Tibetan
རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་དེ་ཉིད་ཀྱིས་རང་ལུས་མེར་སྲེག་གནང་སྟེ་སྐུ་སྲོག་ཤོར་བའི་བདུན་ཚིགས་བདུན་པའི་ཐོག་བཀའ་ཤག་གི་གཏམ་བཤད།
༄༅། །དེ་རིང་། རྒྱལ་གཅེས་དཔའ་བོ་བློ་བཟང་དཔལ་ལྡན་ནམ་ཡོངས་གྲགས་སུ་བློ་དགའ་རང་བཙན་དམ་པ་དེ་ཉིད་ཀྱིས། རྒྱ་ནག་གུང་ཁྲན་གྱིས་བོད་ལ་འཛིན་པའི་སྲིད་བྱུས་དང་། བོད་མི་རིགས་རྩ་མེད་གཏོང་བཞིན་པ་དེའི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད་ཅེས་དང་། ང་ཚོ་ཚང་མ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་སྤེལ་དགོས་པའི་ཞལ་ཆེམས་བཞག་སྟེ། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཨ་མའི་མདུན་ཐང་དུ་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་པའི་བདུན་ཚིགས་བདུན་པ་འཁེལ་གྱི་ཡོད། དེར་བརྟེན། བཀའ་སྤྱི་ཐུན་མོང་ནས་གོ་སྒྲིག་བྱས་ཏེ། དཔའ་བོ་དམ་པ་དེ་ཉིད་དང་། བོད་ཀྱི་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་དང་། མྱ་ངན་གུས་འདུད། རྒྱ་དམར་གཞུང་གི་བོད་ལ་འཛིན་པའི་གདུག་རྩུབ་ཀྱི་སྲིད་བྱུས་སྤྱི་དང་། ལྷག་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེར་ངོ་རྒོལ་མཚོན་ཆེད། མཆོད་འབུལ་སྨོན་ལམ་དང་། ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་སྤེལ་གྱི་ཡོད། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་དེ་ཉིད་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་མ་ཐག་ཏུ། བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ལྷན་ཛ་དྲག་དྲ་ཐོག་ཚོགས་འདུ་སྡུད་སྐོང་བྱས་ཏེ། གསར་འགྱུར་བརྒྱུད་ལམ་ཁག་ལ་གནས་ཚུལ་ཁུངས་གཏོང་དང་། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཚུགས་དགོས་པའི་བཀོད་མངགས་བྱས་པ་དང་ཆབས་ཅིག་ཏུ། དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་ལ་དྭགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམ་པ་དེའི་འདྲ་པར་དང་བཅས་རྗེས་འཛིན་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་ཞུས་པའི་སྐོར་ཡིག་ཚང་གི་བཀའ་ལན་འབྲེལ་ཡོད་ནང་མིར་བརྡ་སྤྲོད་བྱས་ཡོད་ཅིང་། བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག་ཉིན་དེའི་མཚན་དཀྱིལ་དུ་བཀའ་ཤག་གི་སྐུ་ཚབ་ཀྱི་ངོ་བོར་བོད་རིགས་སྤྱི་མཐུན་ཚོགས་པའི་ཕུན་ཚོགས་སྡེ་བཞི་ཚོགས་ཁང་དུ་ཆེད་ཕེབས་ཀྱིས་གདུང་སེམས་མཉམ་བསྐྱེད་གནང་ཡོད། ཕྱི་ཟླ་ ༧ ཚེས་ ༣ ཉིན་སྲིད་སྐྱོང་གི་མིང་ཐོག་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་དུའང་། “བློ་དགའ་རང་བཙན་དམ་པ་དེ་ཉིད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གི་ཐག་གཅོད་འདི་བྱེད་དགོས་པའི་རྐྱེན་རྩ་ནི། བོད་ནང་དུ་འབྱུང་བཞིན་པའི་མི་རིགས་རྩ་མེད་ཀྱི་སྲིད་བྱུས་དང་། ཕྱི་ཟླ་ ༧ ཚེས་ ༡...
བློ་དགའ་རང་བཙན་ལཊ་དང་འབྲེལ་ནས་ཨ་རིའི་བོད་དོན་ཆེད་དམིཊ་བསལ་འབྲེལ་མཐུད་པར་མཇལ་ཕྲད་ཞུས།
བློ་དགའ་རང་བཙན་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་ནས་ཞག་ ༤༩ སོང་བའི་ཉིན་ཏེ་ཕྱི་ཟླ་ ༨ ཚེས་ ༡༩ ཉིན་ཁོང་གི་ཚ་མོ་དང་གཉེན་ཉེ་གཙོ་བོར་གྱུར་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ནིའུ་ཡོག་ས་གནས་གཞོན་ནུའི་ཚོགས་གཙོ་དང་རྒྱུན་ལས། སྤྱི་ཟུར་བསྟན་འཛིན་འཇིགས་མེད་ལགས་བཅས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བཅར་ཏེ་ཨ་རིའི་གཞུང་གི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་རི་ལེ་སྦརཎསི་མཆོག་དང་མཇལ་ཕྲད་ཞུས་ཤིང་། བློ་དགའ་རང་བཙན་ལགས་ཀྱི་ཞུ་འབོད་ཁག་ངོ་སྤྲོད་ཞུས་འདུག་ལ། བློ་དགའ་ལགས་ཀྱི་ཚ་མོ་བསོད་ནམས་ཆོས་སྒྲོན་ལགས་ཀྱིས་ཨེ་...
ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་དུ་མུ་མཐུད་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༡༩ ཉིན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གི་འཚམས་གཟིགས་ཉིན་གསུམ་པར་དགའ་ལྡན་བླ་སྤྱི་དང་དགའ་ལྡན་ཤར་བྱང་གྲྭ་ཚང་གཉིས། དེ་བཞིན་རྙིང་དགོན་རྡོར་བྲག་གསང་སྔགས་ཆོས་འཁོར་གླིང་། ས་སྐྱ་བརྩེ་ཆེན་དམ་ཆོས་གླིང་། མོན་གྷོ་འདོད་རྒུ་གླིང་འཕྲོད་བསྟེན་ཀུན་བདེ་སྨན་ཁང་། བཙུན་དགོན་བྱང་ཆུབ་ཆོས་གླིང་དང་། སྤྱན་རས་གཟིགས་སློབ་གླིང་བཅས་ལ་འཚམགས་གཟིགས་སུ་ཕེབས་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཚུ་ཚོད་ ༩།༣༠ ཐོག་དགའ་ལྡན་བླ་སྤྱི་འདུ་ཁང་དུ་མཆོད་མཇལ་ཕེབས་རྗེས་དགའ་ལྡན་ཤར་རྩེ་ནོར་གླིང་གྲྭ་ཚང་གྱི་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་སངས་རྒྱས་མཆོག་ནས་ཕེབས་བསུ་དང་སྦྲགས་འདུ་ཁང་དུ་མཆོད་མཇལ་ཞུས་ཏེ་མཁན་རིན་པོ་མཆོག་དང་བཀའ་བསྡུར་གནང་། དེ་ནས་གྲྭ་ཚང་གི་དཔེ་མཛོད་དུ་འཚམས་གཟིགས་སུ་ཕེབས་ཏེ་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞིར་རྟོག་ཞིབ་དང་གོ་བསྡུར་གནང་།དེ་རྗེས་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་འཚམས་གཟིགས་སུ་ཕེབས་སྐབས་ཕྱག་མཛོད་ནས་ཕེབས་བསུ་དང་དགོན་པའི་འདུ་ཁང་དུ་མཆོད་མཇལ་དང་སྦྲགས་ཕྱག་མཛོད་ཁང་དུ་གྲྭ་ཚང་གི་མཁན་རིན་པོ་ཆེ་འཇིགས་མེད་ལམ་བཟང་མཆོག་མཇལ་འཕྲད་ཀྱིས་བཀའ་བསྡུར་ལྷུག་པོ་གནང་། དེ་རྗེས་གྲྭ་ཚང་གི་དཔེ་མཛོད་དུ་འཚམས་གཟིགས་གནང་སྟེ་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞིར་རྟོག་ཞིབ་གནང་། དེ་ནས་རྙིང་དགོན་རྡོར་བྲག་གསང་སྔགས་ཆོས་འཁོར་གླིང་དང་། ས་སྐྱ་བརྩེ་ཆེན་དམ་ཆོས་གླིང་དུ་འཚམས་གཟིགས་སུ་ཕེབས།ཉིན་གུང་གསོལ་ཚོགས་གྲུབ་རྗེས་མོན་གྷོ་འདོད་རྒུ་གླིང་འཕྲོད་བསྟེན་ཀུན་བདེ་སྨན་ཁང་དུ་ཕེབས་སྐབས་སྨན་ཁང་གི་འགན་འཛིན་དང་སྨན་པ་གཉིས་གཙོས་ལས་བྱེད་རྣམས་ནས་ཕེབས་བསུ་ཀྱིས་སྡེ་ཚན་རེ་རེར་འཚམས་གཟིགས་དང་འབྲེལ་ཡོད་སོ་སོར་གོ་བསྡུར་དང་ལས་དོན་ཧུར་ཐག་ཞུ་དགོས་ཐོག་ནད་པ་དང་ནད་རོགས་ལ་བྱམས་བརྩེའི་ཐོག་གཤིས་སྤྱོད་བཟང་པོའི་ངང་འབྲེལ་བ་ཞུ་གལ་ཆེ་བའི་ལམ་སྟོན་གནང་།དེ་ནས་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་འཚམས་གཟིགས་སུ་ཕེབས་ཅིང་དགོན་པའི་མཁན་པོ་དང་ཕྱག་མཛོད་ལྷན་བཙུན་དགོན་གྱི་ཕྱི་དངུལ་ལེན་བེད་ཆོག་པའི་དེབ་བསྐྱེལ་དུས་འགྱངས་བཀའ་འཁྲོལ་མ་གནང་བར་ཐེངས་གཉིས་བཀག་བསྐྱིལ་བྱུང་བར་དཀའ་སེལ་ཞུ་སྒོའི་ཐོག་བཀའ་བསྡུར་ལྷུག་པོ་གནང་། དེ་རྗེས་སྤྱན་རས་གཟིགས་སློབ་གླིང་ཞེས་པའི་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ཁུལ་ནས་ཡིན་པའི་སློབ་ཕྲུག་ ༥༠ ཙམ་གྱི་སྡོད་ཁང་དུ་འཚམས་གཟིགས་སུ་ཕེབས་ཏེ་སློབ་གླིང་གི་འགན་ཁུར་བ་དང་ལྷན་དུ་བཀའ་བསྡུར་ལྷུག་པོ་གནང་ཡོད།འཚམས་གཟིགས་སྐབས་མཁན་པོ་དང་ཕྱག་མཛོད་རྣམ་པར་བར་ལམ་རྒྱ་གར་གཞུང་གིས་ཕྱི་དངུལ་ལེན་བེད་ཆོག་པའི་སྒྲིག་གཞིར་བསྐྱར་བཅོས་འགའ་གནང་བ་བཞིན་དེ་དག་ལ་ཐུགས་སྣང་དང་། སྒྲིག་གཞི་དང་མཐུན་པའི་ཐོག་ཕྱག་ལས་གནང་གལ་ཆེ་བ། གྲྭ་ཚང་དུ་ཕྲུ་གུ་གསར་དུ་འཇུག་བཞེས་སྐབས་ཕ་མའི་མོས་མཐུན་ངོས་སྦྱོར་ངེས་པར་མཉམ་འཁྱེར་གྱིས་སྐུ་ངལ་མི་འཕྲད་པ་གནང་གལ། གྲངས་འཛིན་དཔེ་མཛོད་དང་གནས་སྐོར་གཉེན་ཆས་ཀྱི་ལས་གཞིའི་དམིགས་ཡུལ་ལྟར་ད་བར་ཕྱག་ལས་གང་ལེགས་གནང་འདུག་པ་བཞིན་མུ་མཐུད་དེ་ལྟར་གནང་རོགས་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་གནང་སྒོ་ཁག་ས་གནས་འགོ་འཛིན་ལས་ཁུངས་སུ་གནས་འབྲེལ་ཡོང་བ་བཅས་ཀྱི་འབོད་སྐུལ་ཞུས་ཡོད་པ་བཅས་ཉིན་གསུམ་པའི་འཚམས་གཟིགས་ཀྱི་ལས་རིམ་ལེགས་གྲུབ་བྱུང་ཡོད།།
བོད་ནང་ས་ཡོམ་གྱི་ཉེན་ཁ་ཡོད་པའི་ས་ཚིཊ་སུ་ཆུ་མཛོད་འཛུཊ་སྐྲུན་ཐད་ཉེན་ཁ་ཡོད་པ་གསལ་སྟོན།
རྒྱ་ནག་གི་ས་གཤིས་རིག་པ་བ་ཁག་ཅིག་གིས། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་འཛུཊ་སྐྲུན་བྱེད་བཞིན་པའི་འཛམ་གླིང་གི་ཆུ་མཛོད་ཆེ་ཤོས་དེ་ནི་ (paizhen) ཞེས་ས་འགུལ་འབྱུང་སླ་བའི་ས་གཞིའི་སྟེང་ཐད་ཀར་ཡོད་པ་ཉེན་བརྡ་བཏང་འདུག་ལ། ས་གཤིས་དེས་བོད་ཀྱི་ཡར་ཀླུང་གཙང་པོའི་སྟེང་དུ་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་ཆུ་མཛོད་ཆེན་པོ་ཙམ་མ་ཟད། ཉེ་འགྲམ་གྱི་འཛུགས་སྐྲུན་ཆ་ཚང་ལ་གནོད་སྐྱོན་གཏོང་སྲིད་པའི་ཉེན་ཁ་ཡོད་པ་བརྗོད་འདུག མ་ཟད་ས་ཁུལ་དེའི་ས་ཆའི་ཚགས་ལྷོད་ཅིང། འབྱར་ཤུགས་ཞན་པོ་ཡོད་པ་དེས། ཡུན་རིང་ཆུའི་ནང་ཐིམ་པ་དང་། ས་ཡོམ་སོགས་ཀྱི་ཤུགས་རྐྱེན་འོག ཆུ་མཛོད་ཀྱི་ཕྱོགས་གཉིས་ཀར་གས་ཆག་བྱུང་སྲིད་པའི་ཉེན་བརྡ་བཏང་འདུག ཡར་ཀླུང་གཙང་པོའི་སྟེང་དུ་འཛུགས་སྐྲུན་བྱེད་བཞིན་པའི་ཆུ་རགས་...
རྒྱལ་གཅེས་དཔའ་བོའི་མངོན་འདོད་རྒྱུན་མཐུད་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་མཁན་རྣམས་རྡ་སར་འབྱོར་བ།
སྤོན་ཊ་ཆོལ་གསུམ་ནས་རྡ་ས་བར་རྒྱལ་གཅེས་དཔའ་བོའི་རྐང་འཁོར་སྐོར་སྐྱོད་རྒྱུན་མཐུད་ལས་འགུལ་སྤེལ་མཁན་རྣམས་དེ་རིང་བཞུགས་སྒར་རྡ་སར་འབྱོར་སོང་བ་དང་། ཁོང་རྣམས་ཀྱིས་ཉིན་༧ རིང་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་སྤེལ་གནང་ཡོད་པ་རེད། The post རྒྱལ་གཅེས་དཔའ་བོའི་མངོན་འདོད་རྒྱུན་མཐུད་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་མཁན་རྣམས་རྡ་སར་འབྱོར་བ། appeared first on བོད་ཀྱི་བང་ཆེན།.
རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག
རྒྱ་ནག་གི་དགོད་བྲོའི་གཏམ་གླེང་སྒྱུ་རྩལ་བ་གོ་དི་ཀང་གིས་རྒྱ་ནག་གི་གསར་བརྗེའི་བསྟོད་གཞས་ཤིག་ལ་བསྒྱུར་བཅོས་བྱས་སྟབས། དེས་སྤྱི་པའི་བཟང་སྤྱོད་དང་ཀུན་སྤྱོད་ཀྱི་ཚད་གཞི་ལས་འགལ་བའི་ནག་ཉེས་བཟོས་པར་ཁ་གཡར་ནས། ད་ལྟ་འདྲི་ཞིབ་འོག་བཅུག་ཡོད་པའི་ཁར། ཁོའི་དགོད་བྲོ་གཏམ་གླེང་གི་རྒྱལ་ཡོངས་སྐོར་སྐྱོད་ཀྱི་ལས་རིམ་ཡོངས་ཕྱིར་འཐེན་བྱེད་དགོས་བྱུང་འདུག སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དགོད་བྲོའི་གཏམ་གླེང་སྒྱུ་རྩལ་བ་གོ་དི་ཀང་(郭德纲)གིས། ཕྱི་ལོ་ ༡༩༥༦ ལོར་བརྩམས་པའི་ངའི་བརྩེ་བའི་ཕེ་ཕ་(Pipa)འཁྲབ་པ་ཞེས་པའི་གཞས་ཚིག་ལས། ཝི་ཧྲན་མཚོ་ཁུལ་ཀྱི་ཡོད་ཚད་ཁུ་སིམ་མར་གྱུར་ཡོད། ཅེས་པ་དེ་པེ་ཅིན་གྱི་ཡོད་ཚད་ཁུ་སིམ་མར་གྱུར་ཡོད། ཅེས་པར་བསྒྱུར་བཅོས་བྱས་ཡོད་སྟབས། པེ་ཅིན་ནི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་རྒྱ་ནག་གི་རྒྱལ་རྒྱུད་རིམ་པ་དང་ད་ལྟའི་དམར་ཤོག་ཚོགས་པའི་སྲིད་དབང་གི་ལྟེ་གནས་ཡིན་པར་བརྟེན། པེ་ཅིན་གྱི་གནད་དོན་གླེང་སློང་བྱ་རྒྱུ་ནི་རྒྱ་ནག་ནང་ཚོར་ཤུགས་སྐྱེན་པའི་བརྗོད་གཞི་ཞིག་ཏུ་གྱུར་ཡོད་ལ། ངའི་བརྩེ་བའི་ཕེ་ཕ་འཁྲབ་པ་ཞེས་པའི་བསྟོད་གཞས་དེ་ནི་རྒྱ་ནག་དམག་དཔུང་གིས་ཉི་ཧོང་ལ་འཐབ་རྒོལ་བྱས་པའི་བློ་སྟོབས་བརྟན་པོ་མཚོན་པ་ཞིག་ཡིན་འདུག
ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་དུ་མུ་མཐུད་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༡༨ ཉིན་གྱི་སྔ་དྲོར་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་འབྲས་སྤུངས་མཁན་ཁྲི་ཟུར་པ་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་གི་སྐུ་གདུང་ཞུགས་འབུལ་གྱི་སྦྱིན་སྲེག་ལ་ཆེད་ཕེབས་གནང་། དེ་རྗེས་འབྲས་སྤུངས་སྒོ་མང་ལ་འཚམས་གཟིགས་ཕེབས་སྐབས་ཐོག་མ་སྒོ་མང་གྲྭ་ཚང་གི་འདུ་ཁང་དང་། དེ་ནས་རིམ་བཞིན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་སློབ་གྲྭའི་འཛིན་ཁང་ཁག་ལ་རྟོག་ཞིབ་ཀྱིས་འབྲེལ་ཡོད་དང་ལྷན་དུ་བཀའ་བསྡུར་གནང་བ་དང་། གྲྭ་ཚང་གི་དཔེ་མཛོད་ལ་འཚམས་གཟིགས་གནང་སྟེ་ཆོས་རིག་ལས་ཁུངས་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞིའི་ཐོག་ལ་རྟོག་ཞིབ་ཀྱིས་འབྲེལ་ཡོད་ལྷན་བཀའ་བསྡུར་ལྷུག་པོ་གནང་།དེ་ནས་སྟག་ཚང་རྭ་སྟོད་གྲྭ་ཚང་དང་། ས་སྐྱ་བརྩེ་ཆེན་མདོ་སྔགས་ཆོས་གླིང་། འབྲས་སྤུངས་བླ་སྤྱི་བཅས་ལ་འཚམས་གཟིགས་སུ་ཕེབས་སྐབས་དགོན་པ་སོ་སོའི་མཁན་པོ་དང་ཕྱག་མཛོད་སོགས་ནས་ཕེབས་བསུ་གཟབ་རྒྱས་ཀྱིས་བཀའ་བསྡུར་ལྷུག་པོ་གནང་ཡོད། འབྲས་སྤུངས་བླ་སྤྱི་ནས་ཉིན་གུང་གསོལ་ཚིགས་གོ་སྒྲིག་གནང་བ་ལྟར་ཆེད་ཕེབས་གནང་རྗེས་འབྲས་སྤུངས་བློ་གསལ་གླིང་ལ་འཚམས་གཟིགས་སུ་ཕེབས། དེ་ཡང་ཐོག་མར་འབྲས་སྤུངས་བློ་གསལ་གླིང་གི་དཔེ་མཛོད་ཁང་དུ་འཚམས་གཟིགས་གནང་སྟེ་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞིའི་ཐོག་དམིགས་བསལ་རྟོག་ཞིབ་གནང་བ་དང་། དེ་ནས་རིམ་བཞིན་གྲྭ་ཚང་གི་སློབ་གྲྭའི་འཛིན་ཁང་ཁག་དང་། དགོན་པའི་འདུ་ཁང་དུ་མཆོད་མཇལ་ཕེབས་ཏེ་ཕྱག་མཛོད་དང་ལྷན་བཀའ་བསྡུར་གནང་རྗེས་འབྲས་སྤུངས་བློ་གསལ་གླིང་གི་སྨན་ཁང་དང་། སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གི་སྡེ་ཚན་ཁག་ལ་འཚམས་གཟིགས་སུ་ཕེབས་ཤིང་འབྲེལ་ཡོད་ལྷན་དུ་བཀའ་བསྡུར་གནང་།འབྲེལ་ཡོད་ཕྱག་མཛོད་རྣམ་པར་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞིའི་རླབས་ཆེན་གྱི་དམིགས་ཡུལ་ལྟར་ད་བར་ཕྱག་ལས་གང་ལེགས་གནང་འདུག་པ་བཞིན་མུ་མཐུད་དེ་ལྟར་གནང་རོགས་ཞུ་རྒྱུ་དང་། ཕྱི་དངུལ་ལེན་བེད་ཆོག་པའི་ཁྲིམས་སྒྲིག་དང་མཐུན་པའི་ཐོག་ཕྱག་ལས་གནང་གལ་ཆེ་བ། བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་གནང་སྒོ་ཁག་འཛིན་སྐྱོང་གི་འགྲོ་ལུགས་ལྟར་ས་གནས་འགོ་འཛིན་ལས་ཁུངས་སུ་གནས་འབྲེལ་ཡོང་བ། གྲྭ་ཚང་ཁག་ཏུ་ཕྲུ་གུ་གསར་དུ་འཇུག་བཞེས་སྐབས་ཁྲིམས་མཐུན་ཕ་མའི་མོས་མཐུན་ངོས་སྦྱོར་ངེས་པར་མཉམ་འཁྱེར་གྱིས་སྐུ་ངལ་མི་འཕྲད་པ་གནང་སྐྱོང་ཡོང་བ་བཅས་ཀྱི་འབོད་སྐུལ་ཞུས། དེ་རྗེས་མོན་གྷོ་རྒས་གསོ་ཁང་དུ་ཕེབས་ཏེ་བགྲེས་སོང་རེ་རེ་བཞིན་ཐུག་འཕྲད་ཀྱིས་ཁ་འདོན་དགེ་སྦྱོར་ལ་འབད་དགོས་པའི་སྐུལ་མ་ཞུས་པ་བཅས།།
༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་ཁྲི་འདོན་གནང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སེར་སྨད་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་ལ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་བསྩལ་དོན་བཞིན་ཟླ་ ༨ ཚེས་ ༡༨ ཉིན་ར་ཆེ་གཉིས་པའི་གཙུག་ལག་ཁང་དུ་ཁྲི་འདོན་མཛད་སྒོ་གནང་སོང་བ་དང་། ཡང་སྟེང་རིན་པོ་ཆེ་མཆོག་གིས། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་སྔར་ལྷག་སྒྲུབ་ཐུབ་རྒྱུ་དང་། གང་ལྟར་བླ་མ་དབུ་མཛད་བྱས་ཏེ། བསྟན་པ་དང་འགྲོ་བ་སྤྱིའི་ཆེད་དུ་དང་། བོད་བསྟན་པ་ཆབ་སྲིད། རྒྱུད་པ་གྲྭ་ཚང་། རི་བོ་དགེ་ལུགས་པའི་ཆེད་དུ་ངས་གང་བྱེད་ཐུབ་པ་འདུག་ཅེས་བསམ་བློ་གཏོང་རྒྱུ་དེ་རེད་ཅེས་འདི་ག་ཨེ་ཤེ་ཡ...
བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༢༣པ་མཇུག་སྒྲིལ།
ཕྱི་ལོ་༢༠༢༦ ཟླ་༨ ཚེས་༡༤ ནས་༡༦ བར་ཉིན་གྲངས་གསུམ་གྱི་རིང་། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༢༢པ་དེ་ཚོགས་ཡོད་འདུག ཐེངས་འདིའི་ཚོགས་ཐོག་ཏུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་དང་། བྱང་ཨ་རིའི་ཁྱབ་ཁོངས་ཀྱི་ས་གནས་ཁག་བདུན་གྱི་རྒྱུན་ལས་དང་རྒྱུན་ལས་ཟུར་པ་སོགས་ཚོགས་ཞུགས་གནང་འདུག The post བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༢༣པ་མཇུག་སྒྲིལ། appeared first on བོད་ཀྱི་བང་ཆེན།.
ཨ་རིའི་སློབ་ཆེན་ཁག་ནས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།
རྒྱ་ནག་གི་རྒྱལ་སྲུང་དམག་དོན་དང་འབྲེལ་བའི་སློབ་ཆེན་ཁག་གིས་ཨ་རིའི་འཕྲུལ་རིག་དང་། ཤེས་བྱའི་ཐོན་ཁུངས་རྐུ་འཁྱེར་བྱེད་པ་སོགས་བྱས་ཏེ། ཨ་རིའི་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་བསྐྲུན་གྱི་ཡོད་འདུག The post ཨ་རིའི་སློབ་ཆེན་ཁག་ནས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་། appeared first on བོད་ཀྱི་དུས་བབ།.
རྒྱ་ནག་གཞུང་གིས་སྤྱི་པའི་ཚོགས་སྡེ་ཁག་གི་ནང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པའི་བཀའ་བཏང་འདུག
རྒྱ་ནག་གཞུང་གིས་སློབ་གྲྭ་དང་སྨན་ཁང་། ལས་ཁུངས་སོགས་སྤྱི་པའི་ཚོགས་སྡེ་ཁག་གི་ནང་། ཆོས་ལུགས་ཀྱི་བྱེད་སྒོ་རིགས་སྤེལ་མི་ཆོག་པ་དང་། ལས་བྱེད་སྒེར་སོ་སོའི་ཆོས་ལུགས་གང་ཡིན་མིན་ཐོ་འགོད་དགོས་ཀྱི་ཡོད་པ་དང་། གཞུང་གིས་ཞིབ་བཤེར་བྱེད་ཀྱི་ཡོད་པ་བརྗོད་འདུག The post རྒྱ་ནག་གཞུང་གིས་སྤྱི་པའི་ཚོགས་སྡེ་ཁག་གི་ནང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པའི་བཀའ་བཏང་འདུག appeared first on བོད་ཀྱི་བང་ཆེན།.
རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག
ཉེ་ལམ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཏེ་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་པ་མ་ཟད། དོ་དམ་ལས་ཁུངས་ཟེར་བས་ཀྱང་ཡུལ་སྐོར་བ་དང་གནས་མཇལ་བ་རྣམས་ལ་ཚོད་འཛིན་ནན་མོ་བྱེད་ཀྱིན་འདུག The post རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག appeared first on བོད་ཀྱི་དུས་བབ།.
ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༡༦ ནས་ཟླ་ ༩ ཚེས་ ༡ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དང་། ཨུཏྟརཱ་ཁནྜ་མངའ་སྡེའི་སྡེ་ར་ལྡུན་ཁུལ། ཧི་མཱ་ཅལ་མངའ་སྡེའི་ཌོ་ལན་ཇི་བོན་གཞིས། སིམ་ལ་བཅས་སུ་དབུ་ཁྲིད་བླ་ཆེན་རྣམ་པ་འཚམས་མཇལ་དང་། ས་གནས་དགོན་ཁག་གཙོས་སྡེ་ཚན་ཁག་ལ་གཟིགས་སྐོར། མི་མང་ཐུག་འཕྲད་བཅས་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་གནང་འགོ་བཙུགས་ཡོད། དེ་ཡང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་མདུན་དུ་ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་ ༢༦ གི་ལས་སྣེ་རྣམས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཤིང་། ས་གནས་འགོ་འཛིན་ལས་ཁུངས་དང་དེའི་ཚན་པ་ཁག་ལ་འཚམས་གཟིགས་གནང་རྗེས་ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་ལ་འཚམས་གཟིགས་སུ་ཕེབས།དེ་ནས་ས་གནས་འཐུས་ཚོགས་ལ་ཕེབས་སྐབས་ས་གནས་འཐུས་ཚོགས་སྐབས་ ༡༢ པའི་བཞུགས་མོལ་ཚོགས་འདུ་འཚོགས་བཞིན་པ་དང་སྟབས་བསྟུན། ཐོག་མར་ས་འཐུས་ཚོགས་གཙོ་ནས་ཕེབས་བསུའི་གསུང་བཤད་གནང་རྗེས་ཆོས་རིག་བཀའ་བློན་མཆོག་ནས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་གནང་བ་དང་། མོན་གྷོ་འདོད་རྒུ་གླིང་ལ་ཕེབས་དོན་དེ་ཡང་ཆོས་རིག་ལས་ཁུངས་ཀྱི་སྔར་སྲོལ་བཟང་པོ་བཞིན་བཀའ་ཤག་སྐབས་བཅུ་བདུན་པའི་ཆོས་རིག་བཀའ་བློན་གྱི་ལས་ཁུར་ཞུས་རྗེས་དབུ་ཁྲིད་བླ་ཆེན་ཁག་ལ་འཚམས་མཇལ་ཞུ་རྒྱུའི་ལས་རིམ་དུ་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་མཆོག་གིས་དབུས་པའི་༸སྐྱབས་རྗེ་ཤར་བྱང་ཆོས་རྗེ་རིན་པོ་ཆེ་མཆོག་རྣམ་གཉིས་འཚམས་མཇལ་ཞུ་རྒྱུ་དང་སྟབས་བསྟུན་ཏེ་ས་གནས་ཁྱབ་ཁོངས་དགོན་ཁག་གིས་གཙོས་གཞིས་ཆགས་ཀྱི་སྡེ་ཚན་ཁག་ལ་རྟོག་ཞིབ་དང་མི་མང་ལ་འཚམས་ཞུར་བཅར་བ་དང་། ས་གནས་འགོ་འཛིན་གྱིས་མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་འཐུས་ཚོགས། དེ་བཞིན་མཉམ་འབྲེལ་གཙོས་སྡེ་ཚན་ཁག་དབར་མཐུན་བསྒྲིལ་ཡག་པོ་ཡོད་སྐོར་གསུངས་པ་བཞིན་ཡི་རང་སྔགས་བརྗོད་ཀྱིས་ཐུགས་རྗེ་ཆེ་ཞུས་པ་དང་། མུ་མཐུད་འབྲེལ་བ་དམ་ཟབ་ཐོག་སྤྱི་པའི་ཕྱག་ལས་གནང་གལ་སྐོར་གསུངས།དེ་རྗེས་༸རྒྱལ་བའི་གཟིམ་ཆུང་རིན་པོ་ཆེར་མཇལ་ཁ་ཞུས་རྗེས་འདོད་རྒུ་གླིང་གཞི་རིམ་སོ་ནམ་པའི་ལས་ཁུངས་སུ་ལས་བྱེད་རེ་རེར་ཐུག་འཕྲད་གནང་བ་དང་། ཚོགས་ཁང་ནང་དུ་མཉམ་འབྲེལ་ཚོགས་གཞོན་ནས་མཉམ་འབྲེལ་གྱི་ད་ལྟའི་གནས་སྟངས་སྙན་གསན་ཞུས་རྗེས་ཆོས་རིག་བཀའ་བློན་མཆོག་ནས། ས་གནས་འགོ་འཛིན་གྱི་གསུང་དོན་བཞིན་ས་གནས་འགོ་འཛིན་ལས་ཁུངས་དང་ས་གནས་མཉམ་འབྲེལ་དབར་ས་གནས་གཞན་དང་མི་འདྲ་བའི་དམིགས་བསལ་མཐུན་བསྒྲིལ་གང་ལེགས་ཡོད་པར་ཡི་རང་བསྔགས་བརྗོད་དང་། མཉམ་འབྲེལ་གནས་སྟངས་ཇི་ཆགས་ངོ་སྤྲོད་ནང་གསལ་བ་བཞིན་ཚོགས་པའི་དགོས་དམིགས་བཞིན་བཤེར་བདག་སོགས་མི་མང་ལ་ཐད་ཀར་ཐུགས་ཕན་གསོ་བའི་ཕྱག་ལས་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཏེ་མུ་འཐུད་ཕྱག་ལས་ལྷག་བསམ་ཆེན་པོས་གནང་རྒྱུ་གལ་ཆེན་པོ་ཡིན་པ་བཅས་ཀྱི་གསུང་བཤད་གནང་།དེ་རྗེས་ཞི་བ་འཚོ་དཔེ་མཛོད་ཁང་དང་། ས་གནས་བུད་མེད་ཚོགས་པའི་ལས་ཁུངས་དང་ཚོགས་ཁང་། འཚེམས་ཁང་བཅས་ལ་འཚམས་གཟིགས་གནང་། དེ་རྗེས་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ལེགས་བཅོས་ལས་འཆར་གྱི་ལས་ཁུངས་སུ་རྟོག་ཞིབ་གནང་སྟེ།...
གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག
ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཏན་ཉིན་སློབ་གྲྭ་ཁག་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་ཤིག་འཚོག་བཞིན་འདུག དེ་རིང་ནས་ཟླ་འདིའི་ཕྱི་ཚེས་ ༢༤ བར་ཉིན་གྲངས་བརྒྱད་རིང་བཞུགས་སྒར་དྷ་སའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། དྷ་ས་དང་མ་སུ་རི་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་དེ་དངོས་སུ་དབུ་འཛུགས་གནང་སོང་། ད་ཐེངས་ཀྱི་འདུ་འཛོམས་འདིའི་ཐོག བཙན་བྱོལ་བོད་པའི་སློབ་གྲྭ་ ༡༥ ཡི་སློབ་མ་ ༡༠༠ ལྷག་གིས་མཉམ་ཞུགས་གནང་འདུག
རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག
ནེའུ་ཛི་ལན་ཌིའི་བོད་མི་རྣམས་ནས་མི་རིགས་མཐུན་སྒྲིལ་ཟེར་བའི་རྒྱའི་ཁྲིམས་ལ་ངོ་རྒོལ་ལས་འགུལ་སྤེལ་བར་རྒྱ་ནག་གིས་འཇིགས་སྐུལ་བྱེད་བཞིན་འདུག The post རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག appeared first on བོད་ཀྱི་དུས་བབ།.
ནེའུ་ཟི་ལེན་ཌི་ནང་གནས་སྡོད་བོད་མི་ཚོར་རྒྱ་རིགས་ཚོས་སོ་ལྟ་དང་བསུན་གཙེར་བཟོ་བཞིན་ཡོད་པ་བརྗོད།
ནེའུ་ཟི་ལེན་ཌིར་གནས་སྡོད་བོད་མི་དགའ་ལྡན་ཟེར་བ་ཞིག་གིས་བརྗོད་པ་ལྟར་ན། ཉེ་ཆར་རྒྱ་ནག་གཞུང་གིས་“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག་”ཟེར་བ་དེ་ལག་བསྟར་བྱེད་འགོ་བཙུགས་པ་དང་། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་གྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་རང་ལུས་མེར་སྲེག་བཏང་བར་བརྟེན། བོད་མི་ཚོས་འཛམ་གླིང་གི་ས་ཕྱོགས་གང་སར་ངོ་རྒོལ་ལས་འགུལ་སྤེལ་བཞིན་པའི་སྐབས་འདིར། ནེའུ་ཟི་ལེན་ནང་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་དུས་བོད་མི་རྣམས་ལ་རྒྱ་རིགས་ཚོས་སོ་ལྟ་དང་བསུན་གཙེར་བཟོས་ཡོད་པ་བརྗོད་འདུག The post ནེའུ་ཟི་ལེན་ཌི་ནང་གནས་སྡོད་བོད་མི་ཚོར་རྒྱ་རིགས་ཚོས་སོ་ལྟ་དང་བསུན་གཙེར་བཟོ་བཞིན་ཡོད་པ་བརྗོད། appeared first on བོད་ཀྱི་བང་ཆེན།.
ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག།
དུས་ཡུན་རིང་པོར་གཞན་གྱི་དབང་སྒྱུར་འོག་གཉའ་གནོན་འཁུར་མྱོང་བའི་མི་རིགས་སུ་འདྲ་ཞིག་ཡིན་ན་ཡང་། མི་རིགས་དེའི་རྩ་དོན་འཐབ་རྩོད་ཀྱི་ལོ་རྒྱུས་དེ་འཐབ་རྩོད་བྱེད་པ་ནས་རྒྱལ་ཁ་ཐོབ་སོང་བའི་ལམ་ཁ་དྲང་པོ་ཞིག་གཏན་ནས་མིན། ལོ་ངོ་བཅུ་ཕྲག་གམ་བརྒྱ་ཕྲག་མང་པོ་འགོར་མྱོང་བའི་རྩ་དོན་འཐབ་རྩོད་གང་འདྲ་ཞིག་ཡིན་རུང་། དེར་རྒྱལ་ཁའི་རེ་བ་དང་། ཕམ་ཁ། འཐབ་རྩོད་ཀྱི་ཁ་ཕྱོགས་སམ་འཐབ་ཇུས་འགྱུར་བ། སྒྲིག་འཛུགས་ལ་གྲགས་འགུལ་མེད་པར་ལྷག་པ། ནང་ཁུལ་རྩོད་རྙོག་བསྟུད་མར་བྱུང་བ་སོགས་གནས་སྟངས་མང་པོ་ཞིག་དང་འཕྲད་པ་ཆོས་ཉིད་དུ་གྲུབ་ཡོད། The post ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག། appeared first on བོད་ཀྱི་དུས་བབ།.
ང་ཚོའི་རེ་བ་བྱེད་ས་དེ་རྒྱ་ནག་མ་རེད་ང་རང་ཚོ་རེད་ཅེས་གསུངས།
ཕྱི་ལོ་༢༠༢༦ཟླ་༨ཚེས་༡༦ཉིན། ཧྥ་རན་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཞལ་ཆེམས་ཀྱི་དགོངས་དོན་ལྟར། ཧྥ་རན་སིའི་རྒྱལ་ས་པེ་རི་སིར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ། བོད་རང་བཙན་སླར་གསོའི་ཆེད་དུ། ངོ་རྒོལ་ལས་འགུལ་ཞིག་སྤེལ་འདུག ཐེངས་འདིའི་ལས་འགུལ་ནང་མི་གྲངས་༡༠༠༠ཙམ་མཉམ་ཞུགས་གནང་བའི་ཁྲོད་མང་ཆེ་བ་ནི་གཞོན་སྐྱེས་ཚོ་ཆགས་ཡོད་འདུག ངོ་རྒོལ་ལས་འགུལ་སྐབས། ཧྥ་རན་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འབྲེལ་མཐུད་པ་རིན་ཆེན་ལགས་ཀྱིས་གཏམ་བཤད་གནང་བའི་ནང་། The post ང་ཚོའི་རེ་བ་བྱེད་ས་དེ་རྒྱ་ནག་མ་རེད་ང་རང་ཚོ་རེད་ཅེས་གསུངས། appeared first on བོད་ཀྱི་བང་ཆེན།.
