Tibetan
བལ་ཡུལ་གྱི་ཆུ་ལོག་ཁྲོད་བཙུམ་ཁུལ་གྱི་འབྲོག་པ་ལྔ་གར་སོང་ཆ་མེད་དུ་སོང་འདུག
བལ་བོད་ས་མཚམས་བཙུམ་ཁུལ་གྱི་འབྲོག་པ་བུད་མེད་གཉིས་དང་སྐྱེས་པ་གསུམ་གར་སོང་ཆ་མེད་དུ་འགྱུར་འདུག
སུད་སི་བོད་རིགས་མང་ཚོགས་ལ་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་ངོ་སྤྲོད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་སུད་སིའི་ནང་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ། བོད་རིགས་མང་ཚོགས་ལ་བཀའ་ཤག་གི་ལངས་ཕྱོགས་ཐད་མ་འོངས་བོད་ཀྱི་འགན་སྲུང་ཞེས་པའི་དཔེ་དེབ་སྐོར་ངོ་སྤྲོད་དང་དབུ་མའི་ལམ་གྱི་ནང་དོན་བཤད་པར་རྒྱལ་སྤྱིའི་ཆབ་སྲིད་ཐོག་ཤེས་རྟོགས་དགོས་པར་གལ་ཆེན་པོ་ཡིན་པ་སོགས་ཀྱི་གསུང་བཤད་གནང་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཟའ་འཁོར་སྔོན་མའི་ནང་། སུད་སི་དང་ཅེག་སྤྱི་མཐུན་རྒྱལ་ཁབ། ཇར་མ་ནི་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་པ་དང་འབྲེལ། འདི་ཚེས་ ༡༠ ཉིན་ཛུ་རིག་གི་ Marriott གསོལ་མགྲོན་ཁང་དུ་བོད་རིགས་མང་ཚགས་ལ་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་ ༡༧ པའི་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་ངོ་སྤྲོད་དང་སྦྲགས། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་ཞི་འགྲིག་ཡོང་ཐབས་གནང་རྒྱུ་དང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། དེ་བཞིན་བཙན་བྱོལ་བོད་མིའི་བདེ་དོན་ལ་རྒྱབ་སྐྱོར་དང་རྒྱལ་སྤྱིའི་ཕྱི་འབྲེལ་ལས་དོན་གོང་འཕེལ་གཏོང་རྒྱུ་བཅས་གཙོ་བོར་གྱུར་པའི་གནད་དོན་གལ་ཆེན་ཁག་གསལ་སྟོན་གནང་འདུག དེ་བཞིན་བཀའ་ཤག་གིས་བཅོས་མའི་རིག་རྩལ་དང་མཉམ་འབྲེལ་གྱིས་དེང་དུས་འཕྲུལ་རིག་གཞུང་འཛིན་ལམ་ལུགས་སུ་བསྒྱུར་བའི་ལས་གཞི་བརྒྱུད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གྱི་བརྒྱུད་རིམ་ཁག་སྟབས་བདེ་རུ་དང་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་ཤུགས་སྣོན་རྒྱག་རྒྱུའི་སྐོར་གསུང་བཤད་གནང་བ་དང་། དམིགས་བསལ་བཙན་བྱོལ་བོད་མི་རྣམས་ནས་གཏམ་བརྗོད་རང་དབང་ལོངས་སྤྱོད་དང་སྦྲགས་སྤྱི་ཚོགས་དཀྲུག་གཞིའི་བྱ་འགུལ་རིགས་ནམ་ཡང་རྒྱུད་སྤེལ་གནང་རྒྱུ་མེད་པ་མ་ཟད། ༸གང་ཉིད་མཆོག་ཐུགས་ཕམ་མི་ཡོང་བ་དང་བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་ལ་དོ་ཕོག་མི་ཡོང་བའི་སླད་འབད་བརྩོན་གནང་རྒྱུ་ནི་ཧ་ཅང་གི་གལ་གནད་ཆགས་ཡོད་པའི་གཞེན་སྐུལ་གནང་རྗེས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནད་དོན་ཐོག་བཅར་འདྲི་ཞུས་པ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག མ་ཟད་སྲིད་སྐྱོང་གིས་དེ་ཉིན་སུད་སིར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་དུ་འཚམས་གཟིགས་དང་འབྲེལ་དགོན་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ལྷན་མ་འོངས་མཉམ་ལས་གནང་ཕྱོགས་སྐོར་བཀའ་བསྡུར་གནང་བ་དང་ཕྱི་ཚེས་ ༩ ཉིན་སུད་སིའི་ཁེ་ལས་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཁི་རི་ཤན་ལུ་ཛི་ལགས་ཀྱིས་སུད་སི་གྲོང་ཁྱེར་སྦར་སིལ་དུ་གསར་འཛུགས་གནང་བའི་སྒེར་གཉེར་བོད་ཀྱི་དངོས་རྫས་འགྲེམས་སྟོན་ཁང་དུ་གཟིགས་སྐོར་གནང་ཡོད་འདུག གཞན་ཡང་ཕྱི་ཚེས་ ༨ ཉིན་ཛུ་རིག་གི་ཧིལ་ཊོན་གསོལ་མགྲོན་ཁང་དུ་སྲིད་སྐྱོང་མཆོག་གིས་སུད་སི་དང་དེའི་ཉེ་འཁོར་དུ་གནས་སྡོད་བོད་པའི་གཞོན་སྐྱེས་དང་སློབ་ཕྲུག་ཁག་ཅིག་ལ་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་གསོན་གནས་ཆེད་ད་ལྟ་འགྲོ་བཞིན་པའི་སྤྱི་ཚོགས་བདེ་དོན་དང་། ཤེས་ཡོན། གྲངས་འཛིན་ལས་གཞི་ཁག་གི་སྐོར་གསལ་སྟོན་གནང་བ་མ་ཟད། ཁོང་གིས་རྒྱ་ནག་གི་དཔལ་འབྱོར་རྒྱ་སྐྱེད་དང་། དེས་རྒྱལ་སྤྱིའི་ཁྲོམ་རར་ཐབས་བྱུས་ཀྱི་ཤུགས་རྐྱེན་བཅས་མངོན་གསལ་གྱིས་གཞོན་སྐྱེས་ཚོར་རྒྱལ་སྤྱིའི་འགྱུར་འགྲོས་དེ་དག་གི་གནས་ཚུལ་རྒྱུས་མངའ་དང་། དོགས་ཟོན་དགོས་པའི་ནན་སྐུལ་གནང་འདུག སུད་སིའི་མཛད་རིམ་གྲུབ་མཚམས་སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ གླེང་སྟེགས་ ༢༠༠༠ གི་ཚོགས་ཆེན་ཐེངས་ ༣༠ པའི་ཐོག་ཕེབས་ཞུགས་གནང་རྒྱུ་དང་། དེ་རྗེས་འཇར་མ་ནིར་གཞུང་འབྲེལ་ལས་དོན་མུ་མཐུད་གནང་རྒྱུ་ཡིན་པ་རེད། གཞི་རྩའི་ཐེངས་འདིའི་སྲིད་སྐྱོང་མཆོག་གི་ཡུ་རོབ་རྒྱལ་ཁབ་གསུམ་དུ་གཞུང་འབྲེལ་འཚམས་གཟིགས་དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་རྒྱ་སྐྱེད་གཏོང་རྒྱུའི་ལས་རིམ་གྱི་ཆ་ཤས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི་ཆབ་སྲིད་དབུ་ཁྲིད་དང་། སྲིད་བྱུས་གཏན་འབེབས་གནང་མཁན།...
ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།
༢༠༢༦ ལོའི་ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་དེ་དཔལ་འབྱོར་དར་རྒུད་ཀྱི་འཁོར་རིམ་སྐོར་ལ་ཞིབ་འཇུག་གནང་མཁན་གྱི་ཨ་རིའི་དཔལ་འབྱོར་རིག་པ་བ་རོ་བྷིརཊ་ཨི་ཧོལ་ (Robert E. Hall) ལགས་དང་མའི་ཁལ་ཝུཌ་ཕོརཌ་ (Michael Woodford) ལགས་གཉིས་ལ་ཐོབ་འདུག The post ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས། appeared first on བོད་ཀྱི་དུས་བབ།.
ཏོག་དབྱིབས་ནད་དུག་སྐབས་ཀྱི་ཝུའུ་ཧན་གྲོང་ཁྱེར་གྱི་སྤྱི་ཁྱབ་པར་ལོ་༡༤ རིང་བཙོན་འཇུག་ཁྲིམས་ཆད་ཕོག།
རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་འཛམ་གླིང་གང་སར་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཆེན་པོ་ཕྱིན་ནས་མི་གྲངས་ས་ཡ་མང་པོ་ཤི་ཡོད་པ་དང་། སྐབས་དེ་དུས་ཝུའུ་ཧན་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཀྲོའུ་ཞན་ཝང་ (Zhou Xianwang) ལ་ཁ་བརྡུང་དང་སྐྱོན་བརྗོད་ཆེན་པོ་བྱས་པ་དང་། ཉེ་ཆར་ཁོ་པར་ལོ་༡༤ རིང་བཙོན་འཇུག་གི་ཁྲིམས་ཆད་ཕོག་འདུག The post ཏོག་དབྱིབས་ནད་དུག་སྐབས་ཀྱི་ཝུའུ་ཧན་གྲོང་ཁྱེར་གྱི་སྤྱི་ཁྱབ་པར་ལོ་༡༤ རིང་བཙོན་འཇུག་ཁྲིམས་ཆད་ཕོག། appeared first on བོད་ཀྱི་བང་ཆེན།.
རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།
རྒྱ་ནག་གཞུང་གིས་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མི་རྣམས་ཁུ་སིམ་མར་སྡོད་དགོས་པ་དང་ལྷག་པར་དུ་ཀྲང་ཡེ་ཡི་བུ་ཀྲང་ཧོང་ཡན་ཕྱིར་རྒྱ་ནག་ཏུ་ལོག་དགོས་པའི་བཙན་སྐུལ་བྱས་འདུག The post རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས། appeared first on བོད་ཀྱི་དུས་བབ།.
བལ་བོད་མཐའ་མཚམས་ཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།
བལ་ཡུལ་མཐའ་མཚམས་ནུབ་རི་སྒའུ་པཱ་ལིའམ་ཀུན་སྐྱིད་ལུང་དུ་ཆུ་ལོག་བྱུང་སྟེ། མི་ ༥ གར་སོང་ཆ་མེད་དང་། ཁྱིམ་ཚང་ ༣༡ དང་ལྕགས་ཟམ་ ༥ ཆུས་འཁུར་ཞིང། གཞུང་ལམ་དང་རྐང་ལམ་ཡོངས་ལ་གནོད་སྐྱོན་ཐེབས་ཡོད་འདུག The post བལ་བོད་མཐའ་མཚམས་ཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ། appeared first on བོད་ཀྱི་དུས་བབ།.
རྡ་ས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ལས་མཚམས་བཞག་སྟེ་ལྡེ་མིག་དང་སྒྲིག་ཆས་ཕྱིར་འབུལ།
སྐབས་བཅོ་ལྔ་པའི་རྡ་ས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྒྲིག་ཆས་དང་ས་གནས་ཡིག་ཚང་གི་ལྡེ་མིག་ཕྱིར་འབུལ་ཞུས་ནས་ལས་མཚམས་བཞག་ཡོད་ན་ཡང་། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་རྗེས་དྲན་དཔའ་བོའི་རྡོ་རིང་ཞིག་རྡ་ས་ལྷ་རྒྱལ་རིར་བཞེངས་སྐྲུན་གྱི་ལས་གཞི་མུ་མཐུད་མཇུག་སྐྱོང་ཞུ་རྒྱུ་ཡིན་འདུག The post རྡ་ས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ལས་མཚམས་བཞག་སྟེ་ལྡེ་མིག་དང་སྒྲིག་ཆས་ཕྱིར་འབུལ། appeared first on བོད་ཀྱི་བང་ཆེན།.
