི་སྒྲིག་འཛུགས་ཤིག་ངེས་པར་དུ་གསར་འཛུགས་བྱེད་དགོས་པ་དང་། གལ་ཏེ་གུང་ཁྲན་ཏང་གི་ཚོགས་མི་གསུམ་ལས་ཉུང་བ་ཡོད་ཚེ་ཁྲིམས་རྩོད་ཁང་དེའི་ངོས་ནས་དམར་ཤོག་ཚོགས་པའི་སྒྲིག་འཛུགས་གཞན་དང་མཉམ་འབྲེལ་དགོས་པ་དང་། གུང་ཁྲན་ཏང་གི་ དགེ་རྒན་དང་གྲོས་བསྡུར་གྱི་ཐོག་ནས་ལས་དོན་སྤེལ་དགོས་ཀྱི་ཡོད་པ་རེད་འདུག ལྷག་པར་དུ་ཁྲིམས་རྩོད་ཁང་དེ་དག་གིས་གནད་དོན་གང་ཞིག་གི་ཐོག་དོ་དམ་དང་ཐག་ཆོད་རིགས་བྱེད་དགོས་འབྱུང་སྐབས། དམར་ཤོག་ཚོགས་པའི་སྒྲིག་འཛུགས་ཀྱི་ཚོགས་མི་རྣམས་ཞུགས་ཆོག་པའི་ལམ་སྲོལ་བཟོ་དགོས་པ། དེ་བཞིན་གུང་ཁྲན་ཏང་གི་བྱེད་སྒོ་རིགས་ཀྱི་ཆེད་དུ་ས་ཚིགས་དང་། མི་སྣ། མ་དངུལ་བཅས་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་འདུག རྒྱ་ནག་གཞུང་གིས་ཐེངས་འདིའི་བསྐྱར་བཅོས་ཁྲིམས་ཡིག་དེས་སྔོན་ཆད་རྒྱ་ནག་ཁྲིམས་ཞིབ་ལྷན་ཁང་གི་སྒྲིག་གཞིའི་ཐོག་ནས་བཀལ་བའི་ཆབ་སྲིད་ཀྱི་དགོས་མཁོ་དེ་ད་ཆ་རྒྱལ་ཁབ་ཀྱི་ཁྲིམས་ཡིག་གི་འོས་འགན་ཞིག་ཏུ་བསྒྱུར་དུ་བཅུག་ཡོད་པ་དང་། བསྐྱར་བཅོས་དེས་རྒྱ་ནག་ནང་ཕྱིན་ཆད་ཁྲིམས་རྩོད་པའི་ལས་ཀ་བྱེད་འདོད་ཡོད་ན་ངེས་པར་དུ་གཞུང་འཛིན་དམར་ཤོག་ཚོགས་པར་ཤ་ཞེན་གྱི་ཆ་རྐྱེན་ཚང་དགོས་ཀྱི་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་དོན་ལྟར་ན། དུས་ད་ནས་བཟུང་རྒྱ་ནག་ནང་ཁྲིམས་རྩོད་པ་ཞིག་ཆགས་རྒྱུ་དེ་ད་ཆ་ཆེད་ལས་ཀྱི་ཤེས་ཚད་དང་ཁྲིམས་ཀྱི་ནུས་པ་ཙམ་མ་ཡིན་པར། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་ཆབ་སྲིད་ཀྱི་དམ་ཚིག་གསལ་པོར་བསྟན་དགོས་པ་ཞིག་ཆགས་ཡོད་ལ། དེའི་རྐྱེན་པས་ད་ལྟའི་ཆར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་གནད་དོན་ཐོག་ལག་ལེན་བསྟར་བའི་ཁྲིམས་ཀྱི་ཆེད་ལས་པ་ཚོར་མཚོན་ན། བསྐྱར་བཅོས་ཁྲིམས་ཡིག་དེས་རང་དབང་ཅན་གྱི་ཁྲིམས་ཀྱི་ལས་དོན་བྱེད་སའི་ཁོར་ཡུག་དེ་སྔར་ལྷག་ཇེ་དོག་ཏུ་བཏང་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་གཞུང་གིས་ཐེངས་འདིར་ཁྲིམས་རྩོད་ལས་དོན་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་ཡིག་དེ་ལོ་མང་རིང་ཡུལ་དེའི་ནང་གི་ཁྲིམས་རྩོད་པ་ཚོར་གནོན་ཤུགས་ཇེ་ཆེར་སྤྲད་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་དང་། དེ་ཡང་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་རྒྱལ་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཕོན་ཆེ་འཛིན་བཟུང་བྱས་པའི་དོན་རྐྱེན་ 709 crackdown ཞེས་པའི་འོག་ཁྲིམས་རྩོད་པ་ ༣༠༠...