ཨ་མ་དང་། བོུ། ཚ་མོ་བཅས་གསུམ་གྱིས་བོད་ཀྱི་སྐད་ཡིག་ཆེད་གོམ་བགྲོད་ནང་མཉམ་ཞུཊ་གནང་པ།
ཨ་མ་དང་། བོུ། ཚ་མོ་བཅས་མི་རབས་གསུམ་གྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་གོམ་བགྲོད་ནང་སྐལ་བཟང་མཐར་ཕྱིན་ལགས་ཀྱི་ཀ་ཁ་ག་ངའི་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་གནང་སོང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་དེ་བཞིན་བོད་བསྟན་པ་ཆབ་སྲིད་ཀྱི་རྩ་བ་ངོ་མར་ཐུགས་ཀྱི་ཡོད་པ་དེ་ཉིད་གཅེས་འཛིན་དང་མི་ཉམས་རྒྱུད་འཛིན་བྱེད་པའི་སྐུལ་མ་གཏོང་ཆེད་སྐལ་བཟང་མཐར་ཕྱིན་ལགས་ཕྱི་ཟླ་ ༧ ཚེས་ ༡༥ ནས་འགོ་འཛུགས་ཀྱིས་རྡ་ས་ནས་ལ་དྭགས་དབར་ཞི་བའི་གོམ་བགྲོད་ཞིག་གནང་ཡོད་པ་དང་ཁོང་ལ་དྭགས་སུ་འབྱོར་རྗེས་ཕྱི་ཚེས་ ༡༤ ཉིན་ལ་དྭགས་ཉེ་མོ་ཡུལ་ནས་སླེ་ཕྱོགས་སུ་གོམ་བགྲོད་གནང་བའི་སྐབས་སུ་བོད་མི་དང་ལ་དྭགས་པ་ཁྱོན་མི་གྲངས་ ༡༠ ཙམ་གྱིས་མཉམ་ཞུགས་གནང་པའི་ཁྲོད་བོད་པའི་བུད་མེད་ཨ་མ་དང་བུ་མོ། ཡང་ཚ་མོ་བཅས་མི་རབས་གསུམ་གྱིས་མཉམ་བཞུགས་གནང་སོང་། དེ་ཡང་བོད་མི་སུ་ཞིག་ཕྱི་ལོ་ ༡༩༥༩ རྗེས་སུ་སྐྱེས་ཡོད་ན་འཐབ་རྩོད་པ་ཞིག་...
བོད་ནང་འཛུཊ་སྐྲུན་བསྟུད་མར་བྱེད་བཞིན་པ་ནི་རྒྱ་ནག་གི་དམག་དོན་ཁེ་ཕན་ཆེད་ཡིན་སྐོར་གསུངས།
རྒྱ་ནག་གིས་བོད་ནང་འཛུཊ་སྐྲུན་བསྟུད་མར་བྱེད་བཞིན་པ་ནི། དམག་དོན་ཁེ་ཕན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁར་ངོས་འཛིན་གནང་གི་འདུག བོད་དམག་ཁུལ་ཁང་གི་འབྱུང་བ་བརྗོད་པ་ཞེས་པའི་ཞིབ་འཇུག་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད། ཉམས་ཞིབ་པས་རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་བསྟུད་མར་བྱེད་བཞིན་པ་ནི། རྒྱ་ནག་རང་ཉིད་ཀྱི་དམག་དོན་ཁེ་ཕན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་གནོད་ཐེབས་སྲིད་པ་ངོས་འཛིན་གནང་གི་འདུག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བྱེ་གཞོང་ཚེ་དབང་རྡོ་རྗེ་ལགས་དང་ཕན་ཐོགས་ལགས། དེ་བཞིན་བློ་བཟང་བཀྲ་ཤིས་ལགས་གསུམ་ཐུན་མོང་གིས། བོད་དམག་ཁུལ་ཁང་གི་བྱུང་བ་བརྗོད་པ་ (A Historical Development of the Tibet Military District and China’s Military Infrastructure in Tibet) ཞེས། རྒྱ་ནག་གི་དམག་སྲིད་ཁྱབ་ཁོངས་ལས་བོད་དམག་ཁུལ་ཁང་གི་བྱུང་བ་...
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭཊ་དགོན་པ་ཡུལ་གྱི་སྟོན་པའི་སྐུ་ལ་རབ་གནས་མཛད་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༨ ཚེས་ ༡༦ ཉིན་ལ་དྭགས་དགོན་པ་ཡུལ་གྱི་གནས་གསེར་ཁང་དུ་བཞུགས་པའི་སྟོན་པའི་སྐུ་ལ་རབ་གནས་བསྩལ་གནང་སོང་། སྟོན་པའི་སྐུ་དེ་བཞིན་བཞུགས་སའི་ས་ཆ་དེ་ཉིད་སྔོན་མ་ལོ་རྒྱུས་ནང་ལོ་རྩ་བ་རིན་ཆེན་བཟང་པོ་ཕེབས་ས་ཞིག་ཡིན་པ་དང་དེར་མཆོད་རྟེན་རྙིང་པ་མང་པོ་ཡོད་པའི་གནས་ས་རྩ་ཆེན་ཞིག་ཡིན་པ་དང་། ཡུལ་དེ་ཉིད་དགོན་པའི་དབྱིབས་གཟུགས་སུ་འདྲ་བར་ཡོད་པས་དགོན་པ་ཞེས་འབོད་ཀྱི་ཡོད་པ་དགེ་བཤེས་བློ་བཟང་ལྷུན་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཡང་སྟོན་པའི་སྐུ་དེའི་གཟུངས་འཇུག་གཙོ་བོར་ཨིནཆ་བཅུ་ཅན་གྱི་སྟོན་པའི་སྐུ་ཞིག་དང་བྱིན་རྟེན། ཡང་ཚ་ཚ་མང་པོ་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱག་བཟང་པོ་ནས་བསྩལ་ཡིན་པ་དེ་བཞུགས་ཡོད་པ་དགེ་བཤེས་ལགས་ཀྱིས་ངོ་སྤྲོད་གནང་བྱུང་། དགོན་པ་ཡུལ་ན...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོན་པ་གྲོང་སྡེའི་སྟོན་པའི་སྐུ་བརྙན་ཆེན་མོར་གནས་གཟིགས་དང་རབ་གནས་མཛད་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༡༦ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་དམག་སྡེ་ (ITBF) ཡི་སྤྱི་ཁང་གསར་པ་དབུ་འབྱེད་བྱིན་རླབས་དང་། གླེ་ཡི་དགོན་པ་གྲོང་སྡེའི་སྟོན་པའི་སྐུ་བརྙན་ཆེན་མོར་གནས་གཟིགས་དང་རབ་གནས་མཛད་ཡོད་པ་རེད།དེ་ཡང་གོང་ཚེས་གྱི་སྔ་དྲོ་ཆུ་ཚོད་ ༧།༡༥ ཙམ་ལ་ཞི་བའི་ཚལ་ཕོ་བྲང་ནས་གླེའི་དགོན་པ་གྲོང་སྡེར་ཆིབས་བསྒྱུར་སྐབས་ཕེབས་ལམ་གཡས་གཡོན་དུ་བསོད་གླིང་བོད་མིའི་གཞིས་ཆགས་ཀྱི་མི་མང་དང་། ལ་དྭགས་ཡུལ་མི་སོགས་ཀྱིས་ཕེབས་བསུ་དང་འབྲེལ་ཆིབས་བསྒྱུར་བསྐྱངས་ཤིང་། ཕེབས་ལམ་དུ་འཁེལ་བའི་གླེ་གྲོང་ཁྱེར་དུ་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་དམག་སྡེ་ (ITBF) ཡི་སྤྱི་ཁང་གསར་པ་དབུ་འབྱེད་བྱིན་རླབས་གནང་།དེ་ནས་གླེ་ཡི་དགོན་པ་གྲོང་ཚོའི་ཐུབ་དབང་སྐུ་བརྙན་ཆེན་མོའི་ཉེ་ཁུལ་དུ་༸ཞབས་སོར་འཁོད་མཚམས་དགོན་པ་གྲོང་ཚོའི་དབུ་སྐྱོང་དང་། སེར་སྐྱ་མི་མང་། སློབ་ཕྲུག་སོགས་ཀྱིས་ཕེབས་བསུ་གནང་ཞིང་། ཐོག་མར་མགོན་པོ་གང་ཉིད་མཆོག་གིས་ཐུབ་དབང་སྐུ་བརྙན་ཆེན་མོར་ཁྲིའུ་འཁོར་ (wheel