སྲིད་སྐྱོང་མཆོག་གིས་གླེང་སྟེགས་ ༢༠༠༠ ཚོགས་ཡུལ་དུ་བོད་ཀྱི་གནས་སྟངས་གླེང་པ།
མི་རིགས་མཐུན་སྒྲིལ་གྱི་ཁྲིམས། རྒྱལ་མཚམས་བརྒལ་བའི་དྲག་གནོན། ཨ་རི་དང་བོད་ཀྱི་འབྲེལ་བ་བཅས་ཀྱི་ཐོག་ལ་གླེང་མོལ་གནང་པ།
མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལ་གདོང་ལེན་ཆེད་སྐད་ཡིག་བདག་གཅེས་བྱེད་དགོས་སྐོར་གསུངས་པ།
‘སློབ་གྲྭ་ཁག་ཏུ་ཕྱི་ནང་གི་མཐུན་རྐྱེན་བཟང་དུ་ཕྱི་འདུག’
“༧གོང་ས་མཆོག་རྒྱ་གར་དུ་སྐུ་བཞུགས་མཛད་པ་ནི་བསོད་ནམས་ཆེན་པོར་ངོས་འཛིན་ཞུ་གི་ཡོད།”
རྒྱ་གར་དབྱུག་རྩེད་རྩེད་འགྲན་པ་ (Suresh Raina) ལགས་ཀྱིས་༧གོང་ས་མཆོག་རྒྱ་གར་ནང་བཞུགས་པ་ནི་བསོད་ནམས་ཆེ་ཞེས་གསུངས་པ།
ཚོགས་བརྡ་གསལ་བསྒྲགས།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་ཕྱི་ལོ་ ༢༠༢༧ ཟླ་ ༣ ཚེས་ ༡༥ རེས་གཟའ་ཟླ་བ་ནས་ཚེས་ ༢༦ རེས་གཟའ་པ་སངས་བར་ལས་ཉིན་བཅུ་གཅིག་རིང་བཞུགས་སྒར་སྤྱི་ལྷན་གྲོས་ཚོགས་ཚོགས་ཁང་ནང་ཚུགས་གཏན་འཁེལ་སོང་ན། ཚོགས་མི་རྣམས་དུས་ཐོག་ཚོགས་བཅར་གནང་དགོས་པ་བཅས་ཀྱི་ཚོགས་བརྡའི་གསལ་བསྒྲགས་སུ། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས། རབ་གནས་མེ་རྟ་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༡༢ ལ།
དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་རྒྱ་གར་གསར་འགོད་པ་རྒན་གྲས་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ པའི་ཚེས་ ༡༢ ཉིན་གུང་ཆུ་ཚོད་ ༡༢།༠༠ ཐོག་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་རྒྱ་གར་གསར་འགོད་པ་རྒན་གྲས་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་དང་། འཕགས་བོད་གཉིས་དབར་ལོ་རྒྱུས་དང་རིག་གཞུང་གི་འབྲེལ་བ། རྒྱ་ནག་དམར་གཞུང་གི་བཙན་བཟུང་འོག་བོད་ནང་བོད་མི་ཚོས་དཀའ་སྡུག་མྱངས་དང་མྱོང་བཞིན་པ་རྣམས་གསལ་སྟོན་བྱ་རྒྱུར་གསར་འགྱུར་བརྒྱུད་ལམ་ཁག་གི་གལ་གནད་སོགས་ཀྱི་ཐོག་གསུངས་གནང་སོང་། རྒྱ་གར་གསར་འགོད་པའི་སྐུ་ཚབ་ཚོགས་ཆུང་ནང་། རྒྱ་གར་གསར་ཁང་ News18 Network གི་བརྙན་འཕྲིན་གསར་འགྱུར་མདོ་འཛིན་པ་རྒན་གྲས་ལྕམ་སྐུ་ཇ་སཱ་མིན་ ཤར་མ་ (Ms. Jasmine Sharma, Senior Anchor & Deputy Producer) ལགས་དང་། NDTV གསར་ཁང་གི་རྩོམ་སྒྲིག་པ་རྒན་གྲས་སྐུ་ཞབས་རི་ཤཱབ་ (Mr. Rishabh, Associate Editor) ལགས། BBC Punjab གསར་ཁང་གི་གསར་འགོད་པ་སྐུ་ཞབས་ར་ཝིན་དྷར་ སིངྒ་...
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ ༢༠༠༠ གླེང་སྟེགས་ཐེངས་ ༣༠ ཐོག་མཉམ་ཞུགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ཕེབས་འབྱོར་གྱིས་ ༢༠༠༠ གླེང་སྟེགས་ཐེངས་ ༣༠ ཐོག་ཕེབས་ཞུགས་གནང་ཡོད། ༢༠༠༠ གླེང་སྟེགས་ཐེངས་ ༣༠ དེ་བཞིན་ Reimagining the Power of the Powerless ཞེས་པའི་བརྗོད་གཞིའི་ཐོག་བསྐོང་ཚོགས་གནང་ཡོད་ཅིང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་དང་གླེང་སྟེགས་འགོ་འཛུགས་གནང་མཁན་དམ་པ་ཝ་ཁེ་ལེབ་ ཧ་ཝེལ་ (Václav Havel) མཆོག་དགུང་གྲངས་ ༩༠ ཕེབས་པའི་དུས་དྲན་གྱི་ཉིན་མོ་ཡང་ཡིན། གླེང་སྟེགས་ཐོག་ཆབ་སྲིད་ཀྱི་དབུ་ཁྲིད་དང་། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ། ཤེས་ཡོན་ཅན། གསར་འགོད་པ། སྤྱི་དམངས་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་ཀྱིས་སྲིད་དབང་སྒེར་གཅོད་ཇེ་ཆེར་འགྲོ་བཞིན་པ་དང་ས་ཁམས་ཆབ་སྲིད་ཀྱི་འགྱུར་ལྡོག འཕྲུལ་ཆས་ཀྱི་འགྲན་སློང་བཅས་ཀྱི་དུས་སྐབས་སུ་མང་གཙོའི་སྤྱི་ཚོགས་འདི་ཉིད་སྲ་བརྟན་ཇི་ལྟར་གཏོང་དགོས་མིན་ཐོག་དཔྱད་ཞིབ་གནང་ཡོད། ཕྱི་ལོ་ ༡༩༩༧ ལོར་དམ་པ་ཧ་ཝེལ་མཆོག་གིས་འགོ་འཛུགས་གནང་བའི་...
ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་ཀོ་ལི་གྷལ་དང་ཧོན་སུར་བོད་སློབ་ཁག་ཏུ་གཟིགས་སྐོར་གནང་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་ལྷོ་ཕྱོགས་བོད་སློབ་ཁག་ཏུ་འཚམས་གཟིགས་གནང་འགོ་བཙུགས་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༧ ནས་ ༡༠ བར་ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དང་ཧོན་སུར་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་ཡོད། དེ་ཡང་ཟླ་ ༡༠ ཚེས་ ༨ ཉིན་གྱི་སྔ་དྲོ་ཤེས་རིག་བཀའ་བློན་མཆོག་དང་། དེང་རབས་ཤེས་ཡོན་ཚན་པ་དང་མདུན་ལམ་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་རྣམ་གཉིས་མཻ་སོར་དུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་ནས་ཕེབས་བསུ་ཞུས་པ་དང་། གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་དང་། དགོན་སྡེ་ཁག་གི་སྐུ་ཚབ། སློབ་གྲྭའི་སློབ་སྤྱི། གཞིས་ཆགས་ཀྱི་སྤྱི་མི། དེ་བཞིན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ནས་ཕེབས་བསུ་ཞུས་ཡོད།དེ་རྗེས་ཤེས་རིག་བཀའ་བློན་མཆོག་སློབ་གྲྭར་འཚམས་གཟིགས་དང་འབྲེལ་སློབ་གྲྭའི་ཞོགས་ཚོགས་སུ་ཕེབས་ཞུགས་གནང་སྐབས། སློབ་གྲྭའི་སློབ་སྤྱི་ནས་སློབ་གྲྭའི་ངོ་སྤྲོད་གནང་བ་དང་། སློབ་ཕྲུག་ཁག་གཅིག་གིས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས། དེ་ནས་བཀའ་བློན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སློབ་གྲྭ་ཆེད་འཛུགས་གནང་དགོས་དོན་སྐོར་གསལ་སྟོན་གནང་བ་དང་། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དགོངས་དོན་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་བཞིའི་སྐོར་འགྲེལ་བརྗོད་གནང་། དེ་བཞིན་ཁོང་གིས་སློབ་ཕྲུག་ནང་ཁུལ་ཐུབ་ཚོད་མེད་པར་ཕན་ཚུན་གཅིག་ཕན་གཅིག་གྲོགས་གནང་དགོས་པའི་སྐུལ་མ་བཅས་གནང་ཡོད། དེ་རྗེས་སློབ་གྲྭའི་འཛིན་ཁང་དང་། སྡེ་ཚན་ཁག་གི་ལས་ཁུངས་སུ་གཟིགས་ཞིབ་གནང་བ་མ་ཟད། དེ་དག་ཡར་རྒྱས་གཏོང་ཕྱོགས་ཀྱི་དགོངས་འཆར་ཡང་གནང་ཡོད། དེ་ནས་བཀའ་བློན་མཆོག་གིས་སློབ་གྲྭའི་བོད་ཀྱི་སྐད་ཡིག་ཁང་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་སྐད་ཡིག་ཁང་གི་ལས་གཞི་ནི་གལ་ཆེན་པོ་ཞིག་ཡིན་པ་དང་ཆབས་ཅིག ཉེ་ཆར་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་བྱས་པའི་དུས་སྐབས་འདིར་སློབ་ཕྲུག་དང་དགེ་རྒན་ཚང་མས་བོད་ཡིག་ཐོག་དམིགས་བསལ་དོ་སྣང་དགོས་པའི་སྐུལ་མ་གནང་ཡོད།དེ་ནས་ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭའི་དགེ་རྒན་དང་ལས་བྱེད་ལྷན་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཞིང་། སྐབས་དེར་ཁོང་གིས་ཁོང་ཚོའི་ཕྱག་ལས་གནང་ཕྱོགས་ལ་བསྔགས་བརྗོད་གནང་བ་དང་སྦྲགས། དགེ་རྒན་རྣམས་ཀྱིས་སློབ་ཁྲིད་གནང་སྐབས་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་། སཱི་ཤེས་ཡོན་ལག་བསྟར་གནང་དགོས་གལ་དང་། དགེ་རྒན་ཚོས་སློབ་མའི་གདེང་ཚོད་དང་། འགོ་ཁྲིད་ཀྱི་ནུས་པ་སྐྱེ་སྲིང་གནང་བའི་བརྒྱུད་བོད་དོན་ཐབས་རྩོད་ལ་ཕན་ཐོགས་ཡོད་པའི་སྐོར་གསུངས། དེ་མཚུངས་ཤེས་རིག་བཀའ་བློན་མཆོག་གིས་བོད་མིའི་གཞིས་ཆགས་སོ་སོའི་མང་ཚོགས་ལ་གསུང་བཤད་གནང་སྐབས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་གཙོ་བོ་བཞི་སྟེ་རང་དབང་དང་།...
རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུག་གཏོང་མཚམས་བཞག
རྒྱ་ནག་རྒྱལ་ཡོངས་སུ་དབྱིན་ཡིག་ཡིག་རྒྱུག་གཏོང་མཚམས་བཞག་པ་དེ་མི་འགྱང་བར་ལག་བསྟར་བྱེད་འཆར་ཡོད་པའི་རྒྱ་ནག་གི་འགྲོ་འོང་ཁྲིམས་གསར་དང་འབྲེལ་བ་ཡོད་སྲིད་སྐོར་བརྗོད་འདུག The post རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུག་གཏོང་མཚམས་བཞག appeared first on བོད་ཀྱི་དུས་བབ།.
བོད་ཀྱི་སློབ་མ་ཚོར་༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་ཡི་གེ་འབྲི་རུ་འཇུག་གི་ཡོད་འདུག
སློབ་གྲྭའི་བརྡ་ཁྱབ་ཅིག་དང་"ལྟ་བ་ལྔ"ཡི་སློབ་དེབ་ཟིན་བྲིས་ཤིག་ལས། པེ་ཅིན་གྱི་ལངས་ཕྱོགས་ལས་འགུལ་དེ་བོད་ཀྱི་སློབ་ཁང་ནང་ཇི་ལྟར་ཁྱབ་ཡོད་པ་མངོན་གསལ་དོད་པོར་མཐོང་ཐུབ། The post བོད་ཀྱི་སློབ་མ་ཚོར་༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་ཡི་གེ་འབྲི་རུ་འཇུག་གི་ཡོད་འདུག appeared first on བོད་ཀྱི་དུས་བབ།.
རྒྱ་ནག་གིས་ཐའེ་ཝན་དང་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་གཉིས་ཀྱི་བློན་ཆེན་ལ་ཉེས་ཆད་བཅད།
རྒྱ་ནག་གིས་པ་ར་གེའི་འབྲེལ་ལམ་བློན་ཆེན་དང་བྷེ་ལི་ཛིའི་ཕྱི་སྲིད་བློན་ཆེན་གཉིས་རྒྱ་ནག་དང་ཧོང་ཀོང་སོགས་སུ་འགྲོ་བསྐྱོད་ལ་བཀག་སྡོམ་དང་། ཁོང་རྣམས་དང་ཚོང་ལས་སོགས་བྱེད་པར་བཀག་སྡོམ་བྱེད་རྒྱུའི་ཉེས་ཆད་བཅད་འདུག ཕྱི་ལོ་༢༠༢༦ ཟླ་༡༠ ཚེས་༡༢ ཉིན། རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། པ་ར་གེ་(Paraguay) ཡི་འབྲེལ་ལམ་བློན་ཆེན་དང་། The post རྒྱ་ནག་གིས་ཐའེ་ཝན་དང་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་གཉིས་ཀྱི་བློན་ཆེན་ལ་ཉེས་ཆད་བཅད། appeared first on བོད་ཀྱི་བང་ཆེན།.
༧གོང་ས་མཆོག་གིས་ལྕམ་སྐུ་ན་ཝི་པི་ལེར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་དགའ་བསུའི་འཚམས་འཕྲིན་སྩལ་བ།
འདི་ལོ་ནོ་བྷེལ་ཞི་བདེ་གཟེངས་རྟགས་དེ་རྒྱ་གར་གྱི་མི་རིགས་ཡིན་པའི་ལྷོ་ཧྥ་རི་ཀའི་བུད་མེད་ཁྲིམས་རྩོད་པ་ཞིག་ལ་ཐོབ་ཡོད་པ་དང་། ༧གོང་ས་མཆོག་གིས་ཁོང་ལ་འཚམས་འདྲིའི་གསུང་འཕྲིད་ཅིག་བསྩལ་འདུག The post ༧གོང་ས་མཆོག་གིས་ལྕམ་སྐུ་ན་ཝི་པི་ལེར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་དགའ་བསུའི་འཚམས་འཕྲིན་སྩལ་བ། appeared first on བོད་ཀྱི་བང་ཆེན།.
བལ་ཡུལ་ནང་བསྐྱར་དུ་ཆུ་ལོག་བརྒྱབ་ནས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་འདུག
ཁ་སང་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ནང་བསྐྱར་དུ་ཆུ་ལོག་དང་ས་རུད་བྱུང་ནས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་ཞིང་། ད་ལྟ་མྱུར་སྐྱོབ་རུ་ཁག་ཚོས་རོགས་རམ་བྱེད་བཞིན་ཡོད་འདུག The post བལ་ཡུལ་ནང་བསྐྱར་དུ་ཆུ་ལོག་བརྒྱབ་ནས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་འདུག appeared first on བོད་ཀྱི་བང་ཆེན།.
དཔལ་ལྡན་སྲིད་སྐྱོང་མཆོག་གིས་རི་ཀོན་ཆོས་འཁོར་དགོན་དུ་འཚམས་གཟིགས་དང་། སུད་སི་མང་ཚོགས་ལ་གསུང་བཤད་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་སིར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་དུ་འཚམས་གཟིགས་དང་འབྲེལ། དགོན་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ལྷན་མ་འོངས་མཉམ་ལས་བྱེད་ཕྱོགས་སྐོར་བཀའ་བསྡུར་གནང་ཡོད། སྐབས་དེར་དགོན་པའི་ངེས་སྟོན་པ་ནས་བསྟི་གནས་ཁང་འདིའི་དམིགས་ཡུལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་མཐུན་པའི་ལས་གཞི་གལ་ཆེན་ཁག མ་འོངས་པའི་ལས་གཞི་ལས་འཆར་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་རྣམ་གཉིས་ཕེབས་འབྱོར་སྐབས་དགོན་པའི་མཁན་རིན་པོ་ཆེ་དང་། ངེས་སྟོན་པ། དེ་བཞིན་འབྲེལ་ཡོད་ལས་བྱེད་བཅས་ནས་ཕེབས་བསུ་ཞུས་གྲུབ་རྗེས་དགོན་པའི་དབུ་ཁྲིད་རྣམས་དང་ལྷན་འཇལ་འཕྲད་གནང་སྟེ་མ་འོངས་པར་མཉམ་ལས་གོང་མཐོར་གཏོང་ཕྱོགས་དང་ཐུན་མོང་གི་ཁེ་ཕན་སྐོར་བཀའ་བསྡུར་གནང་ཡོད། དེ་བཞིན་སྐབས་དེར་རི་ཀོན་ཆོས་འཁོར་དགོན་ནས་ཡུན་རིང་བོད་ཀྱི་རིག་གཞུང་དང་ཆོས་ལུགས་ཉར་ཚགས་བྱེད་བཞིན་པ་བསྐྱར་ནན་གནང་ཞིང་། དགོན་པའི་ནང་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་རྣམས་ཞུགས་བཞིན་ཡོད་པ་དང་། ས་གནས་དང་སྤྱི་ཚོགས་འདྲ་མིན་གྱི་ཚོགས་པ་ཁག་གི་དབར་ཚོགས་འདུ་དང་འདུ་འཛོམས་གོ་སྒྲིག་གནང་བཞིན་ཡོད་པ་གསལ་སྟོན་གནང་།རི་ཀོན་ཆོས་འཁོར་དགོན་ནི་ཕྱི་ལོ་ ༡༩༦༧ ལོར་དབུ་བརྙེས་ཞིང་། ཕྱི་ལོ་ ༡༩༦༨ ལོར་རབ་གནས་མཛད་ཡོད་པ་དང་། ཡུ་རོབ་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་སྒྲིག་འཛུགས་གལ་ཆེན་ཞིག་ཡིན། དགོན་པ་དེ་ཉིད་བཙན་བྱོལ་བོད་མི་རྣམས་སུད་སིར་འབྱོར་རྗེས་སུད་སིའི་སྦྱིན་བདག་སྐུ་ཞབས་ཧེན་རི་ལགས་དང་། སྐུ་ཞབས་ཇག་ཀུན་ལགས་རྣམ་གཉིས་ཀྱིས་རྒྱབ་སྐྱོར་དང་མཐུན་འགྱུར་འོག་གསར་འཛུགས་གནང་བ་ཞིག་ཡིན་པ་རེད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་དང་བྱིན་རླབས་འོག་བསྟི་གནས་ཁང་འདི་ཉིད་འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་སུད་སི་དང་། ཉེ་འཁོར་ཡུ་རོབ་རྒྱལ་ཁབ་ཁག་གི་བོད་མི་རྣམས་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད། ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ཆོས་ལུགས་མཐུན་སྒྲིལ་དང་། བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་དར་སྤེལ་ཐད་འབད་བརྩོན་གནང་བཞིན་ཡོད་པ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རི་ཀོན་ཆོས་འཁོར་དགོན་གྱིས་ལོ་ངོ་མང་པོའི་རིང་སྤྱི་ཚོགས་ཁྲོད་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པར་བསྔགས་བརྗོད་དང་འབྲེལ། དགོན་པའི་དབུ་ཁྲིད་ངོས་ནས་འབད་བརྩོན་དེ་དག་རྒྱུན་གནས་དང་སྲ་བརྟན་གཏོང་དགོས་པ་དང་། ལྷག་པར་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་ཀྱི་ཤུལ་བཞག་བཅས་ཉར་ཚགས་དང་བརྒྱུད་སྤྲོད་ཐུབ་པར་བོད་པའི་གཞོན་སྐྱེས་དང་ལྷན་འབྲེལ་བ་རྒྱ་བསྐྱེད་གཏོང་དགོས་པའི་སྐུལ་མ་གནང་ཡོད། དེ་རྗེས་ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཛུ་རིག་མེ་རི་ཡོཊ་གསོལ་མགྲོན་ཁང་དུ་སུད་སིར་གནས་སྡོད་བོད་མི་རྣམས་ལ་གསུང་བཤད་གནང་ཡོད། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཕེབས་ཞུགས་གནང་ཡོད། དེ་ཡང་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་བཀའ་ཤག་སྐབས་ ༡༧...