ཧྥི་ལི་པིན་གྱི་རྒྱལ་སྲུང་དྲུང་ཆེས་རྒྱལ་སྤྱིའི་ཚོགས་ཐོག་ཏུ་རྒྱ་ནག་ལ་སྐྱོན་བརྗོད་དྲག་པོ་བྱས།
ཕྱི་ལོ་༢༠༢༦ཟླ་༩ཚེས་༨ཉིན། ལྷོ་ཀོ་རི་ཡའི་རྒྱལ་ས་སེའུ་ལ་ཚོགས་པའི་སེའུ་རྒྱལ་སྲུང་གྲོས་མོལ་(Seoul Defense Dialogue) ཐོག ཧྥི་ལི་པིང་གྱི་རྒྱལ་སྲུང་དྲུང་ཆེ་གིལ་བྷར་ཏོཏེ་ཨོ་དོ་རོ༼Gilbert Teodoro༽ཡིས་གཏམ་བཤད་གནང་བཞིན་པའི་སྐབས། ལྷོ་ཀོ་རི་ཡར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་དམག་དོན་སྐུ་ཚབ་ཅིག་གིས་བསྐུར་བའི་ཡིག་ཆུང་ཞིག་ལས་བྱེད་ཅིག་གིས་ཁོང་ལ་སྤྲད། ཡིག་ཆུང་དེའི་ནང་ཕྱི་ལོ་༢༠༡༦ལོའི་རྒྱལ་སྤྱིའི་ཁྲིམས་ཀྱིས་ལྷོ་རྒྱ་ནག་རྒྱ་ཚོའི་རྩོད་གླེང་ཐད་ཧྥི་ལི་པིན་ལ་རྒྱལ་ཁབ་ཐོབ་པ་དང་། The post ཧྥི་ལི་པིན་གྱི་རྒྱལ་སྲུང་དྲུང་ཆེས་རྒྱལ་སྤྱིའི་ཚོགས་ཐོག་ཏུ་རྒྱ་ནག་ལ་སྐྱོན་བརྗོད་དྲག་པོ་བྱས། appeared first on བོད་ཀྱི་བང་ཆེན།.
ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་སློབ་ནང་ཁུལ་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཐོག་ཆེད་ཕེབས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༨ ཉིན་ཤེས་རིག་ལས་ཁུངས་དང་དྷ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ཀྱི་གོ་སྒྲིག་འོག་དྷ་སྟེང་བོད་ཁྱིམ་དུ་ཧི་མཱ་ཅལ་ཁུལ་གྱི་བོད་སློབ་ཁག་གི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་དབུ་འཛུགས་གནང་ཡོད། དེ་ཡང་ཤེས་རིག་ལས་ཁུངས་ཀྱི་མཐུན་འགྱུར་ལམ་སྟོན་འོག་ཧི་མཱ་ཅལ་མངའ་ཁོངས་དྷ་ས་དང་དེའི་ཉེ་འཁོར་གྱི་བོད་སློབ་ཁག་དང་། ལ་དྭགས་བོད་ཁྱིམ་བཅས་ཁྱོན་སློབ་གྲྭ་ཁག་བརྒྱད་ཀྱི་སློབ་མ་རྣམས་བཞུགས་སྒར་དྷ་སྟེང་བོད་ཁྱིམ་དུ་ལྷན་འཛོམས་ཀྱིས། ཕྱི་ཚེས་ ༨ ནས་ ༡༠ བར་ཉིན་གྲངས་གསུམ་གྱི་རིང་། རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཤིག་དབུ་འཛུགས་གནང་ཡོད་པ་དང་། འདུ་འཛོམས་འདིའི་དབུ་འབྱེད་མཛད་སྒོར་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་སྐུ་མགྲོན་གཙོ་བོར་ཕེབས་ཞུགས་གནང་ཡོད། སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དགོངས་དོན་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་བཞི་སྟེ་རང་དབང་དང་། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད། ལྷག་པར་ཤེས་རིག་བཀའ་བློན་མཆོག་གིས་བཙན་བྱོལ་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཕྱི་ནང་གི་མཐུན་རྐྱེན་སྣ་འཛོམས་ཡོད་པའི་བོད་སློབ་ཁག་གི་སློབ་མ་ཚོས། གོ་སྐབས་དམ་འཛིན་གྱིས་ཤེས་ཡོན་སློབ་སྦྱོང་ལ་ཧུར་བརྩོན་དགོས་པ་མ་ཟད། རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེར་གདོང་ལེན་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་ཐོག་ཤུགས་སྣོན་འཕར་མ་བསྐྱོན་དགོས་པའི་ཞབས་བསྐུལ་གནང་ཡོད།དྷ་སྟེང་བོད་ཁྱིམ་དུ་འཚོགས་བཞིན་པའི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འདིའི་ཐོག་ཧི་མཱ་ཅལ་མངའ་ཁོངས་དྷ་ས་དང་དེའི་ཉེ་འཁོར་གྱི་བོད་སློབ་ཁག་དང་། དེ་བཞིན་ལ་དྭགས་བཅས་ནས་ཁྱོན་སློབ་གྲྭ་ཁག་བརྒྱད་ཀྱི་སློབ་མ་གྲངས་ ༡༨༣ ལྷན་འཛོམས་ཀྱིས། བོད་སྐད་དང་ཨིན་སྐད་ཐོག་བགྲོ་གླེང་དང་། སྙན་ཚིག་འགྱེར་འདོན། གཏམ་བརྗོད་གཟིགས་འབུལ། དེ་བཞིན་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་གནང་གི་ཡོད་པ་རེད། གཞི་རྩའི་ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་གི་རྒྱུན་ལྡན་སློབ་ཚན་ཙམ་མ་ཡིན་པར་རྩོམ་རིག་དང་རིག་གཞུང་གི་ནུས་རྩལ་ཡར་རྒྱས་དང་། སློབ་ཕྲུག་རང་ཉིད་ཀྱི་རིག་རྩལ་དང་འཇོན་ཐང་། ནུས་པ་གོང་སྤེལ་གཏོང་ཐབས། དེ་བཞིན་སློབ་ཕྲུག་ཕན་ཚུན་དབར་ཤེས་ཡོན་གྱི་ཉམས་མྱོང་བརྗེ་རེས་ཀྱི་སྡིངས་ཆ་བསྐྲུན་རྒྱུ་སོགས་ལ་དམིགས་ཏེ། ཕྱི་ལོ་ ༢༠༢༣ ལོ་ནས་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འདི་གོ་སྒྲིག་གནང་བཞིན་ཡོད།...
རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་སྐྱིད་གྲོང་དུ་བསྐྱོད་བཅུག་ཀྱང་གནས་ཚུལ་དངོས་ཐོན་ཐུབ་བམ།
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་བོད་སྐྱིད་གྲོང་དུ་བསྐྱོད་འཇུག་གི་ཡོད་པ་བརྗོད་ཀྱང་། འདི་ནི་ཕྱིར་མིག་སྟོན་བྱེད་རྒྱུ་ཙམ་ལས་དོན་ལ་གནས་ཚུལ་དྲིལ་བསྒྲགས་འགྲོ་བཞིན་པར་སྟངས་འཛིན་བྱེད་པའི་ཐབས་ལམ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་གནང་གི་འདུག ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༧ རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས། རྒྱ་ནག་གཞུང་གིས་ CNN, Reuters དང་ PTI སོགས་ཚུད་པའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་བརྒྱད་ཀྱི་རྒྱལ་སྤྱིའི་གསར་འགོད་པ་ཁག་གཅིག་འདམ་རུད་ཆུ་ལོག་གི་གནོད་ཐེབས་ས་ཁུལ་བོད་སྐྱིད་གྲོང་ཁུལ་དུ་ལྟ་སྐོར་དང་གནས་ཚུལ་གསར་འགོད་ཆེད་གདན་ཞུ་བྱས་ཡོད་ཅིང་། སྐབས་དེར་གསར་འགོད་པ་དེ་དག་གིས་རྒྱ་ནག་གཞུང་གི་ཉེན་སྐྱོབ་ཀྱི་ལས་དོན་བྱེད་ཕྱོགས་དང་འཛུགས་སྐྲུན་སླར་གསོ་སོགས་ཀྱི་སྐོར་གནས་ཚུལ་བཀོད་ཀྱི་རེད་ཅེས་བརྗོད་འདུག་ལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི...
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཐེ་ཚོམ་རེད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༡༢ ཚེས་ ༤ ཉིན། སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག་དང་། རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་འཛིན་བཟུང་བྱས་ནས་ད་ཆ་ཟླ་བ་དགུ་ལྷག་ཙམ་སོང་ཡོད་པའི་ཁྲོད། འབྲེལ་ཡོད་ནང་མི་དང་། སློབ་མ་སོགས་ཀྱིས་རྒྱ་གཞུང་ལ་མཆོག་སྤྲུལ་མཆོག་གང་དུ་ཡོད་མེད་དང་། སྐུ་གཟུགས་ཀྱི་གནས་སྟངས་སྐོར་གནས་ཚུལ་མཁོ་སྤྲོད་ཡོང་བའི་རེ་སྐུལ་རིམ་པ་བཏོན་ཡོད་ནའང་། གཞུང་འབྲེལ་ལན་འདེབས་ཅི་ཡང་བྱས་མེད་པ་རེད་འདུག དེ་ཡང་འབྲེལ་ཡོད་མི་སྣས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་འཛིན་བཟུང་བྱས་རྗེས་ད་བར་ཟླ་དགུའི་རིང་། འབྲེལ་ཡོད་ནང་མིས་ས་གནས་རྒྱ་ནག་གཞུང་ལ་ཐེངས་བདུན་ཙམ་ཞུ་གཏུགས་ཀྱིས་ཁོང་དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་ཡོང་བའི་རེ་སྐུལ་ཞུས་ཡོད་ཀྱང་། གཞུང་ངོས་ནས་ཁ་གསལ་གྱི་ལན་འདེབས་ཅི་ཡང་གནང་མེད་སྟབས། ད་ཆ་འབྲེལ་ཡོད་ཚོས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གསོན་པོར་གནས་ཡོད་མེད་ཐད་ཐེ་ཚོམ་བྱེད་བཞིན་ཡོད་པ་དང་། ཁོང་དང་འབྲེལ་ཡོད་མི་སྣ་སུས་ཀྱང་ཁོང་གི་གནས་ཚུལ་ཤེས་རྟོགས་མེད་པར་ལྷུང་ཡོད་པ་རེད་འདུག དེ་བཞིན་ཤེས་རྟོགས་བྱུང་བར་གཞིགས་ན། མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་འཛིན་བཟུང་བྱས་རྗེས་ཁོང་གིས་བཙུགས་པའི་གཉན་པོ་གཡུ་རྩེའི་སློབ་ཆུང་དང་། རྨ་གཡང་ལྷ་མཁར་ཕྱུག་མོའི་གེ་སར་རིག་གནས་རྒྱུད་སྤེལ་ལྟེ་གནས་ཁང་། གེ་སར་རིག་གནས་རྒྱུན་འཛིན་ཁང་སོགས་རེ་རེ་བཞིན་སྒོ་བརྒྱབ་ཟིན་ཡོད་པ་མ་ཟད། ཚོགས་མི་ཚོར་ཚོགས་པའི་གནས་ཚུལ་སྐོར་ལ་གླེང་སློང་བྱེད་མི་ཆོག་པ་དང་། སྐད་འཕྲིན་ཚོགས་པ་སོགས་ཀྱང་གཏན་དུ་སྒོ་བརྒྱབ་ཡོད་པ་རེད་འདུག