chair) ཐོག་ནས་སྐོར་བ་མཛད་པ། སྐུ་བརྙན་མདུན་དུ་ཐུགས་སྨོན་དང་འབྲེལ་རབ་གནས་གསོལ་འདེབས་མདོར་བསྡུས། མར་མེའི་མཆོད་པ་ཕུལ་རྗེས་སྐུ་བརྙན་རྒྱབ་ཀྱི་མཆོད་རྟེན་ཐང་ཞེས་པར་ཆིབས་བསྒྱུར་གྱིས་རབ་གནས་སྨོན་ལམ་ལ་དབུ་བཞུགས་མཛད་ཡོད།སྐབས་དེར་མགོན་པོ་མཆོག་བཞུགས་ཁྲིར་འཁོད་མཚམས་དགོན་པ་གྲོང་སྡེའི་འབྲེལ་ཡོད་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཕེབས་བསུའི་གསུང་བཤད་དང་འབྲེལ་གསོལ་ཇ་འབྲས་བསིལ་ཕེབས། དེ་རྗེས་མཆོད་འབུལ་དབུ་འཛུགས་ཀྱིས་རྒྱུན་ཆགས་གསུམ་པ་དང་རྟེན་འབྲེལ་བསྟོད་པ། སྐྱབས་སེམས། ཁྲུས་གསོལ། བཟང་སྤྱོད་ཡན་ལག་བདུན་པ། བོད་སྐྱོང་ལྷ་སྲུང་གི་འཕྲིན་བསྐུལ། རབ་གནས་མདོར་བསྡུས། མཆོག་གསུམ་ཤིས་བརྗོད་བཅས་གསུང་འདོན་གནང་གྲུབ་མཚམས་དགོན་པ་གྲོང་སྡེའི་སྐུ་ཚབ་ནས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་རྗེས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད། །
མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།
ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ། ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཟེར་པའི་རྒྱལ་སྤྱིའི་སྒྲིག་འཛུགས་འདིའི་ངོ་བོ་དང་དམིགས་བཀར་གྱི་འོས་འགན་གང་ཡིན་དང་། ལས་ཁུངས་གཙོ་བོ་གང་དག་ཡིན་མིན་ཐད་གོ་རྟོགས་རགས་རིམ་ཙམ་སེམས་ནང་ཡོད་དགོས། དང་པོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱུང་རབས་མདོར་ཙམ་ངོ་སྤྲོད་ཞུས་ན། ཕྱི་ལོ་ ༡༩༤༥ ཟླ་ ༦ ཚེས་ ༢༦ ཉིན་ཨ་རིའི་ནུབ་ཕྱོགས་སུ་ཆགས་པའི་གྲོང་ཁྱེར་སན་ཧྥི་རན་སེའུ་ཁོར་དུ། མཉམ་འབྲེལ་རྒྱལ་ཚོགས་ཐོག་མ་དབུ་བརྙེས་མཁན་གྱི་རྒྱལ་ཁབ་ལྔ་བཅུ་ང་གཅིག་གི་ངོས་ནས་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་(UN Charter) ལ་མཚན་རྟགས་བཀོད་ཟིན་པའི་སྒོ་ནས་རྒྱལ་སྤྱིའི་ཁྲིམས་ཡིག་དེ་དང་ཐོག་གཏན་འབེབས་བྱུང་། ཕྱི་ལོ་ ༡༩༤༥ ཟླ་ ༡༠ ཚེས་ ༢༤ ཉིན་ནས་བཟུང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དངོས་སུ་ལག་བསྟར་བྱ་འགོ་བཙུགས་ཡོད། རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཀྱི་གྲངས་འབོར་རིམ་བཞིན་འཕེལ་ནས་ད་ལྟའི་ཆར་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་གྲངས་ ༡༩༣ ཡོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་འདི་ཚོགས་མིའི་རྒྱལ་ཁབ་ཁྲོད་ཕན་ཚུན་བསམ་ཚུལ་དང་ལྟ་ཚུལ་བརྗེ་ལེན་བྱ་སའི་གླེང་སྟེགས་སམ་བགྲོ་གླེང་གི་སྡིངས་ཆ་ཆེ་ཤོས་དེ་ཆགས་ཡོད། དཔེར་ན་ལོ་ལྟར་ཕྱི་ཟླ་ ༩ ནང་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ཚང་འཛོམས་ཚོགས་ཆེན་ལྟ་བུ་དང་། ཡང་ན་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ལྟ་བུ། རྒྱལ་ཚོགས་ཀྱི་ཚང་འཛོམས་ཚོགས་ཆེན་སྐབས་སུ་ཚོགས་ཞུགས་རྒྱལ་ཁབ་ཚོའི་ངོས་ནས་ཚོགས་འདུ་ཆེ་མ་ཆུང་གསུམ་གྱི་གླེང་གཞི་གནད་དོན་གང་ཡིན་ཐོག་སྐབས་བབ་ཀྱི་སོ་སོའི་ལྟ་ཚུལ་གང་ཡིན་གསུང་ཆོག་པ་མ་ཟད་བགྲོ་གླེང་ཡང་ལྷུག་པོར་བྱ་ཆོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་དང་གཉིས་པ་གཉིས་ཀྱི་ནང་མཉམ་འབྲེལ་རྒྱལ་ཚོགས་ཐོག་མར་འཛུགས་དོན་གྱི་དགོས་དོན་དང་རྩ་དོན་གཙོ་བོ་ཁག་ཅིག་བཀོད་ཡོད། འཛམ་གླིང་ནང་ཞི་བདེ་དང་བདེ་འཇགས་རྒྱུན་སྲིང་བྱ་དགོས། གོ་མཚོན་བེད་སྤྱོད་ཀྱིས་འཁྲུག་རྩོད་རིགས་བཀག་འགོག་བྱ་དགོས། བདག་དབང་འདྲ་མཉམ། རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཚོས་ཕན་ཚུན་སོ་སོའི་བདག་དབང་འདྲ་མཚུངས་ཀྱིས་བརྩི་བཀུར་བྱ་དགོས། སྤྱིའི་ཆ་ནས་དམག་དཔུང་བེད་སྤྱོད་བཀག་སྡོམ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཐག་གཅོད་དམ་ཡང་ན་ཁྲིམས་མཐུན་བདག་སྲུང་གི་སྐབས་སུ་མ་གཏོགས་གཞན་གང་བྱུང་དྲག་པོའི་དམག་དཔུང་བེད་སྤྱོད་ལ་ངོས་ལེན་མི་བྱེད། དབྱེ་འབྱེད་མེད་པའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་ཁག་ཁྱབ་སྤེལ་དང་བརྩི་སྲུང་བྱ་དགོས། མཉམ་སྦྲེལ།...
བོད་མི་ཚོས་རྒྱ་གར་གྱི་རང་བཙན་དུས་ཆེན་ ༨༠ པ་སྲུང་བརྩི་ཞུས་པ།
རྒྱ་གར་ལ་རང་བཙན་ཐོབ་ཚུལ་དེས་བོད་ལ་རེ་བ་བཅང་སའི་གཞིར་གྱུར་ཡོད་པ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུང་གི་འདུག་ལ། བཙན་བྱོལ་བོད་མི་ཁག་ཅིག་གིས་རྒྱ་གར་ནི་བོད་དོན་འཐབ་རྩོད་ཙམ་མ་ཟད་བོད་མི་སྒེར་གྱི་མི་ཚེ་ལའང་བཀའ་དྲིན་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་གི་འདུག རྒྱ་གར་ལ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྟེ་ལོ་ངོ་ ༨༠ འཁོར་བའི་དུས་དྲན་སྲུང་བརྩིའི་གཞུང་འབྲེལ་མཛད་སྒོ་ཞིག་བོད་མིའི་སྒྲིག་འཛུགས་རྟེན་གཞི་བྱེད་སའི་གངས་ཅན་སྐྱིད་གཤོངས་སུ་འཚོགས་སོང་བ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་གཞུང་དམངས་གཉིས་ང་ཚོར་བཀའ་དྲིན་ཆེན་པོ་ཞེ་དྲགས་ཡིན་ཞིང་། རྒྱ་གར་གྱི་རང་བཙན་ཐོབ་པའི་ཉིན་མོ་དེས་བོད་མི་རྣམས་ལ་རང་བཙན་མེད་པ་དང་བོད་པ་ཚོར་ཡང་རང་བཙན་འདོད་པའི་རྣམ་པ་ཞིག་མཚོན་གྱི་ཡོད་པས། རྒྱ་གར་ནང་མི་རབས་མང་པོས...