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་ན་ཝི་པི་ལེ་མཆོག་ལ་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་དགའ་བསུའི་འཚམས་འཕྲིན་སྩལ་བ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་ན་ཝི་པི་ལེ་མཆོག་ལ་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་དགའ་བསུའི་འཚམས་འཕྲིན་མཛད་ཡོད་པའི་ནང་། ལྕམ་ན་ཝི་པི་ལེ་མཆོག་གིས་ཞི་བདེ་དང་རྒྱལ་སྤྱིའི་ཁྲིམས་ལུགས་དར་སྤེལ་ཐོག་བསྐྱངས་པའི་མཛད་རྗེས་ལ་ངོས་འཛིན་དང་བསྔགས་བརྗོད་མཛད་ཡོད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་ནང་། ཁྱེད་ཀྱིས་མི་ཚེ་ཧྲིལ་པོར་འཛམ་གླིང་གི་ས་ཕྱོགས་གང་སར་རང་དབང་གི་ཐོབ་ཐང་བཀག་སྡོམ་བྱས་པའི་མི་མང་གི་ཆེད་དུ་ཕྱག་ལས་གནང་ཡོད། ངོས་ཀྱིས་རྟག་ཏུ་རྒྱལ་ཁབ་ཅིག་ཁྲིམས་ཀྱི་དབང་བསྒྱུར་འོག་གནས་པ་དང་། རང་དབང་ཅན་གྱི་ཁྲིམས་ལུགས་དབང་འཛིན་དང་གསར་འགོད་རང་དབང་ཡོད་ཚེ་རྒྱལ་ཁབ་དེ་ཉིད་མི་མང་ལ་ཞབས་ཞུ་སྒྲུབ་ཐུབ་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཞབས་འདེགས་སྒྲུབ་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཁྲིམས་ཀྱི་དབང་བསྒྱུར་མེད་ཚེ་ཁྲིམས་འཆལ་དང་། སྡུག་བསྔལ་ནི་ལྡོག་ཏུ་མི་རུང་བ་ཡིན། ཞེས་དང་། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་ཁྱེད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་གྱི་ལས་གནས་བཞེས་རིང་། བོད་ཀྱི་གནད་དོན་སེལ་ཐབས་སུ་རྒྱ་ནག་ལ་ཤུགས་གནོན་གནང་བའི་འབད་བརྩོན་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཅེས་འཁོད་ཡོད། མཐར་མགོན་པོ་མཆོག་གིས་ལྕམ་ན་ཝི་པི་ལེ་མཆོག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་མི་སྣའི་སྤྱི་ཚོགས་སུ་ཕེབས་པར་དགའ་བསུ་དང་ཐུགས་སྨོན་མཛད་ཡོད་པ་བཅས།།
༧གོང་ས་མཆོག་གིས་ ༢༠༢༦ ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ན་ཝི་པི་ལེར་འཚམས་འདྲི།
ན་ཝི་པི་ལེར་ ༢༠༢༦ ནོ་སྦེལ་ཞི་བདེའི་གཟེངས་རྟགས་གནང་རྒྱུའི་གསལ་བསྒྲགས་གནང་པར་༧གོང་ས་མཆོག་གིས་འཚམས་འདྲི་གནང་འདུག
མི་རབས་གསར་པའི་ངར་ཤུགས།
ས་མཐར་གནས་པའི་ང་ཚོར་འཇིག་རྟེན་སྤྱི་མཚུངས་ཀྱི་མི་ལྟར་སྡོད་འདོད་ཀྱང་སྡོད་ལོང་མེད་ལ། ལུས་པོ་ལྷོད་དུ་གནས་ཀྱང་། སེམས་པ་ལྷོད་ལ་མི་འབབ་པའི་ཚོར་བ་ཞིག་འགོག་མེད་དུ་ཡོང་སྲིད། The post མི་རབས་གསར་པའི་ངར་ཤུགས། appeared first on བོད་ཀྱི་དུས་བབ།.
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སུད་སིར་རྟེན་གཞི་བྱས་པའི་བོད་ཀྱི་དངོས་རྫས་འགྲེམས་སྟོན་ཁང་དུ་གཟིགས་སྐོར་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༠༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སུད་སིའི་ཁེ་ལས་དང་། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་པར་མ་མེད་ (Permamed) དབུ་འཛུགས་གནང་མཁན་སྐུ་ཞབས་ཁི་རི་ཤན་ལུ་ཛི་ལགས་ཀྱིས་གསར་འཛུགས་གནང་བའི་སུད་སི་གྲོང་ཁྱེར་སྦེ་སལ་གྱི་ Erlenstrasse 29 དུ་རྟེན་གཞི་བྱས་པའི་སྒེར་གཉེར་བོད་ཀྱི་དངོས་རྫས་འགྲེམས་སྟོན་ཁང་དུ་གཟིགས་སྐོར་གནང་ཡོད། དེ་ཡང་སྐུ་ཞབས་ཁི་རི་ཤན་ལུ་ཛི་ལགས་ཀྱིས་ཆུང་དུས་ནས་ཨོསྟྲི་ཡའི་སྙན་གྲགས་ཅན་གྱི་རི་འཛེག་པ་ཧེན་རིག་ཧེ་རར་ལགས་ཀྱིས་བོད་དུ་ལོ་རྒྱུས་རྟོག་ཞིབ་སྐོར་སྐྱོད་ཕེབས་པ་དེར་སེམས་འགུལ་ཐེབས་ཏེ་ཁོང་གིས་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་བོད་དུ་ཐེངས་མང་འགྲོ་སྐྱོད་ཀྱིས་སྲོལ་རྒྱུན་སྒྱུ་རྩལ་དང་། ཆོས་ལུགས་གནའ་རྫས། ལག་ཤེས་བཟོ་སྩལ་སོགས་བསྡུ་རུབ་དང་གསོག་འཇོག་གནང་ཡོད་པ་རེད།དཔལ་ལྡན་སྲིད་སྐྱོང་མཆོག་འགྲེམས་སྟོན་ཁང་དུ་ཕེབས་འབྱོར་སྐབས་སྐུ་ཞབས་ཁི་རི་ཤན་ལུ་ཛི་ལགས་དང་། སྦེ་སལ་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ནས་སྣེ་ལེན་ཕེབས་བསུ་ཞུས་པ་དང་། དེ་རྗེས་འགྲེམས་སྟོན་ཁང་དུ་གཟིགས་སྐོར་གནང་ཡོད། སྐབས་དེར་སྐུ་ཞབས་ལུ་ཛི་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་འགྲེམས་སྟོན་ཁང་དེར་ཕེབས་པར་དགའ་བསུ་ཞུས་པ་དང་སྦྲགས། འགྲེམས་སྟོན་ཁང་འདི་ཉིད་