ཕྱོགས་མཚུངས་མཆོག་སྤྲུལ་མཆོག་གི་རྒྱ་རིགས་སློབ་མ་རྣམས་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་དུ་འགྲོ་བར་བཀག་སྡོམ་དང་། ས་ཕྱོགས་གཞན་གྱི་མཆོད་མཇལ་བ་སོགས་ཀྱང་འགྲོ་མི་ཆོག་པའི་གནས་སྟངས་རྒྱུན་ལྡན་ལྟ་བུར་གྱུར་ཡོད་སྟབས། ས་གནས་ཀྱི་དད་ལྡན་མང་ཚོགས་དང་། ཁོང་གི་སློབ་རྒྱུན་པ་ཚོར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པ་མངོན་གསལ་རེད་འདུག གཞི་རྩའི་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ནི་ཕྱི་ལོ་ ༡༩༦༧ ལོའི་བོད་ཟླ་ ༡༠ ཚེས་ ༢༥ ཉིན་ཨ་སྐྱོང་ཁང་སར་སྨིན་ཐང་དུ་སྐུ་འཁྲུངས་པ་དང་། ༸ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་སོགས་དམ་པ་དུ་མའི་ཞབས་པད་གཙུག་ཏུ་བཀུར་ནས་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་བླ་མེད་གནང་ཡོད་ཅིང་། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་སྡོམ་རྩོན་སྡེ་སྣོད་འཛིན་པའི་མཁན་པོའི་ལག་འཁྱེར་ཐོབ་པ་དང་། གཞི་ཆེན་དབོན་སྤྲུལ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་དང་།...
སྲིད་ཟུར་བློ་བཟང་སེང་གེས་རྒྱ་གར་ནང་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་གནང་བཞིན་པ།
སྲིད་ཟུར་བློ་བཟང་སེང་གེས་ཕྱི་ལོ་༢༠༢༣ ལོར་གསར་འཛུགས་གནང་བའི་༡༠༨ ཞི་བདེ་ལྟེ་གནས་ཁང་གི་ངོ་དེབ་ཐོག་ཏུ་གནས་ཚུལ་སྤེལ་དོན་ལ། ཕྱི་ལོ་༢༠༢༦ ཟླ་༩ པའི་ཟླ་འགོ་ནས་རྒྱ་གར་ནང་གི་གསར་ཁང་གྲགས་ཅན་ཁག་དང་། ཤེས་ཡོན་ལྟེ་གནས་ཁག དེ་བཞིན་སློབ་གྲྭ་དང་མཐོ་སློབ་སོགས་སུ་བོད་དོན་སྐོར་དང་༧གོང་ས་མཆོག་གི་ཡང་སྲིད་ཀྱི་སྐོར། རང་དབང་དམངས་གཙོ་སོགས་ཀྱི་སྐོར་དྲིལ་བསྒྲགས་ཆེད་སྐོར་སྐྱོད་གནང་བཞིན་འདུག The post སྲིད་ཟུར་བློ་བཟང་སེང་གེས་རྒྱ་གར་ནང་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་གནང་བཞིན་པ། appeared first on བོད་ཀྱི་བང་ཆེན།.
གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།
བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡིས་ཞི་ཅིན་ཕིན་རྒྱ་གར་དུ་བྷི་རིག་སི་ཚོགས་འདུར་ཞུགས་པ་དང་བསྟུན་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱིས་བོད་རྒྱའི་དཀའ་རྙོག་སེལ་བར་འབྲེལ་མོལ་གྱི་ལེའུ་གསར་བ་ཞིག་མགོ་འཛུགས་དགོས་པའི་རེ་སྐུལ་ཞུས་འདུག The post གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ། appeared first on བོད་ཀྱི་དུས་བབ།.
འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ཝོལ་ཀར་ལགས་ཀྱིས་རྒྱ་ནག་གིས་བོད་ནང་དུ་ཆོས་དད་རང་དབང་ཚུད་པའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པར་སེམས་འཚབ་དང་སྦྲགས་བོད་མིའི་གཞི་རྩའི་ཐོབ་ཐང་ལ་སྲུང་སྐྱོབ་དགོས་པའི་རེ་སྐུལ་གནང་། The post འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས། appeared first on བོད་ཀྱི་དུས་བབ།.
བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།
ཆབ་མདོ་ངག་དབང་ཕུན་ཚོགས། དང་པོ། བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་རྒྱ་གཞུང་གིས་གནས་ཚུལ་སྦས་བསྐུངས། ཉེ་ཆར་བལ་བོད་ས་མཚམས་ནས་གློ་བུར་དུ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཤུགས་ཆེན་ཞིག་བྱུང་སྟེ། ས་གནས་མི་མང་གི་ཚེ་སྲོག་དང་རྒྱུ་ནོར་ཡོངས་ལ་གོད་ཆགས་ཚད་མེད་བཟོས་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་དག་མ་བྱུང་བ་ལྟར་བཟོས་ཤིང་། གོད་ཆགས་དེ་ཙམ་ཆེན་པོ་མེད་པའི་སྣང་ཚུལ་བསྐྲུན་ནས་ཛ་དྲག་གི་གནས་སྟངས་ཡོངས་སུ་ཕྱིར་མི་མངོན་པར་སྦས་ཐབས་བྱེད་ཀྱི་ཡོད། དངོས་ཡོད་གནས་ཚུལ་ལ། འབྱུང་བ་ཁམས་ཀྱི་འཁྲུག་ཆ་འདི་ནི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚད་མེད་བཏང་བའི་ལོ་རྒྱུས་ཀྱི་རྒྱུ་འབྲས་དང་ཧ་ཅང་འབྲེལ་བ་དམ་པོ་ཡོད་པ་ནི་བརྗོད་མ་དགོས་པ་ཞིག་རེད། The post བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ། appeared first on བོད་ཀྱི་བང་ཆེན།.
རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་སྐུ་པར་དང་སྐུ་ཆས་སྤྱི་ཁང་དུ་གདན་ཞུ།
ཕྱི་ལོ་༢༠༢༦ཟླ་༩ཚེས་༦ཉིན། བོད་ཀྱི་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་རང་བཙན་སླར་གསོའི་ཆེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་སྲེག་གནང་སྟེ། རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་གནང་ནས་ཉིན་གྲངས་༦༧ འཁོར་བའི་ཉིན། ཁོང་གི་སྐུ་པར་དང་། སྐུ་ཆས། རྒྱལ་དར་བཅས་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ནང་དུ་གདན་འདྲེན་ཞུས་འདུག ཁོང་གི་སྐུ་པར་སོགས་རྒྱལ་ཚོགས་ཀྱི་མདུན་ནས་སྤྱི་ཁང་དུ་གནས་སྤོ་གདན་ཞུས་གནང་དགོས་དོན་གཙོ་བོ་ནི། The post རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་སྐུ་པར་དང་སྐུ་ཆས་སྤྱི་ཁང་དུ་གདན་ཞུ། appeared first on བོད་ཀྱི་བང་ཆེན།.
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་མཆོག་གིས་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པར་ཐུགས་འཚབ་བསྟན་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༩ ཚེས་ ༠༧ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་ཝོལ་ཀེར་ཊུརྐ་ (Volker Turk) མཆོག་གིས་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ལྷག་པར་བོད་མིའི་ཆོས་དད་རང་དབང་ཐོག་གི་བཀག་སྡོམ་ལ་སེམས་འཚབ་བསྟན་ཡོད། དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ པའི་དབུ་འབྱེད་ཐོག་སྐུ་ཞབས་ཝོལ་ཀེར་ཊུརྐ་མཆོག་གིས་འཛམ་གླིང་སྟེང་དམག་འཁྲུག་དང་། སྤྱི་ཚོགས་ཀྱི་རང་དབང་ལ་སྟངས་འཛིན། མི་རིགས་དབྱེ་འབྱེད། ཉམ་ཐག་དང་གྲངས་ཉུང་མི་རིགས་ལ་བརྩི་མེད་རྡོག་རོལ་སོགས་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་གསལ་སྟོན་གནང་ཡོད། དེ་བཞིན་ཁོང་གིས་དམིགས་བསལ་བོད་མི་རྣམས་ཀྱི་ཆོས་དད་རང་དབང་ལ་བྱེད་འབྱེད་བཞིན་པའི་དམ་དྲག་ནི་ཧ་ཅང་སེམས་འཚབ་སྐྱེ་གཞི་ཞིག་ཡིན་ཞེས་གསུངས་པ་དང་། བོད་མི་ཐོག་འཛིན་པའི་སྲིད་བྱུས་དེ་དག་འཕྲལ་དུ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད། བོད་ནང་ཆོས་ལུགས་དང་། རིག་གཞུང་གི་ཐོབ་ཐབ་ལ་བཀག་སྡོམ་བྱེད་བཞིན་པའི་ཐད་སེམས་འཚབ་ཇེ་ཆེར་འགྲོ་བཞིན་པའི་སྐབས་སུ་སྐུ་ཞབས་ཝོལ་ཀེར་མཆོག་གི་བསྒྲགས་གཏམ་འདི་ནི་གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད། ཁོང་གི་འབོད་སྐུལ་འདིས་བོད་མིའི་གཞི་རྩའི་ཐོབ་ཐང་ལ་གུས་བརྩི་དགོས་པ་དང་། བོད་མི་རྣམས་ལ་བཀག་སྡོམ་མེད་པར་རང་གི་ཐོབ་ཐང་དང་རང་དབང་བཀོལ་སྤྱོད་བྱ་རྒྱུའི་གལ་གནད་མཚོན་གྱི་ཡོད། སུད་སི་སྐུ་ཚབ་དོན་ཁང་གིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དོ་སྣང་གནང་བར་དགའ་བསུ་ཞུས་པ་དང་ཆབས་ཅིག རྒྱལ་སྤྱིའི་སྟེང་བོད་ཀྱི་ཆོས་དང་། རིག་གཞུང་། དེ་བཞིན་གཞི་རྩའི་ཐོབ་ཐབ་སྲུང་སྐྱོབ་བྱ་རྒྱུའི་གལ་ཆེའི་རང་བཞིན་བསྐྱར་ནན་གནང་ཡོད། སྐུ་ཚབ་དོན་ཁང་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཁང་དང་། ཕྱི་འབྲེལ་ལས་དོན། རྒྱལ་སྤྱིའི་མཐུན་གྲོགས་བཅས་དང་མུ་མཐུད་འབྲེལ་བ་གནང་སྟེ་བོད་ནང་གི་ཡར་རྒྱས་དེ་དག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་ནང་ཚུད་པ་བྱ་རྒྱུ་ཡིན་པ་གསུངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་མཆོག་གིས། འགྲོ་བ་མིའི་ཐོབ་ཐང་ནི་རྒྱལ་སྤྱིའི་མཉམ་ལས་དང་། འགན་ཁུར། ཡུན་རིང་ཞི་བདེའི་ཆེད་མེད་དུ་མི་རུང་བ་ཞིག་ཡིན་པ་བསྐྱར་ནན་གནང་བ་དང་། སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གིས་དེང་རབས་འཛམ་གླིང་གི་དཀའ་ངལ་ལ་གདོང་ལེན་བྱེད་པའི་སྒྲོམ་གཞི་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད་པ་ནན་བརྗོད་གནང་།།
བོར་བརླག་ཏུ་ཕྱིན་པའི་མི་ཚོའི་ཁྱིམ་མི་ཚོས་རྒྱ་གཞུང་ནས་ལན་འདེབས་དགོས་པའི་རེ་འདུན་བཏོན།
རྒྱ་གར་གྱི་མི་རིགས་ཡིན་ཞིང་ཡུ་རོབ་རྒྱལ་ཁབ་ཧྥིན་ལན་ཌིའི་(Finland) མི་སེར་ཡིན་པའི་མི་ཞིག་བོད་ནང་གནས་སྐོར་ལ་ཕྱིན་ནས་ཕྱིར་ལོག་བྱེད་སྐབས། བོད་དང་བལ་ཡུལ་གཉིས་ཀྱི་ས་མཚམས་སུ་བོར་བརླག་ཏུ་ཕྱིན་ཡོད་པར་བརྟེན། ཁོང་གི་ནང་མི་ཚོས་རྒྱ་ནག་གཞུང་གིས་ཁོང་ཤི་གསོན་གང་ཡིན་གྱི་ལན་འདེབས་གསལ་པོ་དགོས་པའི་རེ་འདུན་བཏོན་ཡོད་འདུག The post བོར་བརླག་ཏུ་ཕྱིན་པའི་མི་ཚོའི་ཁྱིམ་མི་ཚོས་རྒྱ་གཞུང་ནས་ལན་འདེབས་དགོས་པའི་རེ་འདུན་བཏོན། appeared first on བོད་ཀྱི་བང་ཆེན།.
རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག
རྒྱ་གཞུང་གིས་དབང་ཡོད་ཀྱིས་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་པ་ཚོར་གཉའ་གནོན་དང་དམ་དྲག་ཆེ་རུ་གཏོང་བཞིན་པ་དང་། ས་འོག་ཡེ་ཤུའི་ཆོས་ཁང་ (Underground Church) གི་གྱོད་དོན་གྱི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཁྱོ་ཤུག་དང་བུ་ཕྲུག་བཅས་ཐའེ་ཝན་དུ་སླེབས་ནས་རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་ཞུ་ཐབས་བྱེད་བཞིན་འདུག The post རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག appeared first on བོད་ཀྱི་དུས་བབ།.
རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས།
རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཝ་ཅ་དྷ་མེར་ཐེངས་དང་པོར་ཐུག་འཕྲད་བྱས་ཏེ། ཧིན་བོད་མཐའ་མཚམས་ཀྱི་རྩོད་རྙོག་སོགས་ཀྱི་ཐད་ལ་གྲོས་མོལ་བྱས་འདུག The post རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། appeared first on བོད་ཀྱི་དུས་བབ།.
བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།
ཆབ་མདོ་ངག་ཕུན་གྱིས་བརྩམས། དང་པོ། བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་རྒྱ་གཞུང་གིས་གནས་ཚུལ་སྦས་བསྐུངས། ཉེ་ཆར་བལ་བོད་ས་མཚམས་སུ་གློ་བུར་དུ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཤུགས་ཆེན་ཞིག་བྱུང་སྟེ། ས་གནས་མི་མང་གི་ཚེ་སྲོག་དང་རྒྱུ་ནོར་ཡོངས་ལ་གོད་ཆག་ཚད་མེད་བཟོས་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་དག་མ་བྱུང་བ་ལྟར་བཟོས་ཤིང་། གོད་ཆག་དེ་ཙམ་ཆེན་པོ་མེད་པའི་སྣང་ཚུལ་བསྐྲུན་ནས་ཛ་དྲག་གི་གནས་སྟངས་རྣམས་ཡོངས་སུ་ཕྱིར་མི་མངོན་པར་སྦས་ཐབས་བྱེད་ཀྱི་ཡོད། དངོས་ཡོད་གནས་ཚུལ་ལ། འབྱུང་ཁམས་ཀྱི་འཁྲུག་ཆ་འདི་ནི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚད་མེད་བཏང་བའི་ལོ་རྒྱུས་ཀྱི་རྒྱུ་འབྲས་དང་འབྲེལ་བ་དམ་པོ་ཡོད་པ་ནི་བརྗོད་མ་དགོས་པ་ཞིག་རེད། གཉིས་པ། བོད་ཀྱི་ཁོར་ཡུག་གཏོར་བཤིག་དང་དེའི་ཕྱི་རོལ་གྱི་མཇུག་འབྲས་ངན་པ། རྒྱ་དམར་གཞུང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཚད་ལས་འདས་པའི་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་ཅིང་། གཏོར་བཤིག་དེའི་མཇུག་འབྲས་ངན་པ་དག་རིམ་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་ཁྱབ་བཞིན་ཡོད། རྒྱ་གཞུང་གིས་”བོད་ཡར་རྒྱས་འཛུགས་སྐྲུན” ཞེས་པར་ཁ་གཡར་ནས། བོད་ནང་གི་རང་བྱུང་གཏེར་ཁ་ཚད་ལས་འདས་པ་སྔོག་འདོན་བྱས་པ་དང་། ལྷག་པར་དུ་བོད་ཀྱི་གདོད་མའི་ནགས་ཚལ་རྣམས་རྩ་མེད་དུ་གཅོད་འབྲེག་བྱེད་ཀྱི་ཡོད། དེ་ཡང་བོད་ཀྱི་རང་བྱུང་ཁོར་ཡུག་ངོ་སྤྲོད་དང་། ད་ལྟའི་གནས་སྟངས། སྲུང་སྐྱོབ་སྐོར་ལས། “རྒྱ་ནག་གིས་བོད་ཀྱི་ཆུ་ཕྲན་མང་པོར་འབག་བཙོག་བཟོས་པ་ངོས་ལེན་བྱས་ཡོད། ཁོང་ཚོས་ཆུའི་རྒྱུགས་སྟངས་ཀྱི་སྒྲིག་གཞི་གང་ལའང་རྩིས་མེད་བྱེད་པ་དེ་ནི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་བློ་འཚབ་བྱེད་དགོས་པ་ཞིག་ཡིན། རྒྱལ་ཁབ་དེ་ཚོའི་ནང་རྒྱུགས་པའི་ཆུ་བོ་གང་ཞིག་ལ་འབག་བཙོག་ཅི་འདྲ་བཟོ་གྱི་ཡོད་པའི་སྐོར་རྩད་གཅོད་བྱེད་པའི་དབང་ཆ་རྒྱལ་ཁབ་དེ་དག་ལ་ཡོད། གལ་ཏེ་ཛ་དྲག་གི་ཐོག་ནས་འབག་བཙོག་གི་རིགས་འགོག་ཐབས་མ་བྱས་ཚེ། འགྲོ་བ་མིའི་བདེ་སྐྱིད་ཀྱི་གཞི་རྩ་ཡིན་པའི་བོད་ཀྱི་ཆུ་བོ་དེ་དག་ལ་གནོད་སྐྱོན་ཚབས་ཆེན་ཕོག་ནས་དེའི་ཕན་ནུས་ཀྱི་རང་བཞིན་མེད་པར་འགྱུར་སྲིད་པ་ཡིན།” ཞེས་གསལ་བ་ལྟར་རེད། ང་རང་སྐྱེ་སའི་ལུང་པ་ལྟ་བུར་མཚོན་ནའང་། རྒྱ་གཞུང་གིས་ཤིང་ནགས་གཅོད་འབྲེག་བྱེད་མཁན་གྱི་ལས་ཁུངས་བཙུགས་ཏེ། དབྱར་དུས་ཐང་ཤིང་བཅད་ཅིང་། དགུན་དུས་ཤིང་ཆ་རྣམས་ངོམ་ཆུའི་ནང་གཡུགས་ནས་ཆབ་མདོ་བར་ཆུ་བསྐུར་བྱེད་ཀྱི་ཡོད། ལས་ཀ་བྱེད་མཁན་ཚང་མ་རྒྱ་མི་ཡིན་ཞིང་། ཤིང་ཆ་རྣམས་ཆབ་མདོར་འབྱོར་ལ་ཉེ་སྐབས་ཆུ་ཟུར་དུ་འཐེན་ནས་འཕྲུལ་ཆས་ཀྱིས་པང་ལེབ་བཟོས་ཏེ་རྒྱ་ནག་ཏུ་དབོར་འདྲེན་བྱེད་ཀྱི་ཡོད། སྐབས་དེར་ང་རང་ལོ་ན་ཆུང་བས་དོན་དག་དེ་དག་ལ་དོ་སྣང་མ་བྱུང་ཡང་། ད་ལྟ་བསམ་བློ་གཏོང་དུས་བོད་ཀྱི་གདོད་མའི་ཤིང་ནགས་ལ་གཏོར་སྐྱོན་ག་ཚོད་བཏང་ཡོད་མེད་གསལ་པོར་ཤེས་ཀྱི་འདུག གསུམ་པ། ཆབ་སྲིད་བཙོན་མའི་དཀའ་སྡུག་དང་ཀོང་པོའི་གདོད་མའི་ནགས་ཚལ་གཏོར་བཤིག ང་ཚོར་སྤུན་ཉེ་ཞིག་ཡོད་པ་ཁོང་ཆབ་མདོ་ཞི་བ་ལྷ་སྐུ་འཁོར་དང་ལྷན་དུ་ཡོད་པའི་སྐབས་དེར་རྒྱ་དམག་ལ་ཡུན་རིང་འཐབ་འཛིང་གནང་མཁན་ཞིག་ཡིན་མོད། མཐར་རྒྱ་དམག་གིས་གནམ་ས་གཉིས་ཀར་བརྟེན་ནས་འཛིན་བཟུང་བྱས་ཏེ། ཀོང་པོའི་བཙོན་ཁང་ནང་མི་ལོ་སུམ་བཅུ་ལྷག་ཙམ་ལ་དཀའ་སྡུག་མྱོང་དགོས་བྱུང་ཡོད། རྗེས་སུ་ཁོང་བཙོན་གྲོལ་ཐོབ་ནས་ནང་ལ་འབྱོར་སྐབས། བཙོན་ཁང་གི་གནས་ཚུལ་སྐོར་བཤད་མྱོང་།...