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་།
དེ་རིང་གངས་ཅན་སྐྱིད་གཤོངས་ཀྱི་སྲི་བཟློག་མཆོད་རྟེན་གྱི་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུའི་ལས་བྱེད་ཡོངས་ལྷན་འཛོམས་ཐོག་རྒྱ་གར་གྱི་རང་བཙན་ཐོབ་པའི་དུས་དྲན་ཐེངས་ ༨༠ པ་གཞུང་འབྲེལ་སྲུང་གཙི་གནང་སོང་། སྐབས་དེར་སྲིད་སྐྱོང་སྤེན་་པ་ཚེ་རིང་མཆོག་གིས། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ལས་བྱེད་ཚང་མ་འཛོམས་ནས་གངས་སྐྱིད་མདུན་ཐང་དུ་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་དང་རྒྱལ་གླུ་གྱེར་འདོན། མངར་ཟས་བཀྲམ་པ་སོགས་བྱེད་ཀྱི་ཡོད། དེ་རིང་གི་ཉིན་མོ་འདི་བརྒྱུད་ནས་ང་ཚོ་བོད་མི་ཚོར་རང་དབང་དང་རང་བཙན་མེད་པའི་རྣམ་པ་མཚོན་པ་དང་རང་དབང་རང་བཙན་དགོས་ཀྱི་ཡོད་པའི་འདོད་པ་རང་བཞིན་གྱིས་མཚོན་ཡོད། ད་ལྟ་ང་ཚོ་བོད་མི་རྣམས་རྒྱ་ནག་དམར་གཞུང་འོག་མྱངས་བསྡད་ཡོད་པའི་གནས་སྟངས་འདིའི་ཁྲོད། རྒྱ་གར་རང་བཙན་ཐོབ་ཡོད་པ་འདི་ནི་ང་ཚོ་བོད་ལ་འདི་འདྲ་བའི་གནས་སྟངས་ཤིག་ཡོང་ཐུབ་པའི་རེ་བ་བཅིང་སའི་གཞི་ཞིག་ཆགས་ཡོད། ད་ལྟ་རྒྱ་ནག་གི་བཙན་འཛུལ་འོག་ང་ཚོར་རང་དབང་མེད་པའི་གནས་སྟངས་ཤེས་བཞིན་ཡོད་མོད། རྒྱ་གར་གྱི་རང་བཙན་འཐབ་རྩོད་ཆེད་མི་རབས་མང་པོས་བློས་གཏོང་དང་དཀའ་ལས་བརྒྱབ་སྟེ་ལོ་ངོ་ཉིས་བརྒྱ་ལྷག་ཕྱིན་པ་རེད། ང་ཚོ་བོད་པའི་སྤྱི་ཚོགས་ནང་དུའང་བློས་གཏོང་ཡོང་དང་ཡོང་བཞིན་པ་རེད། ཉེ་བའི་ཆར་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད། འཕྲལ་སེལ་གྱི་གྲུབ་འབྲས་འབྱུང་མིན་ལ་མ་ལྟོས་པར་ཕུགས་རྒྱང་རིང་བའི་ལོ་རྒྱུས་དེབ་ཐེར་ནང་ལྷག་གི་ཡོད་པའི་ཁར། ནུས་པ་འཐོན་པ་ཞིག་རང་བཞིན་གྱིས་ཆགས་ཡོང་གི་རེད། རྒྱ་གར་གྱིས་ད་ལྟ་རང་དབང་ཡོད་པ་དེ་སྲུང་སྐྱོབ་བྱེད་དགོས་པ་དང་རང་དབང་ཡོད་པ་ནང་བཞིན་གྱིས་བེད་སྤྱོད་གཏོང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། ང་ཚོ་བོད་མིར་རང་དབང་མེད་པ་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་། རྒྱ་གར་མི་མང་ལ་ཁྱེད་རང་ཚོར་རང་དབང་ཡོད་པ་དེ་མུ་མཐུད་ཡག་པོ་བྱས་ནས་ལོངས་སུ་སྤྱོད་རོགས་ཞུ་རྒྱུ་ཡིན། ང་ཚོས་ད་དུང་ཡིན་ཡང་འཐབ་རྩོད་བྱས་བསྡད་ཡོད་པས་དེ་ལ་རྒྱབ་སྐྱོར་གནང་རོགས་ཞུ། ཞེས་གསུངས་སོང་། བོད་ནང་རང་དབང་རང་བཙན་མེད་པའི་དཀའ་ངལ་མུ་མཐུད་འཕྲད་ཀྱིན་ཡོད་སྟབས་རྒྱ་ནག་གཞུང་ལ་བརྡ་ལན་ག་རེ་ཡོད་མེད་དྲིས་པར་སྲིད་སྐྱོང་མཆོག་གིས། ད་ལྟའི་རྒྱ་ནག་གཞུང་གི་བྱེད་སྟངས་ལ་བལྟས་བསྡད་ན། མི་རིགས་ཚང་མའི་ངོ་བོ་རྩ་མེད་གཏོང་བའི་སྲིད་ཇུས་མ་གཏོགས་འགྲེལ་བཤད་རྒྱག་ས་མེད་པའི་བཟོ་འདུག ཁོ་ཚོའི་བསམ་བློའི་ནང་༧རྒྱལ་བ་རིན་པོ་ཆེ་མ་བཞུགས་ཚེ། རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་རང་བཞིན་གྱིས་བརླག་འགྲོ་བ་དང་བོད་ནང་ར་ཀོག་བཞིན་བསྡམས་ཐུབ་ཀྱི་ཡོད་བསམས་ནས་ད་ལྟ་ཡིན་ཡང་ཡིད་ཆེས་བྱས་ནས་འགྲོ་བཞིན་ཡོད། རྒྱ་ནག་གཞུང་གིས་ཇི་ཙམ་དྲག་གནོན་བྱས་ན་དེ་ཙམ་གྱིས་མི་མང་གི་སེམས་ཁམས་ལ་རྨ་ཁ་བཟོ་ཡི་ཡོད། དེ་ནི་སྐད་ཅིག་ཙམ་ལ་ཡལ་མི་སྲིད། འཇམ་པོ་དང་བྱམས་དང་བརྩེ་བའི་ཐོག་ནས་༧རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་ནང་བཞིན་བྱས་པ་ཡིན་ན། དཀའ་ངལ་ག་འདྲ་ཞིག་ཡིན་ཡང་སྤྱི་ཚོགས་རྒྱུན་གནས་ཐུབ་ཀྱི་ཡོད། ད་ལྟའི་བྱེད་སྟངས་ནི་བཙན་བཀའ་དང་དབང་ཡོད་བྱས་ནས་འགྲོ་བཞིན་ཡོད། ད་ལྟའི་ཆར་མི་མང་ལ་དྲག་པོའི་གདོང་ལེན་བྱེད་པའི་གནས་བབ་མིན་འདུག་བསམས་ནས་ར་ཀོག་བཞིན་མར་མནན་བསྡད་པ་ཡིན་ན། ལོ་ནས་ལོ་བསྟུད་པའི་འཛམ་གླིང་རྒྱལ་ཁབ་མང་པོ་ནས་དཔེ་ལེན་ས་ཡོད། གལ་སྲིད་མི་མང་དེ་སོ་སོའི་མིར་བརྩི་ཡི་ཡོད་ཚེ། དེར་བདག་པོ་ཚད་ལྡན་རྒྱག་རྒྱུ་གལ་ཆེན་པོ་རེད། རྒྱལ་ཁབ་ཅིག་ལ་རིག་གཞུང་སྣ་ཚོགས་ཡོང་གི་ཡོད་པས། ང་ཚོས་ང་ཚོར་དཔལ་ཡོན་དང་ལོ་རྒྱུས། སྐད་ཡིག ཆོས་དང་རིག་གཞུང་སོགས་འཛམ་གླིང་ནང་གཞན་དང་མི་འདྲ་བ་ཡོད་པས། ང་ཚོ་རྒྱ་ནག་གི་ཆ་ཤས་མིན་ཟེར་གྱི་ཡོད།...





