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཆོས་ཕྱོགས་ཀྱི་ཤུལ་བཞག་རྣམས་ཉར་ཚགས་དང་དར་སྤེལ་གཏོང་རྒྱུར་དམིགས་ཏེ་བཙུགས་པ་ཞིག་ཡིན་པ་ངོ་སྤྲོད་གནང་། ཁོང་གིས་འགྲེམས་སྟོན་ཁང་འདི་ནི་བོད་ནང་སྐྱེས་ཤིང་འཚར་ལོངས་བྱུང་བའི་རྒན་རབས་རྣམས་ཀྱི་དྲན་རྟེན་ཀྱི་གནས་ཤིག་ཡིན་པ་མ་ཟད། བཙན་བྱོལ་བོད་མིའི་གཞོན་སྐྱེས་རྣམས་ལ་རང་གི་མེས་པོའི་རྩ་བ་དང་འབྲེལ་བ་བྱ་རྒྱུའི་འབྲེལ་ལམ་ཞིག་ཡིན་པ་འགྲེལ་བརྗོད་གནང་། དེ་བཞིན་ཁོང་གིས་བོད་ཀྱི་རིག་གནས་ནི་གནའ་བོའི་དངོས་རྫས་ཁོ་ན་མ་ཡིན་པར། བོད་ཀྱི་ལམ་སྲོལ་དང་། སྐད་ཡིག ཆོས་ཕྱོགས་ཀྱི་ཉམས་ལེན། སྤྱི་ཚོགས་མཐུན་སྒྲིལ་བཅས་ཀྱི་བརྒྱུད་ནས་གསོན་གནས་ཐུབ་པ་གསལ་སྟོན་གནང་ཞིང་། ཁོང་གིས་མ་འོངས་པའི་མི་རབས་རྣམས་ཀྱི་ཆེད་དུ་བོད་ཀྱི་བླ་སྲོག་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་ལ་བསྐྱར་ནན་གནང་ཡོད།འགྲེམས་སྟོན་སྐོར་སྐྱོད་རིང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་སྐུ་བརྙན་དང་། ཆོ་གའི་ཡོ་བྱད། སྐུ་ཐང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་དང་འབྲོག་པའི་ཤུལ་བཞག་མཚོན་པའི་ལག་རྩལ་གྱི་བཟོ་བཀོད་བཅས་ལ་གཟིགས་ཞིབ་གནང་། སྐབས་དེར་ཁོང་གིས་སྐུ་ཞབས་ལུ་ཛི་ལགས་ཀྱིས་ལོ་ངོ་བཅུ་ཕྲག་རིང་ཅ་དངོས་དེ་དག་བསྡུ་རུབ་དང་ཉར་ཚགས་གནང་བར་བསྔགས་བརྗོད་དང་འབྲེལ། བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་དུས་སྐབས་འདིར་ཕྱིའི་རྒྱལ་ཁབ་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་ངོ་བོ་མུ་མཐུད་གསོན་གནས་ཐུབ་པའི་དེ་ལྟ་བུའི་འགྲེམས་སྟོན་ཁང་ནི་གལ་འགངས་ཆེན་པོ་ཡིན་ཞེས་ནན་བརྗོད་གནང་། འཚམས་གཟིགས་རིང་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་སྐུ་ཚབ་བཅས་ལྷན་བཅར་ཞུས་ཡོད་པ་བཅས།།
‘ཕ་ཡུལ།’ ཞེས་པའི་གཏམ་བརྗོད་གཟིགས་ཕུད་འཁྲབ་སྟོན་ཞུས་པའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་ཆེད་བཅར་གྱིས་གསུང་བཤད་གནང་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་བོད་ཀྱི་ཟློས་གར་ཚོགས་ཁང་ནང་ ‘ཕ་ཡུལ།’ ཞེས་པའི་གཏམ་བརྗོད་གཟིགས་ཕུད་འཁྲབ་སྟོན་ཞུས་པ་དང་། གཏམ་བརྗོད་གསར་པ་དེ་བཞིན་བོད་ཀྱི་གཏམ་བརྗོད་ཚན་པའི་ངོས་ནས་ལོ་གསུམ་ཙམ་གྱི་དུས་ཡུན་ནང་ཞིབ་འཇུག་དང་། རྒྱ་གར་གྱི་གཏམ་བརྗོད་རྩོམ་པ་པོ་ཨ་བྷི་ཤིག་ མཱ་ཇུམ་དྷར་ (Abhishek Majumdar) ལགས་ཀྱིས་བྲིས་པ་ཞིག་རེད་འདུགསྐབས་དེའི་གཏམ་བརྗོད་གཟིགས་འབུལ་ཐོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག དཔལ་ལྡན་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་རྒྱུན་ལས་མགོན་པོ་དོན་གྲུབ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ་སོགས་ཆེད་ཕེབས་གནང་འདུགསྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་བཤད་གནང་དོན། སྤྱིར་བཏང་གཏམ་བརྗོད་ལ་དངོས་བྱུང་དང་། དངོས་བྱུང་མིན་པའི་གཏམ་བརྗོད་ཅེས་དབྱེ་བ་མི་འདྲ་བ་ཡོད་ཅིང་། ད་ལྟ་འདིར་འཁྲབ་སྟོན་ཞུས་པ་དེ་དངོས་བྱུང་གི་གཏམ་བརྗོད་ཅིག་ཆགས་བསྡད་ཡོད་རེད། གཏམ་བརྗོད་འཁྲབ་སྟོན་གནང་མཁན་རྣམ་པ་རེད། སྒྲུང་འབྲི་སྟངས་རེད། དེ་ཚོའི་གྲས་ཕྱོགས་ཡོངས་ལ་ལྟ་དུས་སྒྱུ་རྩལ་གྱི་རྣམ་པ་ཡག་པོ་འདུག་པས། འབྲེལ་ཡོད་འཁྲབ་སྟོན་པ་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྩ་བའི་ད་ལྟ་འདིར་གཟིགས་རྒྱུ་ཡོང་པའི་གཏམ་བརྗོད་ཆུ་ཚོད་གཅིག་ཙམ་གྱི་དུས་ཚོད་རེད་དེ། ཁོང་རྣམ་པས་དེའི་རྒྱབ་ལོགས་ལ་སྦྱོང་བརྡར་དང་འབད་བརྩོན་སོགས་ཀྱི་དུས་ཚོད་མང་པོ་ཞིག་བཏང་ཡོད་པས། ཚང་མར་དམིགས་བསལ་གྱིས་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན།སྤྱིར་བཏང་རྒྱབ་ལྗོངས་འདྲ་པོ་ཞུས་པ་ཡིན་ན། ད་ལྟ་འཁྲབ་སྟོན་ཆུ་ཚོད་གཅིག་ཙམ་གྱི་གནས་སྟངས་དེ་ནི།...






