སྐྱིད་གྲོང་འགག་སྒོའི་རི་ཟུར་གྲོང་ཚོ་ནས་མི་ ༢༦ འདས་གྲོངས་སུ་སོང་ཡོད་པ་བརྗོད་བྱུང་།
རྒྱ་ནག་གཞུང་གིས་བོད་དང་བལ་ཡུལ་ས་མཚམས་ཀྱི་གནོད་འཚེའི་ཁྲོད་མི་ ༤༣ འདས་གྲོངས་སུ་ཕྱིན་ཡོད་པ་བརྗོད་པའི་སྐབས་འདིར་སྐྱིད་གྲོང་གི་ཡུལ་མིས་བོད་དང་བལ་ཡུལ་གྱི་འགག་སྒོ་ཡོད་སའི་རི་ཟུར་གྲོང་ཚོ་གཅིག་པུ་ནས་མི་ ༢༦ འདས་གྲོངས་སུ་སོང་ཡོད་པ་དང་མི་རྒྱུ་གཉིས་ལ་གྱོང་གུན་ཚབས་ཆེན་ཕོག་པ་བོད་ནང་ནས་བརྗོད་བྱུང་། སྐྱིད་གྲོང་གི་ཡུལ་མིས་གནོད་འཚེའི་གནས་སྟངས་བརྗོད་པ། དེ་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་བོད་ཀྱི་སྐྱིད་གྲོང་གི་ཡུལ་མི་ཞིག་གིས་བརྗོད་པར། མི་མང་པོ་མེད་པ་ཆགས་སོང་། ང་ཚོ་ད་ལྟ་སྐྱིད་གྲོང་གྲོང་རྡལ་དུ་བཞག་ཡོད་པ་དང་། འཚོལ་ཞིབ་མྱུར་སྐྱོབ་བྱེད་ཀྱི་ཡོད་རུང་མི་རྙེད་ཀྱི་མི་འདུག་ཅེས་བརྗོད་བྱུང་ལ། ཁོང་གིས་འགག་སྒོ་ཡོད་སའི་རི་ཟུར་གྲོང་ཚོ་གཅིག་པུ་ནས་མི་ ༢༦ འདས་གྲོངས་སུ་གྱུར་པ་དང་། གནོད་འཚེ་ཕོག་ཡུལ་དུ་མི་གཏོང་གི་མེད་པར་བརྟེན་གཉེན་ཉེ་འཚོལ་བར་རི་བསྐོར་ནས...
“༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་" ཞེས་རྒྱ་རིཊ་ཚོས་རྒྱ་ནག་གཞུང་ལ་དགོས་འདུན་བཏོན་པ།
རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་དུ་ཆིབས་སྒྱུར་གནང་འཇུག་དགོས་པ་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་གི་འདུག རྒྱ་རིགས་མང་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོ་ཧྥི་ལའོ་ (Sophieluo Shengchun) ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ནི་ད་ལྟའང་བོད་ནང་དང་བོད་ནང་གི་བོད་མི་རྣམས་དང་ལྷན་དུ་ཡོད་པ་དང་ཕྱིར་ཆིབས་བསྒྱུར་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་ཚོར་བྱུང་། ༧གོང་ས་མཆོག་གིས་རང་དབང་ལྡན་ཞིང་ཡིད་དུ་འོང་བའི་རྒྱ་ནག་ཅིག་ཆགས་ཐུབ་པའི་ཐུགས་རེ་གནང་གི་འདུག” ཅེས་གསུངས་ཕྱི་ཚེས་ ༥ ཉིན་༧གོང་ས་མཆོག་གི་མཇལ་ཁ་ཞུས་རྗེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། སོ་ཧྥི་ལའོ་ལགས་ནི་རྒྱ་ནག་གི་བཙོན་དུ་ཡོད་པའི་ཆབ་སྲིད་བཙོན་པ་དྷིང་ཅིའ་ཞི་ཡིའི་བཟའ་ཟླ་ཡིན་པ་རེད། བོད་ཀྱི་བླ...
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།
དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་རྒྱ་རིགས་དམངས་གཙོ་དོན་གཉེར་བ་གཙོས་མི་གྲངས་ ༢༥ ཙམ་ལ་མཇལ་ཁ་བསྩལ་སོང་། The post ༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། appeared first on བོད་ཀྱི་དུས་བབ།.















